བོད་ལྗོངས་ཉིན་རེའི་ཚགས་པར་ཁང་དུ་ལྷ་ས་ནས་ཟླ་ 4ཚེས་14ཉིན་གནས་ཚུལ་འབྱོར་གསལ། གོང་ཚེས་ཉིན་གྱི་སྔ་དྲོར་རང་སྐྱོང་ལྗོངས་སྤྱི་ཚོགས་ཚན་རིག་ཁང་གིས་ཚོགས་འདུ་འཚོགས་ཏེ་ཧྲུའུ་ཅི་ཀྲང་ཆིང་ལིས་རང་སྐྱོང་ལྗོངས་ལྷ་མོ་ཚོགས་པ་དང་། གཏམ་བརྗོད་ཟློས་གར་ཚོགས་པ། གླུ་གར་ཚོགས་པ་བཅས་སུ་བརྟག་ཞིབ་གནང་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་ལག་བསྟར་བྱས་པ་རེད།
རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ལྗོངས་སྤྱི་ཚོགས་ཚན་རིག་ཁང་གི་ཡོའན་ཀྲང་པད་མ་རྣམ་རྒྱལ་ཚོགས་ཆེན་དུ་ཞུགས་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད།
པད་མ་རྣམ་རྒྱལ་གྱིས་ལྗོངས་སྤྱི་ཚོགས་ཚན་རིག་ཁང་གིས་ཧྲུའུ་ཅི་ཀྲང་ཆིང་ལིའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལྟར་ལས་ཀའི་དོན་དངོས་དང་ཟུང་འབྲེལ་བྱེད་པ་དང་། འདུ་ཤེས་འཛིན་སྟངས་ཁྱབ་ཁོངས་ཀྱི་འཐབ་ས་གཙོ་བོ་དང་གཡུལ་ས་གཙོ་བོའི་འགན་ནུས་འདོན་སྤེལ་ཧུར་ཐག་བྱེད་པ། རང་སྐྱོང་ལྗོངས་ཀྱི “ཤུགས་སྣོན་གཅིག་དང་། སྐུལ་འདེད་གཉིས། འགན་ལེན་གསུམ ”བཅས་ཀྱི་ལྟེ་བའི་ལས་ཀར་དམིགས་པ། “ལོ་ལྔ་ཚན་བཅུ་གཉིས་པའི ”འཆར་འགོད་དང་འཕར་རྒྱུར་འགན་ལེན་དང་། དམངས་འཚོར་འགན་ལེན། བརྟན་ལྷིང་འགན་ལེན་བཅས་བྱེད་པའི་ལས་ཀའི་ཁྲོད་ཀྱི་སྤྱི་ཚོགས་ཀྱི་དོ་སྣང་བྱེད་ཡུལ་དང་དཀའ་གནད་ཀྱི་གནད་དོན་ལ་དམིགས་ཏེ་ལས་དོན་ཁག་ལེགས་སྒྲུབ་བྱེད་དགོས་ཞེས་ནན་གསུངས་གནང་བ་རེད།