དབུ་ཤོག>སྲིད་དོན།>སྲིད་ཇུས་གསལ་འགྲེལ།
  • པད་མ་རྣམ་རྒྱལ་གྱིས་འབྲས་སྤུངས་དགོན་དང་སེ་ར་དགོན་དུ་ལས་དོན་ལ་བརྟག་ཞིབ་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།   |     སྤེལ་དུས།  2015-05-09

        ཟླ་11ཚེས་9ཉིན་གྱི་སྔ་དྲོ་རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ལྗོངས་སྤྱི་ཚོགས་ཚན་རིག་ཁང་གི་ཡོའན་ཀྲང་པད་མ་རྣམ་རྒྱལ་དང་བཅས་པ་སྔ་རྗེས་སུ་འབྲས་སྤུངས་དགོན་དང་སེ་ར་དགོན་དུ་ལས་དོན་ལ་བརྟག་ཞིབ་གནང་བར་ཕེབས་པ་མ་ཟད། བཞུགས་མོལ་ཡང་གནང་ནས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་རྒྱལ་ཁའི་ངང་འཚོགས་པར་རྒྱ་ཆེའི་གྲྭ་པ་ཚོས་རང་ཉིད་ཀྱི་བསམ་ཚུལ་བརྗོད་པ་སོགས་ཀྱི་གནས་ཚུལ་ནན་ཏན་ངང་གསན་པ་རེད།

        པད་མ་རྣམ་རྒྱལ་གྱིས་འབྲས་སྤུངས་དགོན་དང་སེ་ར་དགོན་པའི་དགོན་སྡེ་དོ་དམ་ཨུ་ལྷན་དང་དགོན་སྡེར་བཅའ་སྡོད་ལས་བྱེད་པ་ཚོས་ཚོགས་ཆེན་བཅོ་བརྒྱད་པའི་དགོངས་དོན་སློབ་སྦྱོང་ནན་ཏན་དང་གོ་བ་གཏིང་ཟབ་ལེན་དགོས་པ་དང་དགོན་སྡེའི་གྲྭ་པར་ཐུགས་ཁུར་དང་གཅེས་སེམས་བཅངས་ནས་ཁོང་ཚོར་རྒྱལ་གཅེས་ཆོས་གཅེས་བྱེད་དགོས་པའི་སློབ་གསོ་གཏོང་དགོས། རྒྱ་ཆེའི་གྲྭ་པ་སྣེ་ཁྲིད་ཧུར་ཐག་བྱས་ཏེ་ཏང་གི་འགོ་ཁྲིད་ལ་བརྩི་བཀུར་གྱིས་མི་རིགས་མཐུན་སྒྲིལ་ལ་སྲུང་སྐྱོང་དང་སྤྱི་ཚོགས་བརྟན་ལྷིང་དང་མེས་རྒྱལ་གཅིག་གྱུར་གྱི་འགན་འཁྲི་འཁུར་སེམས་སྔར་བས་ཆེ་རུ་བཏང་ནས་བོད་བརྒྱུད་ནང་བསྟན་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་ཕན་ཚུན་འཚམ་ཐུབ་པའི་ཁྲིད་སྟོན་བྱས་ཏེ་དགོན་སྡེའི་ལས་དོན་གྱི་རྣམ་པ་གསར་པ་ཧུར་ཐག་བཏོད་ཐོག་བོད་ཀྱི་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་དང་ཡུན་རིང་བདེ་འཁོད་ལ་སྐུལ་མ་གཏོང་ཆེད་ལེགས་སྐྱེས་ཧུར་ཐག་འབུལ་དགོས་པའི་ཐུགས་རེ་གནང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།