དབུ་ཤོག>སྲིད་དོན།>སྲིད་ཇུས་གསལ་འགྲེལ།
  • ཧྲང་ཧའེ་འཛམ་གླིང་དངོས་མང་སྟོན་ཚོགས་ཀྱི“བོད་ལྗོངས་འགྲེམས་ཁང”སླར་ཡང་ལྷ་སར་སྟོན་པ།

  • ཡོང་ཁུངས།  བོད་ལྗོངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2015-05-09

        བོད་ལྗོངས་ཉིན་རེའི་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ་4ཚེས་22ཉིན་གྱི་སྔ་དྲོ་འགྲེམས་སྟོན་ཆེ་གྲས 《འཛམ་གླིང་དངོས་མང་སྟོན་ཚོགས་ལ་ཕྱིར་མིག་བལྟ་བ 》ཞེས་པའི་ཧྲང་ཧའེ་འཛམ་གླིང་དངོས་མང་སྟོན་ཚོགས་ཀྱི “བོད་ལྗོངས་འགྲེམས་ཁང ”སྤོས་ནས་བསྐྱར་སྐྲུན་བྱས་རྗེས་སྒོ་མོ་འབྱེད་པའི་མཛད་སྒོ་དེ་རང་སྐྱོང་ལྗོངས་རྟེན་རྫས་བཤམས་མཛོད་ཁང་དུ་འཚོགས་པ་རེད།

        རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་རྡོ་ཐོགས་འགྲེམས་ཁང་གི་སྒོ་མོ་འབྱེད་པའི་མཛད་སྒོར་ཞུགས་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ་དང་རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་བློ་བཟང་རྡོ་རྗེ་མཛད་སྒོར་ཞུགས་པ་རེད།

        རྡོ་ཐོགས་ཀྱིས་གསུང་བཤད་གནང་རིང 《འཛམ་གླིང་དངོས་མང་སྟོན་ཚོགས་ལ་ཕྱིར་མིག་བལྟ་བ 》ཞེས་པའི་འགྲེམས་སྟོན་གྱི་ཧྲང་ཧའེ་འཛམ་གླིང་དངོས་མང་སྟོན་ཚོགས་ཀྱི “བོད་ལྗོངས་འགྲེམས་ཁང ”སྤོས་ནས་བསྐྱར་སྐྲུན་བྱ་རྒྱུའི་ལས་དོན་བདེ་བླག་ངང་མཇུག་འགྲིལ་བར་བཀྲ་ཤིས་བདེ་ལེགས་ཞུས་པ་དང་འཛུགས་སྐྲུན་པ་ཚོར་འཚམས་འདྲི་ཞུས་པ་མ་ཟད་བསྐྱར་སྐྲུན་ལས་དོན་ལ་ཁས་ལེན་གང་ལེགས་གནང་བ་རེད།

        རྡོ་ཐོགས་ཀྱིས་རང་སྐྱོང་ལྗོངས་རྟེན་རྫས་བཤམས་མཛོད་ཁང་གི་བློ་མཐུན་ཚོར་ཡང་འབད་བསྐྱར་འབད་བྱེད་དགོས་ཤིང་། “བོད་ལྗོངས་འགྲེམས་ཁང ”གི་སྒོ་མོ་ཕྱེ་རྗེས་ཀྱི་དོ་དམ་དང་ཞབས་ཞུའི་ལས་དོན་ཡག་པོ་སྤེལ་བ་དང་ཆབས་ཅིག་བོད་ལྗོངས་རྟེན་རྫས་བཤམས་མཛོད་ཁང་དང་ཧྲང་ཧའེ་འཛམ་གླིང་དངོས་མང་སྟོན་ཚོགས “བོད་ལྗོངས་འགྲེམས་ཁང ”གཉིས་ཀྱི་ལེགས་ཆ་ཧྲིལ་པོ་འདོན་སྤེལ་གང་ལེགས་བྱས་ཏེ་མཉམ་ཤུགས་ཤིག་ཆགས་པ་བྱེད་པ་དང་གཉིས་འགུལ་གཉིས་ཕན་ཡོང་བ་བྱས་ནས་འཆར་ཉེར་ཡོད་པའི་ཀྲུང་གོ་གུང་ཁྲན་ཏང་དབུ་བཪྙེས་ནས་ལོ་90འཁོར་བ་དང་བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་60འཁོར་བའི་དུས་ཆེན་ལ་ཕྱག་རྟགས་སུ་འབུལ་བ་དང་རང་ལྗོངས་ཀྱི་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་དང་ཡུན་རིང་བདེ་འཁོད་ཕྱིར་ལེགས་སྐྱེས་དེ་བས་ཆེན་པོ་འབུལ་དགོས་པའི་བླང་བྱ་བཏོན་གནང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།