དབུ་ཤོག>སྲིད་དོན།>སྲིད་ཇུས་གསལ་འགྲེལ།
  • ཝུའུ་དབྱིང་ཅེས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་རིང་གི་བོད་རང་སྐྱོང་ལྗོངས་ཀྱི་བརྟན་ལྷིང་སྲུང་སྐྱོང་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་ཚོགས་འདུ་གཙོ་སྐྱོང་གནང་ནས་འཚོགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།   |     སྤེལ་དུས།  2015-05-09

        ཟླ་11 ཚེས་5ཉིན་གྱི་སྔ་དྲོ་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཝུའུ་དབྱིང་ཅེས་ལྷ་སར་ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་རིང་གི་རང་སྐྱོང་ལྗོངས་ཀྱི་བརྟན་ལྷིང་སྲུང་སྐྱོང་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་ཚོགས་འདུ་གཙོ་སྐྱོང་གནང་ནས་འཚོགས་ཏེ་རང་ལྗོངས་ཀྱི་ཉེ་དུས་ཀྱི་བརྟན་ལྷིང་སྲུང་སྐྱོང་ལས་དོན་གྱི་སྙན་ཞུ་གསན་པ་དང་སྦྲགས་འབྲེལ་ཡོད་ལས་དོན་ཡག་པོ་སྒྲུབ་རྒྱུའི་སྐོར་ལ་བཀོད་སྒྲིག་ཀྱང་གནང་བ་རེད།

        ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་སྲིད་ཁྲིམས་ཨུ་ལྷན་གྱི་ཧྲུའུ་ཅི་ཏེང་ཞའོ་ཀང་དང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དྲིལ་བསྒྲགས་པུའི་པུའུ་ཀྲང་ཏུང་ཡུན་ཧུའུ་ཚོགས་འདུར་ཞུགས་ཡོད་པ་རེད།

        འབྲེལ་ཡོད་ཕྱོགས་ཀྱི་སྙན་ཞུ་གསན་རྗེས་ཝུའུ་དབྱིང་ཅེས་ཟླ་10ཚེས་16ཉིན་ལྗོངས་ཡོངས་ཀྱི་སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་ལས་དོན་གྱི་བཪྙན་འཕྲིན་ཁ་པར་ཚོགས་འདུ་འཚོགས་ཚུན་ལྗོངས་ཡོངས་ཀྱི་གོང་འོག་ཚང་མས་ཧྲུའུ་ཅི་ཁྲེན་ཆོན་གོས་ནན་བཤད་གནང་བའི “ངོས་འཛིན་མཐོར་གཏོང་དང་། བྱེད་ཐབས་དོན་འཁྱོལ། འགག་རྩར་དམ་འཛིན། འགན་འཁྲི་ཆེར་གཏོང ”བཅས་ཀྱི་བླང་བྱར་ནན་པོ་གཞིགས་ཏེ་རིམ་པ་བཞིན་སྐུལ་སློང་དང་བྱ་སྤྱོད་མྱུར་དུ་སྤེལ་ནས་ལས་དོན་ཁག་གི་བཀོད་སྒྲིག་ཁྱོན་ཡོངས་ནས་དོན་འཁྱོལ་བྱས་པ་དང་། ལས་རེས་སྒྲུབ་མཁན་དཔུང་སྡེ་དང་། སྲིད་ཁྲིམས་ལས་ཁུངས། འཐབ་ཕྱོགས་གཅིག་གྱུར་དང་མི་རིགས་ཆོས་ལུགས་སྡེ་ཚན། གྲོང་ཚོ་དང་དགོན་སྡེར་བཅའ་སྡོད་ལས་བྱེད་པ་ཚང་མ་ལས་གནས་ཐོག་སྐྱོད་པ་དང་གྲ་སྒྲིག་ཨང་བསར་གྱིས་ཚོགས་ཆེན་བཅོ་བརྒྱད་པའི་བརྟན་ལྷིང་སྲུང་སྐྱོང་དང་བདེ་འཇགས་འགན་ལེན་གྱི་འགག་སྒྲོལ་དམག་འཐབ་ལ་རྒྱལ་ཁ་མཐའ་གཅིག་ཏུ་ལེན་ཆེད་རྨང་གཞི་བརྟན་པོ་ཞིག་བཏིང་ཡོད། མིག་སྔར་རང་ལྗོངས་འདི་ཉིད་ཚོགས་ཆེན་བཅོ་བརྒྱད་པའི་བརྟན་ལྷིང་སྲུང་སྐྱོང་དང་བདེ་འཇགས་འགན་ལེན་གྱི་འགག་རྩའི་དུས་མཚམས་སུ་སླེབས་པ་དང་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་དུས་བབ་ཪྙོག་འཛིང་ཆེ་ལ་ཛ་དྲག་པོ་འཕྲད་ཡོད་པས་ལྗོངས་ཡོངས་ཀྱི་ས་ཁུལ་ཁག་དང་། སྡེ་ཚན་ཁག ཕྱོགས་ཁག་བཅས་ཀྱིས་ངེས་པར་དུ་རིག་པ་དྭངས་གསལ་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་བྱེད་པ་དང་ ཏང་དང་མི་དམངས་ལ་ཚད་མཐོའི་འགན་ཁུར་གྱི་བསམ་པའི་ཐོག་ནས་ཁྱོན་ཡོངས་ནས་སྐུལ་སློང་དང་། ལས་བཟོ་ཡོངས་རྫོགས་གྲ་སྒྲིག་ཨང་གསར། སྟོབས་ཤུགས་ཡོད་དགུ་རྩལ་སྤྲུགས་འདོན་པ་བཅས་ཀྱི་ཐོག་ནས་ལྗོངས་ཏང་ཨུད་ཀྱི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་མཐའ་གཅིག་ཏུ་བྱེད་པ་དང་ཏཱ་ལའི་ཁ་ཕྲལ་རིང་ལུགས་ཚོགས་པའི་ཟིང་སློང་དང་གཏོར་བཤིག་གི་ལྐོག་གཡོ་ཐལ་བའི་རྡུལ་དུ་རློག་རྒྱུ་དང་། སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་བྱ་རྒྱུ། རྒྱ་ཆེའི་མི་དམངས་མང་ཚོགས་ཀྱི་འཚོ་བ་དང་དུས་བདེ་ཞོད་འཇགས་འགན་ལེན་བྱ་རྒྱུ་བཅས་ནི་མིག་སྔའི་ཆབ་སྲིད་ཀྱི་འགན་འཁྲི་ཨང་དང་པོར་བརྩི་དགོས་པ་སྟེ། གཅིག་ནས་བསམ་བློ་གཅིག་གྱུར་དང་ངོས་འཛིན་མཐོ་རུ་གཏོང་དགོས་ཤིང་། ས་ཁུལ་ཁག་དང་སྡེ་ཚན་ཁག་གི་རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་ཚོས་བརྟན་ལྷིང་ནི་ཐམས་ཅད་ལས་ལྷག་པའི་བསམ་བློ་ཐོག་མཐའ་བར་གསུམ་དུ་བརྟན་པོར་འཛུགས་པ་དང་། ཆབ་སྲིད་ཀྱི་འདུ་ཤེས་དང་། སྤྱི་ཡོངས་ཀྱི་འདུ་ཤེས། བདེ་འཇགས་ཀྱི་འདུ་ཤེས། ཉེན་ཁའི་འདུ་ཤེས་བཅས་སྔར་བས་ཆེ་རུ་གཏོང་བའི་ཁར་འགྲན་སློང་བྱེད་ཕོད་པ་དང་འགན་འཁྲི་ཁུར་ཕོད་པ་བྱས་ནས་རྣམ་འགྱུར་བློ་ཐག་ཆོད་པོ་དང་། བྱེད་ཐབས་འཕྲལ་ཐག་ཆོད་པོ། ལས་དོན་ཞིབ་ཚགས་བཅས་ཀྱི་ཐོག་ནས “གནས་ཚུལ་ཆེ་འབྲིང་ཆུང་གསུམ་མི་ལྷག་པ་བྱེད་པའི ”དམིགས་ཚད་མངོན་གྱུར་ཡོང་བའི་འགན་ལེན་བྱེད་དགོས་པ་དང་། གཉིས་ནས་ཞིབ་ཕྲའི་ལས་དོན་བཀོད་སྒྲིག་བྱ་རྒྱུར་ཤུགས་སྣོན་རྒྱག་དགོས་ཤིང་། ང་ཚོས་ཡིད་ཆེས་ལྡབ་བརྒྱ་བྱེད་དགོས། གང་ལགས་ཤེ་ན་རྒྱ་ཆེའི་མི་དམངས་མང་ཚོགས་ནི་རང་རེའི་ལས་དོན་ཁག་ལ་རྒྱལ་ཁ་རྦད་དེ་ཐོབ་པའི་སྟོབས་ཤུགས་བརྟན་ཤོས་དང་ཆེ་ཤོས་དེ་ཡིན་པས་རེད། ང་ཚོས་རྒྱ་ཆེའི་མང་ཚོགས་ལ་བརྟེན་ནས་བདེ་འཇགས་ཞིབ་བཤེར་གྱི་བྱེད་ཐབས་དོན་འཁྱོལ་ཏན་ཏིག་བྱེད་པ་དང་། ཁྲིམས་ལྟར་ཁྲིམས་ལག་བསྟར་ནན་པོ་བྱེད་པ། ཞིབ་བཤེར་དང་ལྟ་སྐུལ་ལ་ཤུགས་སྣོན་རྒྱག་པ་བཅས་ཀྱི་ཐོག་ནས་བདེ་འཇགས་ཞིབ་བཤེར་ལས་དོན་དེ་གཟབ་ནན་ཞིབ་ཚགས་དང་ཚུལ་ལྡན་ཚད་ལྡན་ཞིག་ཐོག་མཐའ་བར་གསུམ་དུ་བྱེད་ཐུབ་པའི་འགན་ལེན་བྱེད་དགོས་པ། རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ཚོས་བདེ་འཇགས་ཞིབ་བཤེར་དང་ཐོ་འགོད་ཞིབ་བཤེར་གྱི་ལས་དོན་ཁག་ལ་རང་རྟོགས་ངང་རྒྱབ་སྐྱོར་དང་གཞོགས་འདེགས་བྱས་ནས་སྤྱི་པའི་བདེ་འཇགས་ཐུན་མོང་ཐོག་འགན་ལེན་བྱེད་དགོས་པ། གསུམ་ནས་བརྟན་ལྷིང་སྲུང་སྐྱོང་གི་ལས་དོན་ཁག་དོན་འཁྱོལ་བྱ་རྒྱུར་དམ་འཛིན་ལྷོད་མེད་བྱེད་དགོས་ཤིང་། ལྗོངས་ཡོངས་ཀྱི་ས་ཁུལ་ཁག་དང་། སྡེ་ཚན་ཁག ཕྱོགས་ཁག་བཅས་ཀྱིས་གྲོང་ཁྱེར་གྱི་དྲ་མིག་ཅན་གྱི་དོ་དམ་ལ་སྔར་བས་ཤུགས་སྣོན་བརྒྱབ་སྟེ་བགྲོད་ལམ་གཙོ་གནད་དང་ཪྙོག་འཛིང་ས་ཁོངས་ཀྱི་བདེ་འཇགས་ཞིབ་བཤེར་བྱེད་ཐབས་དོན་འཁྱོལ་བྱེད་པ་དང་། མིག་སྔའི་གླེང་མང་བ་དང་དཀའ་གནད་ཆེ་བའི་གནད་དོན་ཐག་གཅོད་ཡག་པོ་བྱེད་པ། གཙོ་གནད་ས་ཁུལ་དང་གཙོ་གནད་གནས་སུ་ཕྱོགས་ཡོངས་ཀྱི་སྔོན་འགོག་ཚོད་འཛིན་བྱེད་པ། མཉམ་སྒྲུབ་མཉམ་འགུལ་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱས་ནས་བརྟན་ལྷིང་སྲུང་སྐྱོང་བྱེད་ཐབས་ཁྱོན་ཡོངས་ལ་ཁྱབ་པ་བྱེད་པ་དང་། གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་དང་། དགོན་སྡེར་བཅའ་སྡོད་དོ་དམ་ཨུ་ཡོན་ལྷན་ཁང་། གཞི་རིམ་ཏང་རྩ་འཛུགས་བཅས་ཀྱིས་འཐབ་འཛིང་མཁར་རྫོང་གི་ནུས་པ་དང་ཏང་ཡོན་ལས་བྱེད་པའི་གདོང་ལེན་དཔེ་བཟང་གི་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ་དང་། མཉམ་འགོག་མཉམ་བཅོས་ཀྱི་ལམ་སྲོལ་སྔར་བས་འཐུས་སྒོ་ཚང་དུ་གཏོང་བ། “བརྟན་ལྷིང་སྲུང་སྐྱོང་བྱ་རྒྱུར་མི་ཚང་མར་འགན་འཁྲི་ཡོད་པའི ”བསམ་བློ་བརྟན་པོར་འཛུགས་པ། བརྟན་ལྷིང་སྲུང་སྐྱོང་གི་ལས་དོན་ཁྲོད་མི་དམངས་མང་ཚོགས་ཞུགས་རྒྱུར་སྐུལ་སློང་རྒྱ་ཁྱབ་བྱེད་པ་བཅས་བྱས་ནས་ཞིང་ཁུལ་འབྲོག་ཁུལ་དང་། གྲོང་ཁྱེར་དང་གྲོང་རྡལ་གྱི་སྡེ་ཁུལ། དགོན་སྡེ་ཁག་བཅས་ཞི་མཐུན་བརྟན་ལྷིང་ཡོང་བའི་འགན་ལེན་བྱེད་དགོས་པ། བཞི་ནས་འགན་འཁྲི་ཁག་དོན་འཁྱོལ་བྱས་ནས་རྩ་འཛུགས་ཀྱི་འགོ་ཁྲིད་ལ་ཤུགས་སྣོན་རྒྱག་དགོས་ཤིང་། ས་ཁུལ་ཁག་དང་སྡེ་ཚན་ཁག་གི་ལས་དོན་གྱི་འགན་གཙོ་བོ་འཁུར་མཁན་ཏང་སྲིད་འགན་ཁུར་བློ་མཐུན་གྱིས་ཆབ་སྲིད་ཀྱི་སྒྲིག་ཁྲིམས་ནན་པོར་སྲུང་བ་དང་། འགན་འཁྲི་ཨང་དང་པོ་ཏན་ཏིག་ངང་གཙང་མར་སྒྲུབ་པ། རིམ་པ་བཞིན་ལྟ་སྐུལ་དང་འགན་གཙང་ལེན་པའི་བརྟན་ལྷིང་སྲུང་སྐྱོང་ལས་དོན་གྱི་ལམ་སྲོལ་དོན་འཁྱོལ་ཡག་པོ་བྱེད་པ། མངོན་གསལ་དོད་པའི་གནད་དོན་དུས་ཐོག་ཏུ་མཐུན་སྦྱོར་དང་ཐག་གཅོད་བྱེད་པ། ལས་དོན་དོན་འཁྱོལ་བྱ་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱས་ནས་ཕྱོགས་གཅིག་དུས་བདེ་ཡོང་བ་དང་སྤྱི་ཡོངས་ཀྱི་བརྟན་ལྷིང་སྲུང་སྐྱོང་བྱ་རྒྱུའི་འགན་ལེན་བྱེད་དགོས་པ། ལྔ་ནས་ཚོགས་ཆེན་བཅོ་བརྒྱད་པར་བསུ་བ་ཞུ་བ་དང་། སློབ་སྦྱོང་བྱེད་པ། ལག་བསྟར་བྱེད་པ་བཅས་ཀྱི་དྲིལ་བསྒྲགས་ཀྱི་མཐོ་རླབས་ཤིག་འཕྱུར་བ་བྱེད་དགོས་ཤིང་། ས་ཁུལ་དང་གྲོང་ཁྱེར་ཁག་དང་སྡེ་ཚན་ཁག་གིས་ལས་བྱེད་པ་དང་མང་ཚོགས་ཚོས་ལྟ་འདོད་ཅིང་ཉན་སྤྲོ་བའི་རིག་རྩལ་བྱེད་སྒོ་ཧུར་ཐག་སྤེལ་བ་དང་ལས་བྱེད་པ་དང་། མང་ཚོགས། དགོན་སྡེའི་གྲྭ་བཙུན་བཅས་ཚོགས་ཆེན་བཅོ་བརྒྱད་པའི་གསར་འགྱུར་བལྟ་རྒྱུ་དང་ཉན་རྒྱུའི་སྒྲིག་འཛུགས་བྱས་ནས་དགའ་སྤྲོ་རབ་ཏུ་འཁོལ་བའི་རྣམ་པ་ཟབ་མོ་ཞིག་རྒྱ་ཁྱབ་ངང་གཏོད་དགོས་པ་བཅས་ཀྱི་མཛུབ་སྟོན་གནང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།