དབུ་ཤོག>སྲིད་དོན།>སྲིད་ཇུས་གསལ་འགྲེལ།
  • བོད་ལྗོངས་མི་དམངས་འཐུས་ཚོགས་ཀྱིས་ཆེད་དོན་འདྲི་རྩད་ཀྱི་རྣམ་པའི་ཐོག་ནས“སྲིད་གཞུང་གཅིག་དང་ཁང་གཉིས”ཀྱི་ལས་དོན་ལ་ལྟ་སྐུལ་ཐེངས་དང་པོ་བྱ་རྒྱུ་ཡིན་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།   |     སྤེལ་དུས།  2015-05-09

        བོད་ལྗོངས་ཉིན་རེའི་ཚགས་པར་ཁང་དུ་ལྷ་ས་ནས་གནས་ཚུལ་འབྱོར་གསལ། ཉེ་ཆར་འཚོགས་པའི་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ཨུད་ཀྱི་ཀྲུའུ་རེན་ཚོགས་འདུ་ཐེངས་ 99 ཡི་ཐོག་ནས་གསར་འགོད་པར་ཤེས་རྟོགས་བྱུང་བར་གཞིགས་ན། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ཨུད་ཀྱིས་ལྟེ་བར་དམིགས་པ་དང་ཁྱོན་ཡོངས་ལ་ཞབས་འདེགས་ཞུ་བའི་ལས་ཀའི་རྩ་དོན་ལྟར་ཟླ་བ་བདུན་པ་དང་ཟླ་བ་དགུ་པར་འཚོག་རྒྱུའི་མི་དམངས་འཐུས་ཚོགས་རྒྱུན་ཨུད་ཀྱི་ཚོགས་འདུའི་ཐོག་རང་ལྗོངས་ཀྱི་སྒྱུར་འཕེལ་བརྟན་གསུམ་ཐད་ཀྱི་གཙོ་གནད་དང་། གླེང་མང་བའི་གནད་དོན། དཀའ་གནད་བཅས་དང་ཟུང་འབྲེལ་དམ་ཟབ་ཀྱིས་ཆེད་དོན་འདྲི་རྩད་བྱས་ཏེ་ལྟ་སྐུལ་བྱ་ཤུགས་ཆེ་རུ་བཏང་ནས་ལེགས་བཅོས་ལས་དོན་ལ་སྐུལ་འདེད་གཏོང་རྒྱུར་དགེ་མཚན་ལྡན་པའི་ནུས་པ་ཐོན་པ་བྱ་རྒྱུ་དེ་ནི་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ཨུད་ཀྱིས་ཁྲིམས་གཏན་འཁེལ་བའི་ལྟ་སྐུལ་བྱ་ཐབས་ཡིན་པའི་འདྲི་རྩད་ཀྱི་རྣམ་པའི་ཐོག་ནས “སྲིད་གཞུང་གཅིག་དང་ཁང་གཉིས ”ཀྱི་ལས་དོན་ལ་ལྟ་སྐུལ་ཐེངས་དང་པོ་བྱ་རྒྱུ་ཡིན་པ་རེད།

        ཤེས་རྟོགས་བྱུང་བར་གཞིགས་ན། ཆེད་དོན་འདྲི་རྩད་བྱེད་པ་ནི་རིམ་ཁག་མི་དམངས་འཐུས་ཚོགས་རྒྱུན་ཨུད་ཀྱི་ཚོགས་འདུའི་འདྲི་ཞིབ་སྤུས་ཚད་མཐོར་གཏོང་དང་ལྟ་སྐུལ་ཕན་པ་ཆེར་གཏོང་གི་དགེ་མཚན་ལྡན་པའི་འཚོལ་ཞིབ་ཡིན་ཞིང་། རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ཨུད་དང་རྫོང་རིམ་པ་ཡན་གྱི་ས་གནས་རིམ་ཁག་མི་དམངས་འཐུས་ཚོགས་རྒྱུན་ཨུད་ཀྱིས་ལྟ་སྐུལ་བྱེད་དབང་ཁྲིམས་ལྟར་སྤྱོད་རྒྱུའི་འགན་ལེན་བྱས་ཏེ་སྤྱི་ཚོགས་རིང་ལུགས་ཀྱི་དམངས་གཙོ་གོང་འཕེལ་གཏོང་བ་དང་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་རྒྱུར་སྐུལ་འདེད་གཏོང་ཆེད 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རིམ་ཁག་མི་དམངས་འཐུས་ཚོགས་རྒྱུན་ཨུད་ཀྱི་ལྟ་སྐུལ་བཅའ་ཁྲིམས 》ནང་དོན་ཚན་ཆེད་མངགས་བཟོས་ནས་མི་དམངས་འཐུས་ཚོགས་ཀྱི “འདྲི་རྩད་དང་འདྲི་ཞིབ ”ཐད་གཏན་འབེབས་ཞིབ་ཕྲ་བྱས་ཡོད་པ་རེད། སྤྱིར་བཏང་གི་འདྲི་རྩད་དང་བསྡུར་ན་ཆེད་དོན་འདྲི་རྩད་དེས་མི་དམངས་མང་ཚོགས་ཀྱིས་ཡོངས་ཁྱབ་དོ་འཁུར་བྱེད་པའི་སྤྱི་ཚོགས་ཐོག་གི་གླེང་མང་བའི་གནད་དོན་དང་དཀའ་གནད་བདམས་ཀྱི་ཡོད་པ་དང་འབྲེལ་ཡོད་སྡེ་ཚན་གྱི་ཆེད་དོན་སྙན་ཞུ་ཉན་པ་མ་ཟད། རྒྱུན་ཨུད་ཀྱི་གྲུབ་ཆའི་མི་སྣས་བཏོན་པའི་གནད་དོན་ལ་དམིགས་ཏེ་འདྲི་རྩད་དང་ལེན་བྱེད་མཁན་ཚན་པའི་ལན་འདེབས་དགོས་ཀྱི་ཡོད་པས་མི་དམངས་འཐུས་ཚོགས་ཀྱིས་ལྟ་སྐུལ་བྱེད་པའི་དམིགས་སའི་རང་བཞིན་ཆེ་རུ་འགྲོ་གི་ཡོད་པར་བརྟེན་འབྲེལ་ཡོད་སྡེ་ཚན་གྱིས་ལས་དོན་ལེགས་བཅོས་བྱ་རྒྱུར་སྐུལ་འདེད་གཏོང་བར་ཕན་པ་ཡོད་པ་རེད། ཤེས་རྟོགས་བྱུང་བར་གཞིགས་ན། ན་ནིང་ནས་བཟུང་རྒྱལ་ཡོངས་མི་དམངས་འཐུས་ཚོཌ་དང་ས་ཁུལ་ཁག་གཅིག་གི་མི་དམངས་འཐུས་ཚོགས་ཀྱིས་ཆེད་དོན་འདྲི་རྩད་སྔ་རྟིང་དུ་བྱས་པས་སྤྱི་ཚོགས་ཐོག་དོ་འཁུར་ཡོངས་ཁྱབ་བྱུང་བ་དང་དགེ་མཚན་ལྡན་པའི་ཤུགས་རྐྱེན་ཐོན་ནས་དེ་ལྟ་སྐུལ་བྱ་ཐབས་འཐུས་ཚང་དུ་གཏོང་བ་དང་ལྟ་སྐུལ་ཕན་པ་ཆེ་རུ་གཏོང་བའི་བཀྲག་མདངས་འཚེར་ས་ཞིག་ཏུ་གྱུར་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།