དབུ་ཤོག>སྲིད་དོན།>སྲིད་ཇུས་གསལ་འགྲེལ།
  • ཀུང་ཕུའུ་ཀོང་གིས་ལྷ་ས་གྲོང་ཁྱེར་ས་ཁང་བདག་ཁོངས་ཀྱི་འཕེལ་རྒྱས་གནས་ཚུལ་ལ་བརྟག་ཞིབ་གནང་བ།

  • ཡོང་ཁུངས།  བོད་ལྗོངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2015-05-09

        བོད་ལྗོངས་ཉིན་རེའི་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ་4ཚེས་27ཉིན་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་ཀུང་ཕུའུ་ཀོང་གིས་རང་སྐྱོང་ལྗོངས་སྲིད་གཞུང་དང་། ལྗོངས་སྡོད་ཁང་དང་གྲོང་ཁྱེར་གྲོང་གསེབ་འཛུགས་སྐྲུན་ཐིང་། ལྷ་ས་གྲོང་ཁྱེར་བཅས་ཀྱི་འབྲེལ་ཡོད་འགོ་ཁྲིད་པའི་ཕེབས་རོགས་འོག་ལྷ་སའི་ས་ཁང་བདག་ཁོངས་ཀྱི་འཕེལ་རྒྱས་གནས་ཚུལ་ལ་བརྟག་ཞིབ་གནང་བ་དང་འབྲེལ་ས་ཁང་བདག་ཁོངས (སྡེ་ལས་དོ་དམ )ཁེ་ལས་ཀྱི་འཐུས་མི་དང་འབྲེལ་ཡོད་སྡེ་ཚན་གྱི་འགན་འཁུར་བ་དང་བཞུགས་མོལ་ཡང་གནང་བ་རེད།

        ཀུང་ཕུའུ་ཀོང་དང་བཅས་པས་གསར་དུ་བསྐྲུན་བཞིན་པའི་ཉི་འོད་གྲོང་གསར་དང་། ཧྲེ་པང་རྒྱལ་སྤྱིའི་སྐྱེད་ཚལ། ཁྲེང་ཀོན་ལྡུམ་ར། བདེ་སྐྱིད་ལྡུམ་ར་སོགས་ལ་སྔ་རྗེས་སུ་ཕེབས་ནས་ས་ཆ་དངོས་སུ་ས་ཁང་བདག་ཁོངས་གསར་སྤེལ་རྣམ་གྲངས་འཛུགས་སྐྲུན་བྱས་ཚུལ་ལ་གཟིགས་རྟོགས་དང་འབྲེལ་ས་ཁང་བདག་ཁོངས་རྣམ་གྲངས་གསར་སྤེལ་དང་། བྲིན་ཚོང་། སྡེ་ལས་དོ་དམ་བཅས་ཀྱི་གནས་ཚུལ་དང་འཛུགས་སྐྲུན་སྤུས་ཚད་ཀྱི་འགག་སྒོ་ནན་པོ་སྲུང་ཚུལ་ཤེས་རྟོགས་ཀྱང་གནང་བ་རེད།

        བཞུགས་མོལ་ཚོགས་འདུའི་ཐོག་ཀུང་ཕུའུ་ཀོང་གིས་ས་ཁང་བདག་ཁོངས་ནི་རང་ལྗོངས་ཀྱི་དཔལ་འབྱོར་འཐབ་སའི་ཐོག་གི་སྟོབས་ཤུགས་གཙོ་བོ་ཞིག་ཡིན་པའི་ངོས་ནས་རང་ལྗོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་བའི་ཐད་ལེགས་སྐྱེས་གལ་ཆེན་ཕུལ་ཡོད་ཅེས་གསུངས།

        ཀུང་ཕུའུ་ཀོང་གིས་རང་ལྗོངས་ཀྱི་ས་ཁང་བདག་ཁོངས་ཁེ་ལས་ཀྱིས་ངེས་པར་དུ་ཁ་དན་ཚིག་གནས་དང་། ཁྲིམས་ལུགས་སྲུང་བ། ཚོང་གཉེར་ལུགས་མཐུན་བྱས་ནས་རང་ལྗོངས་ཀྱི་ས་ཁང་བདག་ཁོངས་ཀྱི་སྒྲིག་ལམ་ཡག་པོ་ཞིག་བཟོ་བ་དང་། ས་ཁང་བདག་ཁོངས་ཁེ་ལས་ཀྱིས་ཁྲོམ་རའི་ཆོས་ཉིད་ལྟར་བྱ་བ་སྒྲུབ་པ། གསར་སྤེལ་གྱི་ཁྱད་ཆོས་དང་བོད་ཀྱི་རིག་གནས་ཁྱད་ཆོས་མངོན་གསལ་དོད་པོ་ཡོང་བ་བྱེད་པ། འཛུགས་སྐྲུན་སྤུས་ཚད་ལ་མཐོང་ཆེན་བྱ་རྒྱུ་དེ་གལ་ཆེའི་གནས་བབ་ཐོག་འཇོག་པ། འཛུགས་སྐྲུན་བྱེད་རིང་བདེ་འཇགས་འགན་ལེན་བྱེད་པ། བྲིན་ཚོང་དང་ཁྲོམ་ར་སྐྱེད་སྲིང་ཡག་པོ་བྱེད་པ་བཅས་དང་། ས་ཁང་བདག་ཁོངས་ཐོན་ལས་ཀྱི་འབྲེལ་ཡོད་སྡེ་ཚན་གྱིས་ཞབས་ཞུ་ལེགས་པར་སྒྲུབ་པ་དང་ཆབས་ཅིག་དོ་དམ་ལ་ཤུགས་སྣོན་བརྒྱབ་ནས་རང་ལྗོངས་ཀྱི་ས་ཁང་བདག་ཁོངས་སྔར་ལས་ལྷག་པའི་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་དགོས་པའི་ནན་བཤད་གནང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།