དབུ་ཤོག>སྲིད་དོན།>སྲིད་ཇུས་གསལ་འགྲེལ།
  • ཀུང་ཕུའུ་ཀོང་བོད་ཀྱི་འཕེལ་རྒྱས་ལ་རོགས་སྐྱོར་བྱེད་པའི་ཐེབས་རྩ་ཚོགས་པར་བརྟག་ཞིབ་གནང་བར་ཕེབས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།   |     སྤེལ་དུས།  2015-05-09

        བོད་ལྗོངས་ཉིན་རེའི་ཚགས་པར་ཁང་དུ་ལྷ་ས་ནས་གནས་ཚུལ་འབྱོར་གསལ། ཟླ་4ཚེས་25ཉིན་གྱི་ཕྱི་དྲོ་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ཐུགས་ཁུར་དང་རྒྱབ་སྐྱོར་གནང་ལུགས་མཚོན་པར་བྱེད་ཆེད་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་ཀུང་ཕུ་ཀོང་བོད་ཀྱི་འཕེལ་རྒྱས་ལ་རོགས་སྐྱོར་བྱེད་པའི་ཐེབས་རྩ་ཚོགས་པར་བརྟག་ཞིབ་གནང་བར་ཕེབས་པ་རེད།

        ཀུང་ཕུའུ་ཀོང་དང་བཅས་པས་དང་ཐོག་ཐེབས་རྩ་ཚོགས་པའི་གཞུང་ལས་ཁང་ལ་ལྟ་སྐོར་དང་གཟིགས་ཞིབ་གནང་སྟེ་རྒྱ་ཆེའི་ལས་བྱེད་པ་དང་ལས་བཟོར་བྱམས་བརྩེའི་འཚམས་འདྲི་གནང་རྗེས་ཀུང་ཕུའུ་ཀོང་དང་བཅས་པས་ཐེབས་རྩ་ཚོགས་པའི་འགན་འཁུར་བ་དང་བཞུགས་མོལ་གནང་བ་རེད། ཐེབས་རྩ་ཚོགས་པའི་ལས་དོན་སྙན་ཞུ་གསན་རྗེས་ཀོན་ཕུ་ཀོང་གིས་བོད་ཀྱི་འཕེལ་རྒྱས་ལ་རོགས་སྐྱོར་བྱེད་པའི་ཐེབས་རྩ་ཚོགས་པར་གྲུབ་འབྲས་ཁག་མང་པོ་ཐོབ་པར་གདེང་འཇོག་གང་ལེགས་གནང་བ་རེད། ཀུང་ཕུའུ་ཀོང་གིས་བོད་ཀྱི་འཕེལ་རྒྱས་ལ་རོགས་སྐྱོར་བྱེད་པའི་ཐེབས་རྩ་ཚོགས་པས་མུ་མཐུད་གྲུབ་འབྲས་དར་སྤེལ་བཏང་སྟེ་བོད་མི་དམངས་ལ་དོན་དངོས་དང་བྱ་བ་བཟང་པོ་དེ་བས་མང་བ་བསྒྲུབས་པ་དང་བོད་ཀྱི་འཕེལ་རྒྱས་དང་བརྟན་ལྷིང་ཆེད་དང་འབྱོར་འབྲིང་བོད་ལྗོངས་དང་། དུས་བདེའི་བོད་ལྗོངས། མཐུན་སྦྱོར་ལྡན་པའི་བོད་ལྗོངས། སྣོད་བཅུད་བཟང་བའི་བོད་ལྗོངས་བཅས་འཛུགས་སྐྲུན་བྱ་ཆེད་ཕྱར་བ་གྲུ་འདེགས་དང་གྲུབ་འབྲས་གསར་པ་སླར་ཡང་གཏོད་རྒྱུའི་ཐུགས་རེ་གནང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།