དབུ་ཤོག>སྲིད་དོན།>སྲིད་ཇུས་གསལ་འགྲེལ།
  • ཉི་མ་ཚེ་རིང་དང་ལྕགས་རྭ་བློ་བཟང་བསྟན་འཛིན་གྱིས་སེ་ར་དགོན་པར་གཟིགས་ཞིབ་གནང་བ།

  • ཡོང་ཁུངས།  བོད་ལྗོངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2015-05-09

        བོད་ལྗོངས་ཉིན་རེའི་ཚགས་པར་ཁང་དུ་ལྷ་ས་ནས་གནས་ཚུལ་འབྱོར་གསལ། ཟླ་4ཚེས་13ཉིན་གྱི་སྔ་དྲོ་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ཨུད་ཀྱི་ཀྲུའུ་རེན་གཞོན་པ་འབྲས་སྤུངས་དགོན་པར་བཅའ་སྡོད་ལས་དོན་ཚོགས་ཆུང་གི་ཙུའུ་ཀྲང་ཉི་མ་ཚེ་རིང་དང་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་བོད་ཀྱི “ལོ་ལྔ་ཚན་བཅུ་གཅིག་པའི ”གཙོ་གནད་རིག་དངོས་སྲུང་སྐྱོབ་དང་། ཉམས་གསོ། མཐུན་སྦྱོར་བཅས་འགོ་ཁྲིད་ཚོགས་ཆུང་གི་ཙུའུ་ཀྲང་གཞོན་པ་གཞུང་དོན་ཁང་གི་ཀྲུའུ་རེན་ལྕགས་རྭ་བློ་བཟང་བསྟན་འཛིན་གྱིས་སེ་ར་དགོན་པའི་རིག་དངོས་ཉམས་གསོ་དང་སྲུང་སྐྱོབ་ལས་དོན་དང་དགོན་པ་ཉམས་གསོའི་རྨང་གཞིའི་སྒྲིག་བཀོད་ལས་དོན་ལ་གཟིགས་ཞིབ་གནང་བ་དང་འབྲེལ་རིག་དངོས་ཉམས་གསོའི་ལས་གྲྭའི་སྐོར་ལ་བཞུགས་མོལ་ཡང་གནང་བ་རེད།

        ཉི་མ་ཚེ་རིང་དང་ལྕགས་རྭ་བློ་བཟང་བསྟན་འཛིན་གཉིས་ཀྱིས་དང་ཐོག་སེ་ར་དགོན་པའི་སྨད་གྲྭ་ཚང་དང་། ལྷོ་པ་ཁང་ཚན། གསང་སྔགས་གླིང་། བྱེས་གྲྭ་ཚང་བཅས་ལ་གཟིགས་ཞིབ་གནང་བ་མ་ཟད། རིག་དངོས་ཉམས་གསོ་དང་སྲུང་སྐྱོབ་ལས་དོན་སྒྲུབ་ཚུལ་ཤེས་རྟོགས་ཞིབ་ཕྲའང་གནང་བ་རེད།

        ལྕགས་རྭ་བློ་བཟང་བསྟན་འཛིན་གྱིས་རང་སྐྱོང་ལྗོངས་རིག་དངོས་ཅུས་དང་། སེ་ར་དགོན་པའི་དམངས་གཙོ་བདག་གཉེར་ཨུ་ལྷན། བཟོ་སྐྲུན་ཚན་པ་བཅས་ལ་ཚད་མཐོའི་མཐོང་ཆེན་དང་། གཞོགས་འདེགས་དམ་ཟབ། བཟོ་སྐྲུན་ཞིབ་ཚགས་བཅས་བྱས་ཏེ་སེ་ར་དགོན་པའི་ཉམས་གསོའི་ལས་གྲྭ་མུ་མཐུད་དམ་འཛིན་ཡག་པོ་བྱས་ནས་སྤུས་ཀ་འགན་ལེན་བྱེད་དགོས། “སྔོན་མ་ལྟར་ཉམས་གསོ་བྱེད་པ་དང་དང་ཐོག་གི་དབྱིབས་རྒྱུན་འཁྱོངས་བྱེད་དགོས་པའི ”རྩ་དོན་ལྟར་དགོན་པའི་ནང་གི་བཟོ་སྐྲུན་དངོས་པོར་སྲོལ་རྒྱུན་བྱེད་སྟངས་ལ་བརྟེན་ནས་ཉམས་གསོ་བྱེད་པ་དང་སེ་ར་དགོན་པའི་རྩ་ཆེའི་ལོ་རྒྱུས་དང་རིག་གནས་ཤུལ་བཞག་སྲུང་སྐྱོབ་དང་དོ་དམ་ཡག་པོ་བྱས་ནས་ལོ་ངོ་བརྒྱ་ཕྲག་གི་གནའ་བོའི་དགོན་པ་དེར་གསོན་ཤུགས་གསར་པ་སྣོན་དགོས་པའི་བླང་བྱ་བཏོན་གནང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།