དབུ་ཤོག>སྲིད་དོན།>སྲིད་ཇུས་གསལ་འགྲེལ།
  • 2011ལོའི་ཀྲུང་དབྱང་བཪྙན་འཕྲིན་ལས་ཁུངས་ཀྱི་དཔྱིད་གསར་དུས་ཆེན་གྱི་མཚན་ཚོགས་ཁྲོད་བོད་ལྗོངས་ཀྱི་བྱ་དགའ་ཐོབ་པའི་འཁྲབ་ཚན《དགའ་སྤྲོ་འཁོལ་བའི་གླུ་ལེན་གར་འཁྲབ》ཅེས་པར་གཟེངས་བསྟོད་བྱེད་པའི་བཞུགས་མོལ་ཚོགས་འདུ་ལྷ་སར་འཚོགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།   |     སྤེལ་དུས།  2015-05-09

        བོད་ལྗོངས་ཉིན་རེའི་ཚགས་པར་ཁང་དུ་ལྷ་ས་ནས་ཟླ་4ཚེས་26ཉིན་གནས་ཚུལ་འབྱོར་གསལ། 2011ལོའི་ཀྲུང་དབྱང་བཪྙན་འཕྲིན་ལས་ཁུངས་ཀྱི་དཔྱིད་གསར་དུས་ཆེན་གྱི་མཚན་ཚོགས་ཁྲོད་རང་ལྗོངས་ཀྱི་བྱ་དགའ་ཐོབ་པའི་འཁྲབ་ཚན 《དགའ་སྤྲོ་འཁོལ་བའི་གླུ་ལེན་གར་འཁྲབ 》ཅེས་པར་གཟེངས་བསྟོད་གནང་བའི་བཞུགས་མོལ་ཚོགས་འདུ་གོང་ཚེས་ཉིན་གྱི་ཕྱི་དྲོ་ལྷ་སར་འཚོགས་པ་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དྲིལ་བསྒྲགས་པུའི་པུའུ་ཀྲང་ཚུའེ་ཡུས་དབྱིང་དང་། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་རྡོ་ཐོགས། རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་པད་མ་རྣམ་རྒྱལ་བཅས་བཞུགས་མོལ་ཚོགས་འདུར་ཕེབས་པ་མ་ཟད་བྱ་དགའ་ཐོབ་མཁན་མཉམ་སྡེབ་དང་གཙོ་འགན་རྩོམ་སྒྲིག་མི་སྣར་བྱ་དགའ་གནང་བ་རེད།

        རང་ལྗོངས་ཀྱིས་གསར་རྩོམ་བྱས་པའི་སྒྲ་སྙན་ཞབས་བྲོ 《དགའ་སྤྲོ་འཁོལ་བའི་གླུ་ལེན་གར་འཁྲབ 》ཅེས་པས་2011ལོའི་ཀྲུང་དབྱང་བཪྙན་འཕྲིན་ལས་ཁུངས་ཀྱི་དཔྱིད་གསར་དུས་ཆེན་གྱི་མཚན་ཚོགས་ཐོག་འབད་འབུངས་ཡར་བརྩོན་དང་། དཔའ་ངར་ཆེར་བསྐྱེད་ཀྱིས་མདུན་སྐྱོད་བྱེད་པ། སྐྱེ་སྟོབས་ཀྱི་དཔལ་འབར་བ་བཅས་ཀྱི་རང་ལྗོངས་མི་རིགས་ཁག་གི་མི་དམངས་ཀྱི་བསམ་པའི་ཉམས་འགྱུར་གསར་རྐྱང་ཞིག་གང་ལེགས་སྟོན་པས་རྒྱལ་ཡོངས་ཀྱི་རྒྱ་ཆེའི་ལྟད་མོ་བས་ཁས་ལེན་དང་དགའ་པོ་བྱས་མཐར་དཔྱིད་གསར་དུས་ཆེན་གྱི་མཉམ་སྤྲོའི་མཚན་ཚོགས་ཀྱི་ལྟད་མོ་བས་དགའ་ཤོས་བྱེད་པའི་འཁྲབ་ཚན་གྱི་དམིགས་བསལ་བྱ་དགའ་ཐོབ་ཡོད། སྔོན་ཐོན་ལ་གཟེངས་བསྟོད་དང་། ལྗོངས་ཡོངས་ཀྱི་རིག་རྩལ་ལས་དོན་པར་གསར་རྩོམ་ཧུར་ཐག་དང་དཀའ་སྤྱད་འབད་བརྩོན་བྱས་ཏེ་དོན་དངོས་དང་ཉེ་བཅར་དང་། འཚོ་བ་དང་ཉེ་བཅར། མང་ཚོགས་དང་ཉེ་བཅར་བཅས་ཀྱི་ཕུལ་བྱུང་བརྩམས་ཆོས་དེ་བས་མང་བ་གསར་རྩོམ་བྱས་ནས་རྒྱ་ཆེའི་མི་དམངས་མང་ཚོགས་ཀྱི་ཉིན་བཞིན་ཆེ་རུ་འགྲོ་བའི་བསམ་པ་དང་རིག་གནས་ཀྱི་དགོས་མཁོ་ཟམ་མི་ཆད་པར་སྐོང་རྒྱུར་སྐུལ་མ་གཏོང་བ་དང་རང་ལྗོངས་ཀྱི་རིག་གནས་འཕེལ་རྒྱས་ཆེན་པོ་དང་དར་རྒྱས་ཆེན་པོ་ཡོང་བར་སྐུལ་འདེད་གཏོང་རྒྱུའི་ཐད་ལེགས་སྐྱེས་དེ་བས་ཆེ་བ་འབུལ་ཆེད་ལྗོངས་ཏང་ཨུད་དྲིལ་བསྒྲགས་པུའུ་ཡིས་རང་ལྗོངས་ཀྱི 《དགའ་སྤྲོ་འཁོལ་བའི་གླུ་ལེན་གར་འཁྲབ 》ཅེས་པ་གསར་རྩོམ་དང་འཁྲབ་སྟོན་ནང་ཞུགས་མཁན་ལ་གཟེངས་བསྟོད་དང་བྱ་དགའ་སྤྲོད་རྒྱུའི་གཏན་འབེབས་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།