དབུ་ཤོག>སྲིད་དོན།>སྲིད་ཇུས་གསལ་འགྲེལ།
  • ཀྲང་ཆིང་ལིས《ལྗོངས་ཡོངས་ཀྱི་གཞུང་ལམ་དོ་དམ་བདག་སྐྱོང་ལས་བཟོར་སྤྲིངས་པའི་ཡི་གེ》བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ།

  • ཡོང་ཁུངས།  བོད་ལྗོངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2015-05-09

        བོད་ལྗོངས་ཉིན་རེའི་ཚགས་པར་ཁང་དུ་ལྷ་ས་ནས་ཟླ་5ཚེས་3ཉིན་གནས་ཚུལ་འབྱོར་གསལ། ཉེ་ཆར་རང་སྐྱོང་ལྗོངས་འགྲིམ་འགྲུལ་སྐྱེལ་འདྲེན་ཐིང་གིས་བཪྙན་འཕྲིན་ཁ་པར་ཚོགས་འདུ་འཚོགས་ནས་ཟླ་4ཚེས་17ཉིན་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཀྲང་ཆིང་ལིས 《ལྗོངས་ཡོངས་ཀྱི་གཞུང་ལམ་དོ་དམ་བདག་སྐྱོང་ལས་བཟོར་སྤྲིངས་པའི་ཡི་གེའི 》དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་དང་འགྲིམ་འགྲུལ་སྐྱེལ་འདྲེན་ཁོངས་གཏོགས་ཀྱིས་ཧྲུའུ་ཅི་ཀྲང་ཆིང་ལིས 《ལྗོངས་ཡོངས་ཀྱི་གཞུང་ལམ་དོ་དམ་བདག་སྐྱོང་ལས་བཟོར་སྤྲིངས་པའི་ཡི་གེ 》སློབ་སྦྱོང་ལག་བསྟར་བྱ་རྒྱུའི་བྱེད་སྒོའི་ལས་དོན་བཀོད་སྒྲིག་བྱས་པ་རེད།

        རྒྱ་ཆེའི་ལས་བྱེད་པ་དང་ལས་བཟོ་ཚོས་ཧྲུའུ་ཅི་ཀྲང་ཆིང་ལིས 《ལྗོངས་ཡོངས་ཀྱི་གཞུང་ལམ་དོ་དམ་བདག་སྐྱོང་ལས་བཟོར་སྤྲིངས་པའི་ཡི་གེའི 》དགོངས་དོན་ངེས་པར་དུ་སློབ་སྦྱོང་དང་ལག་བསྟར་ཡག་པོ་བྱེད་དགོས། གཅིག་ནས་འཚམས་འདྲིའི་ཡི་གེའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱ་རྒྱུ་དེ་མིག་སྔའི་འགྲིམ་འགྲུལ་སྐྱེལ་འདྲེན་ལས་དོན་དམ་འཛིན་ཡག་པོ་བྱ་རྒྱུ་དང་ཟུང་འབྲེལ་བྱེད་པ་དང་། འཚམས་འདྲིའི་ཡི་གེའི་དགོངས་དོན་གྱིས་ཁྲིད་སྟོན་བྱ་རྒྱུ་མཐའ་འཁྱོངས་བྱེད་པ། “ལོ་ལྔ་ཚན་བཅུ་གཉིས་པའི ”ལས་དོན་ཁག་གི་འགོ་ཡག་པོ་འཛུགས་རྒྱུ་མངོན་འགྱུར་ཧུར་ཐག་ཡོང་བ་བྱ་རྒྱུ་དང་། གཉིས་ནས་འཚམས་འདྲིའི་ཡི་གེའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱ་རྒྱུ་དེ “ལོ་ལྔ་ཚན་བཅུ་གཉིས་པའི ”འཆར་འགོད་བཟོ་བ་དང་འཐུས་སྒོ་ཚང་དུ་གཏོང་རྒྱུ་དང་ཟུང་འབྲེལ་བྱེད་པ། བསམ་ཕྱོགས་སྔར་བས་གསལ་པོ་བཟོ་བ། འཕེལ་རྒྱས་ཀྱི་དམིགས་ཚད་དང་ལས་འགན་གསལ་པོ་བཟོ་རྒྱུ། གསུམ་ནས་འཚམས་འདྲིའི་ཡི་གེའི་དགོངས་དོན་དེ “སྔོན་གཏོད་ལེགས་བརྩོན ”དང་། གཞི་རིམ་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པའི་ལོ། སློབ་སྦྱོང་རྣམ་པའི་ཏང་རྩ་འཛུགས་འཛུགས་སྐྱོང་སོགས་ཀྱི་བྱེད་སྒོ་དང་ཟུང་འབྲེལ་བྱས་ནས་བྱེད་སྒོ་ཁག་ལ་ཕན་འབྲས་དངོས་ཐོན་པའི་འགན་ལེན་བྱས་ཐོག་ཕུལ་བྱུང་གྲུབ་འབྲས་ཀྱི་ཐོག་ནས་ཀྲུང་གོ་གུང་ཁྲན་ཏང་དབུ་བཪྙེས་ནས་ལོ་ངོ་90དང་བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་ 60 འཁོར་བར་བསུ་བ་ཞུ་རྒྱུ་ཡིན་ཞེས་བཤད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།