དབུ་ཤོག>སྲིད་དོན།>སྲིད་ཇུས་གསལ་འགྲེལ།
  • བོད་ལྗོངས་རིག་གནས་སྒྲིག་གཞི་སྒྱུར་བཅོས་དང་རིག་གནས་ཐོན་ལས་འཕེལ་རྒྱས་ཀྱི་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་ཚོགས་འདུ་འཚོགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།   |     སྤེལ་དུས།  2015-05-09

        བོད་ལྗོངས་ཉིན་རེའི་ཚགས་པར་ཁང་དུ་ལྷ་ས་ནས་ཟླ་4ཚེས་14ཉིན་གནས་ཚུལ་འབྱོར་གསལ། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི 《རིག་གནས་འཕེལ་རྒྱས་དང་གྲ་རྒྱས་ཆེ་མོར་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་གཏན་འབེབས 》དང་ལྗོངས་ཡོངས་ཀྱི་རིག་གནས་འཕེལ་རྒྱས་ཚོགས་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་ནན་ཏན་བྱ་ཆེད་ཚེས་14ཉིན་གྱི་ཕྱི་དྲོ་རང་སྐྱོང་ལྗོངས་རིག་གནས་སྒྲིག་གཞི་སྒྱུར་བཅོས་དང་རིག་གནས་ཐོན་ལས་འཕེལ་རྒྱས་ཀྱི་ལས་དོན་གྱི་འགོ་ཁྲིད་ཚོགས་ཆུང་གིས་ཚོགས་འདུ་འཚོགས་ཏེ་ཞིབ་ཕྲའི་ལས་འགན་ལས་བགོས་ཀྱི་ཇུས་གཞི་དང་དེ་བཞིན་འབྲེལ་ཡོད་ལེ་ལག་ཚང་བའི་སྲིད་ཇུས་ལ་ཆེད་དོན་ཞིབ་འཇུག་བྱས་པ་རེད། ཚོགས་འདུའི་ཐོག་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་ལྔ་པའི་དགོངས་དོན་གཞིར་བཟུང 《རིག་གནས་འཕེལ་རྒྱས་དང་གྲ་རྒྱས་ཆེ་མོར་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་གཏན་འབེབས 》དང་ཟུང་འབྲེལ་གྱིས་དམ་པ་དོན་གཉེར་གྱི་ལས་ཀའི་སྤྱོད་ཚུལ་ལ་བརྟེན་ནས 《རིག་གནས་འཕེལ་རྒྱས་དང་གྲ་རྒྱས་ཆེ་མོར་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་གཏན་འབེབས 》ནང་བཏོན་པའི་ལས་འགན་ཁག་དོན་འཁྱོལ་ཏན་ཏིག་ཡོང་བ་བྱས་ཏེ་རང་ལྗོངས་ཀྱི་རིག་གནས་འཕེལ་རྒྱས་དང་གྲ་རྒྱས་ཆེ་མོར་སྐུལ་འདེད་གཏོང་དགོས་པའི་ནན་བཤད་བྱས་པ་རེད།

        ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དྲིལ་བསྒྲགས་པུའི་པུའུ་ཀྲང་ཚུའེ་ཡུས་དབྱིང་གིས་ཚོགས་འདུ་གཙོ་སྐྱོང་གནང་བ་དང་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་རྡོ་ཐོགས་ཚོགས་འདུར་ཕེབས་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།