བོད་ལྗོངས་ཉིན་རེའི་ཚགས་པར་ཁང་དུ་ལྷ་ས་ནས་ཟླ་4ཚེས་15ཉིན་གནས་ཚུལ་འབྱོར་གསལ། ཚེས་15ཉིན་གྱི་སྔ་དྲོར་རང་སྐྱོང་ལྗོངས་སྲིད་གྲོས་ཀྱིས་གཞི་རིམ་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པའི་ལོའི་བྱེད་སྒོའི་འབྲེལ་གཏུག་ས་ཚིགས་དང་དབུལ་སྐྱོར་འབྲེལ་གཏུག་ས་ཚིགས་སུ་དངུལ་ཞལ་འདེབས་འབུལ་བའི་བྱེད་སྒོ་སྤེལ་བ་རེད།
རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་འཕགས་པ་ལྷ་དགེ་ལེགས་རྣམ་རྒྱལ་དང་། རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཚེ་སྨོན་གླིང་བསྟན་འཛིན་འཕྲིན་ལས། བློ་བཟང་འགྱུར་མེད་བཅས་ཀྱིས་དངུལ་ཞལ་འདེབས་འབུལ་རྒྱུ་མངགས་གནང་བ་རེད།
རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་། རང་སྐྱོང་ལྗོངས་སྲིད་གྲོས་ཏང་ཙུའུ་ཡི་ཧྲུའུ་ཅི། རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་བཅས་ཡིན་པའི་པ་སངས་དོན་གྲུབ་དང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ། རང་སྐྱོང་ལྗོངས་སྲིད་གྲོས་ཏང་ཙུའུ་ཡི་ཧྲུའུ་ཅི་གཞོན་པ། རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ། ལྗོངས་ཏང་ཨུད་འཐབ་ཕྱོགས་གཅིག་གྱུར་པུའི་པུའུ་ཀྲང་བཅས་ཡིན་པའི་ཆེ་དགྲ་ལྷ། རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་སྒྲུབ་ཁང་ཐུབ་བསྟན་མཁས་གྲུབ་དང་། ཆའོ་ཡོན་ཀྲུང་། པད་མ་ཚེ་དབང་། ལིའུ་ཆིང་ཧུའེ། བློ་བཟང་རྡོ་རྗེ། པད་མ་རྣམ་རྒྱལ། དབྱངས་ཅན་བཅས་ཀྱིས་སྣེ་ཁྲིད་དེ་དངུལ་ཞལ་འདེབས་ཕུལ་བ་རེད།
རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་རྒྱུན་ལས་དྲུང་ཆེ་གཞོན་པ་བསོད་ནམས་འཕེལ་རྒྱས་ཀྱིས་དངུལ་ཞལ་འདེབས་འབུལ་བའི་མཛད་སྒོ་གཙོ་སྐྱོང་གནང་སྐབས་རང་སྐྱོང་ལྗོངས་སྲིད་གྲོས་ཀྱིས “དམངས་ཀྱི་གནས་ཚུལ་ལ་ཤེས་རྟོགས་དང་། དམངས་ཀྱི་སེམས་ཁྲལ་སེལ་བ། དམངས་ལ་ཁེ་ཕན་ཁྱབ་པ ”བཅས་བྱ་རྒྱུ་དེ་གཞི་རིམ་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པའི་ལོའི་བྱེད་སྒོའི་འབྲེལ་གཏུག་ས་ཚིགས་དང་དབུལ་སྐྱོར་འབྲེལ་གཏུག་ས་ཚིགས་འཛུགས་སྐྱོང་གི་ཚད་བརྒལ་བྱེད་ས་དང་ཤུགས་རྒྱག་སར་བརྩིས་ཏེ་ལས་དོན་ཚོགས་ཆུང་འབྲེལ་གཏུག་ས་ཚིགས་སུ་བསྐྱོད་དེ་ཡུལ་དངོས་སུ་བརྟག་ཞིབ་བྱས་ནས་ཤེས་པའི་དཀའ་ངལ་དང་གནད་དོན་ཐག་གཅོད་ནུས་ལྡན་བྱེད་པ་དང་རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་དབུལ་སྐྱོར་ས་ཚིགས་ནག་ཆུ་རྫོང་ལྷོ་མ་གྲོང་རྡལ་དང་གཞི་རིམ་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པའི་ལོའི་བྱེད་སྒོའི་འབྲེལ་གཏུག་ས་ཚིགས་སྣང་རྫོང་ལྡེ་མོ་ཤང་རྡོ་ལུང་གྲོང་ཚོའི་འཛུགས་སྐྲུན་ལ་རྒྱབ་སྐྱོར་བྱ་ཆེད་རང་སྐྱོང་ལྗོངས་སྲིད་གྲོས་ཀྱིས་དེ་རིང་དངུལ་ཞལ་འདེབས་འབུལ་བའི་བྱེད་སྒོ་སྤེལ་བ་ཡིན་ཞིང་། ཁྱོན་བསྡོམས་མ་དངུལ་སྒོར་ཁྲི་4.45ཕུལ་ཡོད་ཅེས་གསུངས་པ་རེད།
དངུལ་ཞལ་འདེབས་འབུལ་བའི་བྱེད་སྒོར་ཞུགས་མཁན་ད་དུང་རང་སྐྱོང་ལྗོངས་སྲིད་གྲོས་ལས་ཁུངས་ཀྱི་ལས་བྱེད་ལས་བཟོ་ཡོངས་དང་ཨུ་ལྷན་དུ་བཅའ་སྡོད་ཨུ་ཡོན་བཅས་ཡོད་པ་རེད།