དབུ་ཤོག>སྲིད་དོན།>སྲིད་ཇུས་གསལ་འགྲེལ།
  • རྡོ་རྗེ་ཚེ་རིང་རང་སྐྱོང་ལྗོངས་དངུལ་རྩའི་སྣོད་བཅུད་ཁོར་ཡུག་འཛུགས་སྐྲུན་གྱི་ལས་དོན་ཚོགས་འདུར་ཞུགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།   |     སྤེལ་དུས།  2015-05-09

        བོད་ལྗོངས་ཉིན་རེའི་ཚགས་པར་ཁང་དུ་ལྷ་ས་ནས་གནས་ཚུལ་འབྱོར་གསལ། ཚེས་4ཉིན་གྱི་སྔ་དྲོ་རང་སྐྱོང་ལྗོངས་ཀྱིས་དངུལ་རྩའི་སྣོད་བཅུད་ཁོར་ཡུག་འཛུགས་སྐྲུན་གྱི་ལས་དོན་ཚོགས་འདུ་འཚོགས་ཏེ་ལྗོངས་ཡོངས་ཀྱི་དངུལ་རྩའི་སྣོད་བཅུད་ཁོར་ཡུག་བསྐྲུན་འགོ་ཚུགས་ཚུན་གྱི་ལས་ཀའི་འཕེལ་རིམ་ཕྱོགས་སྡོམ་བྱས་པ་དང་འབྲེལ་དུས་མཚམས་རྗེས་མའི་ལས་དོན་བཀོད་སྒྲིག་ཀྱང་བྱས་ཤིང་། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་རྡོ་རྗེ་ཚེ་རིང་ཚོགས་འདུར་ཞུགས་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད།

        རྡོ་རྗེ་ཚེ་རིང་གིས་ས་ཁུལ་(གྲོང་ཁྱེར )ཁག་དང་འབྲེལ་ཡོད་སྡེ་ཚན་ཁག་གིས་བསམ་བློ་གཅིག་གྱུར་དང་ངོས་འཛིན་མཐོ་རུ་བཏང་སྟེ་དངུལ་རྩའི་སྣོད་བཅུད་ཁོར་ཡུག་འཛུགས་སྐྲུན་གྱི་ཁ་ཚ་དགོས་གཏུག་གི་བསམ་པ་དང་འགན་འཁྲིའི་བསམ་པ་སྔར་བས་ཆེ་རུ་གཏོང་དགོས་པ་དང་། སྲིད་གཞུང་གིས་གཙོ་ཁྲིད་དུ་བྱས་ཏེ་དངུལ་རྩའི་སྣོད་བཅུད་མཐུན་སྦྱོར་ལམ་སྲོལ་འཐུས་ཚང་དུ་གཏོང་དགོས་པ། ཀྲུང་དབྱང་གིས་སྤྲད་པའི་བོད་ཀྱི་དམིགས་བསལ་གཟིགས་སྐྱོང་དངུལ་ལོར་སྲིད་ཇུས་མུ་མཐུད་ལག་བསྟར་དོན་འཁྱོལ་ཡག་པོ་བྱས་ཏེ་བོད་ཀྱི་དཔལ་འབྱོར་དེ་བས་ལེགས་པ་དང་། དེ་བས་མགྱོགས་པ། དེ་བས་ཆེ་བ་བཅས་ཀྱི་སྒོ་ནས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས་པ། དངུལ་རྩའི་སྒྱུར་བཅོས་ལ་སྐུལ་འདེད་ཧུར་ཐག་དང་དངུལ་རྩའི་ཉེན་ཁར་དོགས་ཟོན་བྱས་ཏེ་དཔལ་འབྱོར་དང་དངུལ་རྩ་མཐུན་སྦྱོར་ངང་འཕེལ་རྒྱས་ཡོང་བ་བྱེད་དགོས་པ། སྡེ་ཚན་མཉམ་འགུལ་བྱ་རྒྱུར་ཤུགས་སྣོན་བརྒྱབ་སྟེ་དངུལ་རྩའི་སྣོད་བཅུད་ཁོར་ཡུག་འཛུགས་སྐྲུན་གྱི་མཉམ་ཤུགས་ཆགས་པ་བྱེད་དགོས་པ། བོད་དུ་ཡོད་པའི་མི་དམངས་དངུལ་ཁང་གི་སྒྲིག་གཞིས་གསར་གཏོད་རང་བཞིན་གྱི་སྒོ་ནས་ལས་དོན་སྤེལ་ཏེ་མངའ་ཁོངས་ས་ཁུལ་གྱི་དངུལ་རྩའི་སྣོད་བཅུད་ཁོར་ཡུག་འཛུགས་སྐྲུན་ལ་སྐུལ་འདེད་ཏན་ཏིག་གཏོང་དགོས་པ་བཅས་དང་དུས་མཚུངས་དྲིལ་བསྒྲགས་ལ་ཤུགས་སྣོན་བརྒྱབ་སྟེ་སྤྱི་ཚོགས་ཧུར་ཐག་ཞུགས་པའི་དངུལ་རྩའི་སྣོད་བཅུད་ཁོར་ཡུག་འཛུགས་སྐྲུན་གྱི་ལས་ཀའི་ཆགས་སྟངས་ཧུར་ཐག་ཡོང་བ་བྱེད་པ་དང་། ཁ་དན་ཚིག་གནས་ཀྱི་བོད་ཀྱི་གཟུགས་བཪྙན་གསར་པ་གཏོད་པ། དཔལ་འབྱོར་དང་དངུལ་རྩ་མཐུན་སྦྱོར་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱས་ཏེ་བོད་ཀྱི་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་དང་ཡུན་རིང་བདེ་འཁོད་ཆེད་འབུལ་དགོས་པའི་ལེགས་སྐྱེས་ཕུལ་དགོས་ཞེས་ནན་གསུངས་གནང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།