དབུ་ཤོག>སྲིད་དོན།>སྲིད་ཇུས་གསལ་འགྲེལ།
  • བོད་ཀྱི་ལས་བྱེད་པ་རྒན་གྲས་ཀྱི་ལས་དོན་གྱི“སྔོན་ཐོན་གཉིས”ལ་གཟེངས་བསྟོད་བྱེད་པའི་ཚོགས་ཆེན་ལྷ་སར་འཚོགས་པ།

  • ཡོང་ཁུངས།  བོད་ལྗོངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2015-05-09

        ཟླ་4ཚེས་28ཉིན་ལྗོངས་ཡོངས་ཀྱི་ལས་བྱེད་པ་རྒན་གྲས་ཀྱི་ལས་དོན་གྱི “སྔོན་ཐོན་གཉིས ”ལ་གཟེངས་བསྟོད་བྱེད་པའི་ཚོགས་ཆེན་ལྷ་སར་འཚོགས་ཤིང་། འདི་ནི་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཀྲང་ཆིང་ལི་སོགས་ཀྱིས་གཟེངས་བསྟོད་ཐོབ་པའི་སྔོན་ཐོན་མཉམ་སྡེབ་དང་སྔོན་ཐོན་མི་སྒེར་གྱི་འཐུས་མིར་བྱ་དགའ་གནང་བའི་གནས་ཚུལ་ཡིན་དགའ་སྤྲོ་དང་འཆམ་མཐུན་ཁྲོད་ལྔ་གཅིག་བསུ།

        བོད་ལྗོངས་ཉིན་རེའི་ཚགས་པར་ཁང་དུ་ལྷ་ས་ནས་ཟླ་4ཚེས་28ཉིན་གནས་ཚུལ་འབྱོར་གསལ། ལྗོངས་ཡོངས་ཀྱི་ལས་བྱེད་པ་རྒན་གྲས་ཀྱི་ལས་དོན་གྱི “སྔོན་ཐོན་གཉིས ”ལ་གཟེངས་བསྟོད་བྱེད་པའི་ཚོགས་ཆེན་དེ་གོང་ཚེས་ཉིན་གྱི་སྔ་དྲོ་ལྷ་སར་སྐོང་ཚོགས་བྱས་པ་དང་། ཚོགས་འདུའི་ཐོག་ལྗོངས་ཡོངས་ཀྱི་ལས་བྲལ་དང་ལས་འཁྱུར་ངལ་གསོ་རྒྱག་མཁན་ལས་བྱེད་པའི་སྔོན་ཐོན་ཏང་ཀྲི་པུའུ་དང་སྔོན་ཐོན་མི་སྒེར་དང་། ལས་བྱེད་པ་རྒན་གྲས་ཀྱི་ལས་དོན་གྱི་སྔོན་ཐོན་མཉམ་སྡེབ་དང་སྔོན་ཐོན་ལས་དོན་པར་གཟེངས་བསྟོད་བྱས་པ་རེད།

        རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཀྲང་ཆིང་ལི་དང་། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་ཀྲའོ་ཀྲེང་ཤིའུ། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་མོང་ཏེ་ལི། རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ལིའུ་ཆིང་ཧུའེ་བཅས་ཚོགས་འདུར་ཕེབས་ཡོད་པ་རེད།

        རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་། རྩ་འཛུགས་པུའི་པུའུ་ཀྲང་། ལྗོངས་ཏང་ཨུད་ལས་བྱེད་པ་རྒན་གྲས་ཀྱི་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་ཙུའུ་ཀྲང་བཅས་ཡིན་པའི་དབྱིན་ཏེ་མིང་གིས་ཚོགས་འདུའི་ཐོག་གསུང་བཤད་གལ་ཆེན་གནང་བ་དང་། རང་སྐྱོང་ལྗོངས་སྲིད་གཞུང་ཏང་ཙུའི་ཁོངས་མི་དང་། དྲུང་ཆེ། ལྗོངས་ཏང་ཨུད་ལས་བྱེད་པ་རྒན་གྲས་ཀྱི་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་ཙུའུ་ཀྲང་གཞོན་པ་བཅས་ཡིན་པའི་ཀའོ་དབྱང་གིས་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།

        དབྱིན་ཏེ་མིང་གིས་གསུང་བཤད་གནང་སྐབས་ལས་བྱེད་པ་རྒན་གྲས་ནི་བོད་ཀྱི་གསར་བརྗེ་དང་། འཛུགས་སྐྲུན། སྒྱུར་བཅོས་སྒོ་དབྱེ་བཅས་ཀྱི་སྒྲིག་འཛུགས་པ་དང་། བཀོད་འདོམས་པ། ལག་ལེན་པ། དངོས་སུ་མྱོང་མཁན་བཅས་ཡིན་པ་དང་། དུས་ཡུན་རིང་པོའི་གསར་བརྗེའི་ལས་དོན་ནང་རྒྱ་ཆེའི་ལས་བྲལ་དང་ལས་འཁྱུར་ངལ་གསོ་རྒྱག་མཁན་ལས་བྱེད་པ་ཚོས་ཤི་རྒྱུར་མི་སྐྲག་པ་དང་དཀའ་ཉེན་ལ་མི་སྐྲག་པར་བློ་བརྟན་འགྱུར་མེད་ངང་འབད་བརྩོན་དང་དཀའ་སྤྱད་ལས་སྐྲུན་བྱས་ཏེ་བོད་ཀྱི་མི་རིགས་ཁག་གི་མི་དམངས་ལ་ཡར་ལངས་བཅིངས་འགྲོལ་དང་། རང་ཁྱིམ་རང་བདག བདེ་སྐྱིད་འཚོ་བ་སྐྱེལ་རྒྱུ་བཅས་ཡོང་ཆེད་ཚེ་གང་རིང་འབད་འཐབ་དང་ལེགས་སྐྱེས་ཕུལ་ནས་བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་ཀྱི་ཤུལ་རོའི་ཐོག་སྤྱི་ཚོགས་རིང་ལུགས་ཀྱི་བོད་ལྗོངས་གསར་པ་སྐྲུན་པའི་གསར་བརྗེའི་ལམ་བུ་གཏོད་པ་དང་། “སྡུག་བསྲན་ཁྱད་པར་ཐེག་པ་དང་། བཟོད་བསྲན་ཁྱད་པར་ཐུབ་པ། མཐུན་སྒྲིལ་ཁྱད་པར་ཐུབ་པ། དམག་འཐབ་ཁྱད་པར་འཇོན་པ། ལེགས་སྐྱེས་ཁྱད་པར་འབུལ་བ ”བཅས་ཀྱི་བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས་བཏོད་དེ་ཏང་དང་མི་དམངས་ལ་དངོས་པོའི་རྒྱུ་ནོར་ཧ་ཅང་ཆེན་པོ་དང་བསམ་པའི་རྒྱུ་ནོར་ཕུན་སུམ་ཚོགས་པོ་བཏོད་དེ་བོད་ཀྱི་བྱ་གཞག་ཁག་དར་རྒྱས་གོང་འཕེལ་ཡོང་ཆེད་རྨང་གཞི་གལ་ཆེན་བཏིང་བ་རེད།

        ལས་བྱེད་པ་རྒན་གྲས་རྣམས་ཀྱིས་གཟི་བརྗིད་ངང་ལས་བྲལ་དང་ལས་འཁྱུར་ངལ་གསོ་གནང་རྗེས་ལས་གནས་ནས་བྲལ་ཡང་སེམས་པ་མི་བྲལ་བ་དང་ལས་འཁྱུར་བྱས་རུང་སྙིང་སྟོབས་མི་ཉམས་པར་ཕུགས་བསམ་དང་དད་སེམས་བརྟན་པོ་དང་གསར་བརྗེའི་སྙིང་སྟོབས་ཆེན་པོ་རྒྱུན་འཁྱོངས་བྱས་ཏེ་བོད་ཀྱི་བྱ་གཞག་ཁག་ལ་སེམས་ཁུར་དང་ཚད་མཐོའི་ཆབ་སྲིད་ཀྱི་འགན་འཁྲི་ཁུར་སེམས་དང་སྒེར་སེམས་མེད་པར་ལེགས་སྐྱེས་འབུལ་བའི་སྙིང་སྟོབས་ལ་བརྟེན་ནས་མུ་མཐུད་བོད་ཀྱི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། སྤྱི་ཚོགས་བརྟན་ལྷིང་ལ་སྲུང་སྐྱོང་བྱེད་པ། མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་རྒྱག་པ་བཅས་ཀྱི་ཆེད་ལེགས་སྐྱེས་གསར་པ་ཕུལ་ཏེ་བྱ་སྤྱོད་ངོ་མའི་ཐོག་ནས་མི་རིགས་ཁག་གི་མང་ཚོགས་ཚོའི་བསྔགས་བརྗོད་ཆེན་པོ་ཐོབ་པར་བྱས་ཡོད་ཅེས་གསུངས་པ་རེད།

        དབྱིན་ཏེ་མིང་གིས་དུས་བབ་གསར་པའི་འོག་གི་ལས་བྱེད་པ་རྒན་གྲས་ཀྱི་ལས་དོན་ཡག་པོ་བསྒྲུབ་རྒྱུ་དེ་ནི་ཚན་རིག་དང་མཐུན་པའི་གོང་འཕེལ་ལྟ་བ་ལག་བསྟར་དོན་འཁྱོལ་བྱས་ཏེ་ཏང་གི་སྲིད་སྐྱོང་རྒྱུན་ཆད་མེད་པར་ཆེ་རུ་གཏོང་བའི་བྱེད་ཐབས་གལ་ཆེན་ཞིག་དང་། སྒྱུར་འཕེལ་བརྟན་གསུམ་གྱི་ཁྱོན་ཡོངས་སྲུང་སྐྱོང་བྱས་ཏེ་སྤྱི་ཚོགས་རིང་ལུགས་ཀྱི་མཐུན་སྦྱོར་སྤྱི་ཚོགས་སྐྲུན་པའི་དངོས་ཡོད་ཀྱི་དགོས་མཁོ་ཞིག ཏང་གི་ཕུལ་བྱུང་སྲོལ་རྒྱུན་རྒྱུན་འཛིན་དང་དར་སྤེལ་བཏང་ནས་ཏང་གི་བྱ་གཞག་དར་རྒྱས་གོང་འཕེལ་འགྲོ་རྒྱུར་སྐུལ་འདེད་གཏོང་བ་དང་རྒྱུན་འཛིན་པ་ཡོད་པ་བྱེད་པའི་འགན་ལེན་གལ་ཆེན་ཞིག་བཅས་ཡིན་ཞེས་གསུངས་པ་དང་།

        ཁོང་གིས་ས་ཁུལ་དང་སྡེ་ཚན་ཁག་ལ་ལས་བྲལ་དང་ལས་འཁྱུར་ངལ་གསོ་རྒྱག་མཁན་གྱི་ལས་བྱེད་པའི་ལས་དོན་ཐད་ཀྱི་ཀྲུང་དབྱང་དང་དེ་བཞིན་ལྗོངས་ཏང་ཨུད་ཀྱི་སྲིད་ཇུས་དང་བྱེད་ཐབས་ལག་བསྟར་ནན་ཏན་བྱས་ནས་དུས་བབ་གསར་པའི་འོག་གི་ལས་བྱེད་པ་རྒན་གྲས་ཀྱི་ལས་དོན་ཡག་པོ་བསྒྲུབ་རྒྱུའི་འགན་འཁྲི་འཁུར་སེམས་དང་ལས་འགན་བསྒྲུབ་སེམས་ཆེ་རུ་བཏང་ནས་ལས་བྱེད་པ་རྒན་གྲས་ཀྱི་ལས་དོན་ལྗོངས་ཡོངས་ཀྱི་ལས་ཀའི་སྤྱི་ཡོངས་ཁྲོད་བཞག་ནས་བསམ་ཞིབ་ཀྱིས་ཏང་གི་རྩ་འཛུགས་ལས་དོན་དང་ལས་བྱེད་པའི་ལས་དོན་གྱི་ལས་འགན་གལ་ཆེན་ཞིག་ཏུ་བརྩིས་ནས་སྐུལ་འདེད་གཏོང་བ་དང་བོད་ཀྱི་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་དང་ཡུན་རིང་བདེ་འཁོད་ཀྱི་གལ་ཆེའི་ལས་དོན་ཞིག་ཏུ་བརྩིས་ནས་སྤེལ་བ་བཅས་བྱས་ནས་ལས་བྱེད་པ་རྒན་གྲས་ཀྱི་ལས་དོན་སྐས་རིམ་གསར་པ་ཞིག་ཏུ་སླེབས་རྒྱུར་འབད་བརྩོན་བྱེད་དགོས་པའི་བླང་བྱ་བཏོན་གནང་བ་རེད།

        དབྱིན་ཏེ་མིང་གིས་ལས་བྱེད་པ་རྒན་གྲས་ནི་ལོ་རྒྱུས་ཀྱི་བྱས་པ་ཅན་ཞིག་དང་ཏང་དང་རྒྱལ་ཁབ་ཀྱི་རྩ་ཆེའི་རྒྱུ་ནོར་ཞིག་ཡིན་ཞིང་། དུས་བབ་གསར་པའི་འོག་གི་ལས་བྱེད་པ་རྒན་གྲས་ཀྱི་ལས་ཀ་ཡག་པོ་བསྒྲུབ་པའི་འགན་འཁྲི་གཟི་བརྗིད་ཆེ་ལ་ལས་འགན་ལྕི་པོ་ཞིག་ཡིན་པས་རིམ་ཁག་ཏང་ཨུད་དང་སྲིད་གཞུང་དང་དེ་བཞིན་འབྲེལ་ཡོད་སྡེ་ཚན་གྱིས་ངེས་པར་དུ་རྩ་འཛུགས་ཀྱི་འགོ་ཁྲིད་ལ་ཤུགས་སྣོན་ཏན་ཏིག་རྒྱག་པ་དང་ཏང་གི་ལས་བྱེད་པ་རྒན་གྲས་ཀྱི་སྲིད་ཇུས་ཁག་དོན་འཁྱོལ་ནན་ཏན་བྱས་ཏེ་ལས་བྲལ་དང་ལས་འཁྱུར་ངལ་གསོ་རྒྱག་མཁན་ལས་བྱེད་པའི་ཏང་ཀྲི་པུའུ་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ་དང་ལས་བྱེད་པ་རྒན་གྲས་ཀྱི་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་ནས་ལས་བྱེད་པ་རྒན་གྲས་ལ་ཆབ་སྲིད་ཐད་བརྩི་འཇོག་དང་། བསམ་བློའི་ཐད་སེམས་ཁུར། འཚོ་བའི་ཐད་ལྟ་སྐྱོང་བཅས་དངོས་འབྲེལ་བྱེད་ཐུབ་པ་བྱས་ཏེ་ཏང་དང་མི་དམངས་ཀྱི་བྱ་གཞག་ལ་ལེགས་སྐྱེས་གལ་ཆེན་ཕུལ་མཁན་ལས་བྱེད་པ་རྒན་གྲས་ལ་རྒས་དུས་འཚོ་རྟེན་ཡོད་པ་དང་། རྒས་དུས་སྨན་བཅོས་ཐུབ་པ། རྒས་དུས་སློབ་མཁན་ཡོད་པ། རྒས་དུས་སྤྲོ་སྐྱིད་གཏོང་རྒྱུ་ཡོད་པ། རྒས་དུས་ལས་རྒྱུ་ཡོད་པ་བཅས་བྱེད་པ་དང་། ཏང་དང་། རྒྱལ་ཁབ། ལས་བྲལ་དང་ལས་འཁྱུར་ངལ་གསོ་རྒྱག་མཁན་ལས་བྱེད་པ་བཅས་ལ་ཚད་མཐོའི་འགན་འཁུར་བའི་བསམ་པའི་ཐོག་ནས་བློ་རྩ་བརྟན་པོས་ཡར་རྒྱས་བརྩོན་ལེན་དང་། གསར་འབྱེད་གསར་གཏོད། ལས་ཀ་ཏན་ཏིག་བཅས་བྱས་ནས་རང་ལྗོངས་ཀྱི་ལས་བྱེད་པ་རྒན་གྲས་ཀྱི་ལས་ཀའི་རྣམ་པ་གསར་པ་སྔར་བས་བཏོད་ནས་གཡུར་ཟའི་འབྲས་བུའི་ཐོག་ནས་ཀྲུང་གོ་གུང་ཁྲན་ཏང་དབུ་བཪྙེས་ནས་ལོ་ངོ་90འཁོར་བ་དང་དེ་བཞིན་བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་60འཁོར་བར་བསུ་བ་ཞུ་དགོས་ཞེས་ནན་བཤད་གནང་བ་རེད།

        ཚོགས་འདུའི་ཐོག་རང་སྐྱོང་ལྗོངས་འགོ་ཁྲིད་ཀྱིས་གཟེངས་བསྟོད་ཐོབ་པའི་སྔོན་ཐོན་མཉམ་སྡེབ་དང་དེ་བཞིན་སྔོན་ཐོན་མི་སྒེར་གྱི་འཐུས་མིར་བྱ་དགའ་སྤྲད་གནང་ཞིང་། གཟེངས་བསྟོད་ཐོབ་པའི་རང་ལྗོངས་ཀྱི་ལས་བྲལ་དང་ལས་འཁྱུར་ངལ་གསོ་རྒྱག་མཁན་ལས་བྱེད་པའི་སྔོན་ཐོན་ཏང་ཀྲི་པུའུ་དང་སྔོན་ཐོན་མི་སྒེར་དང་ལས་བྱེད་པ་རྒན་གྲས་ཀྱི་ལས་དོན་གྱི་སྔོན་ཐོན་མཉམ་སྡེབ་དང་སྔོན་ཐོན་མི་སྒེར་གྱི་འཐུས་མི་སོ་སོས་ཚོགས་འདུ་ཐོག་གཏམ་བཤད་སྤེལ་བ་དང་། ལྗོངས་ཏང་ཨུད་ཀྱི་ལས་བྱེད་པ་རྒན་གྲས་ཅུས་ཀྱི་འགན་འཁུར་བས 《ལས་བྲལ་དང་ལས་འཁྱུར་ངལ་གསོ་རྒྱག་མཁན་ལས་བྱེད་པའི་སྔོན་ཐོན་ཏང་ཀྲི་པུའུ་དང་ལས་བྲལ་དང་ལས་འཁྱུར་ངལ་གསོ་རྒྱག་མཁན་ལས་བྱེད་པའི་སྔོན་ཐོན་མི་སྒེར་དང་ལས་བྱེད་པ་རྒན་གྲས་ཀྱི་ལས་དོན་གྱི་སྔོན་ཐོན་མཉམ་སྡེབ་དང་སྔོན་ཐོན་ལས་དོན་པར་གཟེངས་བསྟོད་གནང་རྒྱུའི་སྐོར་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་གཏན་འབེབས 》སྒྲོག་སྦྱང་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།