དབུ་ཤོག>སྲིད་དོན།>སྲིད་ཇུས་གསལ་འགྲེལ།
  • བོད་ལྗོངས་དབང་ཆེན་གཏེར་ལས་ཚད་ཡོད་ཀུང་སི་སྒོ་བྱང་བཀལ་ནས་བཙུགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།   |     སྤེལ་དུས།  2015-05-09

        བོད་ལྗོངས་ཉིན་རེའི་ཚགས་པར་ཁང་དུ་ལྷ་ས་ནས་གནས་ཚུལ་འབྱོར་གསལ། ཟླ་4ཚེས་29ཉིན་གྱི་སྔ་དྲོ་ཀྲུང་གོ་ཧ་ཡང་ལས་རིགས་ཀུང་སི་དང་ཆབ་མདོ་ས་ཁུལ་གཉིས་མཉམ་དུ་མ་འཇོག་བྱས་པའི་བོད་ལྗོངས་དབང་ཆེན་གཏེར་ལས་ཚད་ཡོད་ཀུང་སི་སྒོ་བྱང་བཀལ་ནས་བཙུགས་པ་དེས་བོད་ཤར་རྒྱུད་ཀྱི་མདོག་ལྡན་ལྕགས་རིགས་ཐོན་ལས་རྟེན་གཞི་འཛུགས་སྐྲུན་ཐད་གོམ་སྟབས་གསར་པ་ཞིག་སྤོས་པ་མཚོན་ཡོད།

        རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་པད་མ་འཕྲིན་ལས་དང་ཀྲུང་གོ་ཧ་ཡང་ལས་རིགས་ཀུང་སིའི་ཏང་ཙུའུ་ཡི་ཧྲུའུ་ཅི་དང་། སྤྱི་ཁྱབ་ཅིང་ལི། ཀྲུང་གོ་ཧ་ཡང་ལས་རིགས་མ་རྐང་ཚད་ཡོད་ཀུང་སིའི་ཏུང་ཧྲི་ཀྲང་། CEOབཅས་ཡིན་པའི་ཞུང་ཝུའེ་ཕིང་གིས་བོད་ལྗོངས་དབང་ཆེན་གཏེར་ལས་ཚད་ཡོད་ཀུང་སིའི་སྒོ་བྱང་གི་ཁེབས་རས་ཐུན་མོང་ཐོག་ཕྱེ་བ་རེད།

        རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་རྡོ་རྗེ་ཚེ་རིང་གིས་སྒོ་བྱང་གི་ཁེབས་རས་འབྱེད་པའི་མཛད་སྒོའི་ཐོག་གསུང་བཤད་གནང་བ་རེད།

        རང་སྐྱོང་ལྗོངས་སྲིད་གཞུང་གི་ཏང་ཙུའུ་ཡི་ཁོངས་མི་དྲུང་ཆེ་ཀའོ་ཡང་སྒོ་བྱང་གི་ཁེབས་རས་འབྱེད་པའི་མཛད་སྒོར་ཕེབས་པ་རེད།

        ཤེས་རྟོགས་བྱུང་བར་གཞིགས་ན། 2007ལོའི་ཀྲུང་གོའི་ཧ་ཡང་ལས་རིགས་ཀུང་སི་དང་རང་སྐྱོང་ལྗོངས་དབར་གཏེར་ཁའི་ཐོན་ཁུངས་ཀྱི་ཐབས་ཇུས་མཉམ་ལས་སྒྲོམ་གཞིའི་གྲོས་མཐུན་བཞག་པ་དང་ཀྲུང་གོ་ཧ་ཡང་བོད་ལྗོངས་གཏེར་ལས་ཚད་ཡོད་ཀུང་སི་ཞེས་ཐོ་འགོད་བྱས་པ་རེད། བོད་ལྗོངས་དབང་ཆེན་གཏེར་ལས་ཚད་ཡོད་ཀུང་སི་ནི་ཀྲུང་གོ་ཧ་ཡང་བོད་ལྗོངས་གཏེར་ལས་ཚད་ཡོད་ཀུང་སི་དང་བོད་ལྗོངས་ཅིན་ཐའེ་ས་གཤིས་གཏེར་ལས་ཚད་ཡོད་ཀུང་སི་དང་མཉམ་འབྲེལ་ཐོག་བཙུགས་པའི་མ་རྩ་མཉམ་འཇོག་གི་ཀུང་སི་ཞིག་ཡིན་ཞིང་། ཐོ་འགོད་མ་དངུལ་ཁག་དང་པོ་དེ་སྒོར་ཁྲི་3000ཡིན་པ་དང་གཉེར་སྐྱོང་ཁྱབ་ཁོངས་ནང་ལྕགས་རིགས་མང་བའི་གཏེར་ཁ་རྩད་ཞིབ་སོགས་ཀྱི་ལས་སྒོ་ཚུད་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།