དབུ་ཤོག>སྲིད་དོན།>སྲིད་ཇུས་གསལ་འགྲེལ།
  • བོད་ལྗོངས་ཀྱི་འགན་ལེན་རང་བཞིན་གྱི་སྡོད་ཁང་འཛུགས་སྐྲུན་གྱི་ལས་དོན་ཚོགས་འདུ་འཚོགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།   |     སྤེལ་དུས།  2015-05-09

        བོད་ལྗོངས་ཉིན་རེའི་ཚགས་པར་ཁང་དུ་ལྷ་ས་ནས་ཟླ་4ཚེས་14ཉིན་གནས་ཚུལ་འབྱོར་གསལ། ཚེས་14ཉིན་གྱི་སྔ་དྲོ་ལྗོངས་ཡོངས་ཀྱི་འགན་ལེན་རང་བཞིན་གྱི་སྡོད་ཁང་འཛུགས་སྐྲུན་གྱི་ལས་དོན་ཚོགས་འདུ་ལྷ་སར་འཚོགས་ཤིང་། ཚོགས་འདུའི་ཐོག་རང་ལྗོངས་ཀྱི “ལོ་ལྔ་ཚན་བཅུ་གཅིག་པའི ”རིང་སྡོད་ཁང་འགན་ལེན་ལས་དོན་སྤེལ་ཚུལ་ལ་ཁྱོན་ཡོངས་ནས་ཕྱོགས་སྡོམ་དང་དེང་སྐབས་འཕྲད་པའི་དཀའ་ངལ་དང་གནད་དོན་ལ་དབྱེ་ཞིབ་བྱས་པ་མ་ཟད། གོམ་སྟབས་རྗེས་མའི་ལས་དོན་ལ་བཀོད་སྒྲིག་བྱས་པ་རེད།

        རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་ཀུང་ཕུའུ་ཀོང་ཚོགས་འདུར་ཕེབས་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད།

        ཀུང་ཕུའུ་ཀོང་གིས་ས་ཁུལ (གྲོང་ཁྱེར )ཁག་དང་འབྲེལ་ཡོད་སྡེ་ཚན་ཁག་ལ་འཛུགས་སྐྲུན་ལ་དོ་སྣང་བྱ་རྒྱུ་དང་དོ་དམ་ལ་ཤུགས་སྣོན་རྒྱག་རྒྱུ་གཉིས་ཟུང་འབྲེལ་བྱས་ནས་ལས་འགན་ཁ་གསལ་བཟོ་བ་དང་། ཁང་གླ་ཁེ་བའི་སྡོད་ཁང་དང་སྤྱི་པའི་བོགས་གཏོང་སྡོད་ཁང་གི་རྣམ་གྲངས་དེ་ངེས་པར་དུ་ཟླ་བ་ལྔ་པར་ཁྱོན་ཡོངས་ནས་འཛུགས་སྐྲུན་བྱེད་འགོ་འཛུགས་པ། ལས་ཤག་འཛུགས་སྐྲུན་དང་སྡོད་ཁང་སྐྱོ་ཁུལ་སྒྱུར་བཀོད་ཀྱི་རྣམ་གྲངས་དེ་ཟླ་བ་དགུ་པའི་གོང་ཁྱོན་ཡོངས་ནས་འཛུགས་སྐྲུན་བྱེད་འགོ་འཛུགས་པ་བཅས་ཀྱི་ཐོག་ནས་འདི་ལོའི་ལོ་མཇུག་གོང་ལོ་འདིའི་འགན་ལེན་རང་བཞིན་གྱི་སྡོད་ཁང་འཛུགས་སྐྲུན་ལ་མ་འཇོག་བྱེད་ཚད་60%ཡན་ཟིན་པའི་འགན་ལེན་བྱེད་དགོས་པའི་བླང་བྱ་བཏོན་གནང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།