དབུ་ཤོག>སྲིད་དོན།>སྲིད་ཇུས་གསལ་འགྲེལ།
  • ནོར་བུ་དོན་གྲུབ་ཀྱིས་ཆབ་མདོའི་བརྟན་ལྷིང་སྲུང་སྐྱོང་གི་འཐབ་ཕྱོགས་དང་པོའི་ལས་དོན་པར་གཟིགས་པ་དང་འཚམས་འདྲི་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།   |     སྤེལ་དུས།  2015-05-09

        ཟླ་11ཚེས་1ཉིན་གྱི་སྔ་དྲོ་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་ཆབ་མདོ་ས་ཨུད་ཀྱི་ཧྲུའུ་ཅི་ནོར་བུ་དོན་གྲུབ་དང་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་སྐལ་བཟང་ཚེ་རིང་གིས་ཆབ་མདོ་ས་ཨུད་དང་སྲིད་འཛིན་ཀུང་ཧྲུའི་འགོ་ཁྲིད་དང་རང་སྐྱོང་ལྗོངས་བརྟན་ལྷིང་སྲུང་སྐྱོང་ལྟ་སྐུལ་མཛུབ་ཁྲིད་ཚོགས་ཆུང་གི་སྣེ་འཁྲིད་དེ་ཆབ་མདོ་ཡན་ལག་དམག་ཁུལ་དང་། དྲག་ཆས་ཉེན་རྟོག་ཆབ་མདོ་ཉིང་ལག་རུ་ཁག དྲག་ཆས་ཉེན་རྟོག་ཧྲི་114པ། དམངས་ཕན་ཉེན་རྟོག་ཞབས་ཞུའི་ས་ཚིགས་བཅས་སུ་ཕེབས་ནས་བརྟན་ལྷིང་སྲུང་སྐྱོང་གི་འཐབ་ཕྱོགས་དང་པོར་དཔའ་ངར་ཆེན་པོས་འབད་འཐབ་བྱེད་བཞིན་པའི་དཔུང་སྡེའི་དཔོན་དམག་དང་སྤྱི་བདེའི་ལས་བྱེད་ཉེན་རྟོག་པར་གཟིགས་པ་དང་འཚམས་འདྲི་གནང་བ་དང་ཚོགས་ཆེན་བཅོ་བརྒྱད་པའི་རིང་གི་བརྟན་ལྷིང་དང་བདེ་འཇགས་སྲུང་སྐྱོང་ལས་དོན་ལ་ཞིབ་བཤེར་དང་མཛུབ་ཁྲིད་གནང་བ་རེད། ནོར་བུ་དོན་གྲུབ་ཀྱིས་རིམ་ཁག་བརྟན་ལྷིང་སྲུང་སྐྱོང་སྟོབས་ཤུགས་ཀྱིས་ཚོགས་ཆེན་བཅོ་བརྒྱད་པའི་རིང་གི་ཆབ་མདོའི་ཞི་མཐུན་བརྟན་ལྷིང་འགན་ལེན་བྱ་རྒྱུ་དེ་ལས་འགན་ཨང་དང་པོར་བརྩིས་ནས་བསམ་བློ་གཅིག་གྱུར་དང་། དུས་བབ་གསལ་རྟོགས། མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ། འགན་འཁྲི་དོན་འཁྱོལ། བྱེད་ཐབས་ཤུགས་ཆེར་གཏོང་བ་བཅས་ཀྱི་ཐོག་ནས་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་བྱེད་ཕྱོགས་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་བྱེད་པ་དང་། ལྗོངས་ཏང་ཨུད་ཀྱི་བརྟན་ལྷིང་སྲུང་སྐྱོང་ལས་དོན་གྱི་བཀོད་སྒྲིག་དོན་འཁྱོལ་ནན་ཏན་བྱེད་པ། སྔོན་ལ་བྱ་སྤྱོད་ཡག་པོ་སྤེལ་བ་དང་རང་འགུལ་དམག་འཐབ་ཡག་པོ་རྒྱག་པ། ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་རང་འགུལ་དབང་ཆ་ཁོང་དུ་བརྟན་པོར་ཆུད་པ་བྱེད་པ། དགྲ་ཡའི་ཕྱོགས་གཏོགས་དང་ཏཱ་ལའི་རུ་ཚོགས་ཀྱི་ཐེ་ཇུས་དང་གཏོར་བཤིག་ལ་རྡུང་རྡེག་ནན་པོ་བཏང་ནས་ཐལ་བའི་རྡུལ་དུ་རློག་པ་བཅས་བྱས་ནས “གནད་དོན་ཆེ་འབྲིང་ཆུང་གསུམ་གང་ཡང་མི་ཐོན་པའི ”ཕུལ་བྱུང་གི་གྲུབ་འབྲས་ཐོག་ནས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་རྒྱལ་ཁའི་ངང་འཚོག་རྒྱུར་བསུ་བ་ཞུ་དགོས་པའི་བླང་བྱ་བཏོན་གནང་བ་རེད།

        སྐལ་བཟང་ཚེ་རིང་གིས་ལྗོངས་ཏང་ཨུད་ཀྱི་ཐབས་ཇུས་བཀོད་སྒྲིག་ལ་ནན་པོར་གཞིགས་ཏེ་བླ་ན་མེད་པའི་འགན་འཁྲི་སྒྲུབ་པ་དང་། བརྟན་ལྷིང་སྲུང་སྐྱོང་ནང་ཐོན་པའི་ཐོལ་བྱུང་གནས་ཚུལ་ཐག་གཅོད་ཀྱི་སྟོབས་ཤུགས་འཛུགས་སྐྱོང་བྱ་རྒྱུར་ཤུགས་སྣོན་རྒྱག་པ། དམངས་འཚོ་འགན་ལེན་དང་ལེགས་སུ་གཏོང་རྒྱུའི་ཁྲོད་ཀྱི་གསོན་ཤུགས་དམག་གི་ནུས་པ་འདོན་སྤེལ་ཡག་པོ་བྱེད་པ་བཅས་ཀྱི་ཐོག་ནས་ཞི་མཐུན་འབྱོར་ཕྱུག་གི་སྤྱི་ཚོགས་རིང་ལུགས་ཀྱི་ཆབ་མདོ་གསར་པ་འཛུགས་སྐྲུན་བྱ་ཆེད་སླར་ཡང་བྱས་རྗེས་གསར་པ་འཇོག་དགོས་པའི་ནན་བཤད་གནང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།