དབུ་ཤོག>སྲིད་དོན།>སྲིད་ཇུས་གསལ་འགྲེལ།
  • བདེ་སྐྱིད་ཀྱིས་འཕྲོད་བསྟེན་གཙོ་གནད་ལས་གྲྭ་འཛུགས་སྐྲུན་བྱ་ཚུལ་ལ་གཟིགས་ཞིབ་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།   |     སྤེལ་དུས།  2015-05-09

        ཟླ་11ཚེས་1ཉིན་གྱི་ཕྱི་དྲོ་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་བདེ་སྐྱིད་ཀྱིས་ལྗོངས་འཕེལ་སྒྱུར་ཨུ་ཡོན་ལྷན་ཁང་དང་། འཕྲོད་བསྟེན་ཐིང་། ལྗོངས་ནོར་སྲིད་ཐིང་སོགས་ཀྱི་འབྲེལ་ཡོད་སྡེ་ཚན་གྱི་འགན་འཁུར་བའི་ཕེབས་རོགས་འོག་རང་ལྗོངས་ཀྱི་འཕྲོད་བསྟེན་གཙོ་གནད་ལས་གྲྭ་འཛུགས་སྐྲུན་བྱ་ཚུལ་དང་དེ་བཞིན་བདེ་འཇགས་ཐོན་སྐྱེད་བྱ་ཚུལ་ལ་གཟིགས་ཞིབ་གནང་བ་མ་ཟད། ད་དུང་ཉེ་དུས་ཀྱི་སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་གི་ལས་དོན་ཡག་པོ་སྒྲུབ་དགོས་པའི་བླང་བྱའང་བཏོན་གནང་བ་རེད།

        བདེ་སྐྱིད་དང་བཅས་པས་རང་སྐྱོང་ལྗོངས་མི་དམངས་སྨན་ཁང་གསུམ་པ་དང་། རང་སྐྱོང་ལྗོངས་མི་དམངས་སྨན་ཁང་གཉིས་པ། ལྗོངས་སྨན་རྩིས་ཁང་བཅས་ཀྱི་གསར་སྐྲུན་རྒྱས་སྐྲུན་ལས་གྲྭ་འཛུགས་སྐྲུན་བྱ་ཡུལ་དུ་སྔ་རྗེས་སུ་ཕེབས་ནས་ལས་གྲྭ་ཁག་གི་འགན་འཁུར་བས་གནས་ཚུལ་ངོ་སྤྲོད་ཞུས་པ་གསན་པ་དང་འབྲེལ་ལས་གྲྭ་ཁག་འཛུགས་སྐྲུན་དང་། བདེ་འཇགས་ཐོན་སྐྱེད། མི་སྣ་དོ་དམ་སོགས་ཀྱི་གནས་ཚུལ་ཡང་ཤེས་རྟོགས་ཞིབ་ཕྲ་གནང་བ་རེད།

        བདེ་སྐྱིད་ཀྱིས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོག་ཉེར་ཡོད། ཉེ་དུས་རང་སྐྱོང་ལྗོངས་ཀྱིས་བརྟན་ལྷིང་སྲུང་སྐྱོང་ལས་དོན་གྱི་བཪྙན་འཕྲིན་ཁ་པར་ཚོགས་འདུ་འཚོགས་ཤིང་། འབྲེལ་ཡོད་སྡེ་ཚན་ཁག་གིས་ངེས་པར་དུ་དུས་བབ་གསལ་རྟོགས་དང་ངོས་འཛིན་མཐོར་གཏོང་བྱས་ཏེ་བརྟན་ལྷིང་སྲུང་སྐྱོང་ལས་དོན་གྱི་བྱེད་ཐབས་ཁག་སྔར་བས་འཐུས་སྒོ་ཚང་དུ་གཏོང་དགོས་པ་མ་ཟད། ད་དུང་ཁྱོན་ཡོངས་ཀྱི་འདུ་ཤེས་དང་བརྟན་ལྷིང་སྲུང་སྐྱོང་གི་འདུ་ཤེས་ཀྱང་ཆེ་རུ་གཏོང་དགོས་པའི་ནན་གསུངས་གནང་བ་རེད།

        ཤེས་རྟོགས་བྱུང་བར་གཞིགས་ན། མིག་སྔའི་བར་རང་སྐྱོང་ལྗོངས་མི་དམངས་སྨན་ཁང་གསུམ་པའི་འཛུགས་སྐྲུན་ལས་གྲྭ་དང་དེ་བཞིན་མ་འཇོག་ལས་དོན་ལ་ཆ་མཚོན་ན་97%ལེགས་གྲུབ་བྱུང་ཡོད་པ་དང་རང་སྐྱོང་ལྗོངས་སྨན་རྩིས་ཁང་གི་ཕྱོགས་བསྡུས་ཐོགས་ཁང་རྒྱས་སྐྲུན་དང་རྒྱལ་ཁབ་མི་རིགས་སྨན་དང་སྨན་བཅོས་ཀྱི་ནད་ཐོག་སྨན་བཅོས་ཞིབ་འཇུག་རྟེན་གཞི་འཛུགས་སྐྲུན་གྱི་རྣམ་གྲངས་འཕེལ་རྒྱས་བདེ་བླག་བྱུང་བ་དང་སྔོན་དཔག་བྱས་ན་2013ལོའི་ཟླ་བ་གསུམ་པར་ལས་མཇུག་འགྲིལ་རྒྱུ་རེད།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།