དབུ་ཤོག>སྲིད་དོན།>སྲིད་ཇུས་གསལ་འགྲེལ།
  • དབྱིན་ཏེ་མིང་གིས་བོད་ལྗོངས་མི་རིགས་སློབ་གླིང་དུ་ལས་དོན་ལ་རྟོག་ཞིབ་དང་མཛུབ་ཁྲིད་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།   |     སྤེལ་དུས།  2015-05-09

        བོད་ལྗོངས་ཉིན་རེའི་ཚགས་པར་ཁང་དུ་ཞན་དབྱང་ནས་ཟླ་4ཚེས་12ཉིན་གློག་འཕྲིན་འབྱོར་གསལ། ཟླ་4ཚེས་10ཉིན་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་རྩ་འཛུགས་པུའི་པུའུ་ཀྲང་དབྱིན་ཏེ་མིང་དང་བཅས་པས་བོད་ལྗོངས་མི་རིགས་སློབ་གླིང་དུ་ལས་དོན་ལ་རྟོག་ཞིབ་དང་མཛུབ་ཁྲིད་གནང་བ་རེད།

        དབྱིན་ཏེ་མིང་གིས་བོད་ལྗོངས་མི་རིགས་སློབ་གླིང་གི་ལས་དོན་སྙན་ཞུ་གསན་རྗེས་བོད་ལྗོངས་མི་རིགས་སློབ་གླིང་གི་ཏང་འཛུགས་སྐྱོང་དང་དེ་བཞིན་བསམ་བློ་ཆབ་སྲིད་སློབ་གསོའི་ལས་དོན་ལ་ཚད་མཐོའི་གདེང་འཇོག་གནང་བ་མ་ཟད། ད་དུང་བོད་ལྗོངས་མི་རིགས་སློབ་གླིང་གིས་སློབ་གསོ་སློབ་ཁྲིད་ལ་སྔར་བས་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་རྒྱུ་དང་། སྔོན་གཏོད་ལེགས་བརྩོན་གྱི་བྱེད་སྒོ་གཏིང་ཟབ་སྤེལ་རྒྱུ། མཐུན་སྦྱོར་ལྡན་པའི་སློབ་གྲྭ་བསྐྲུན་རྒྱུ། སློབ་སྦྱོང་རྣམ་པའི་སློབ་གྲྭ་བསྐྲུན་རྒྱུ། ནང་ངོས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་བཅས་ཀྱི་ཐད་བླང་བྱ་བཏོན་གནང་བ་རེད། ཁོང་གིས་བོད་ལྗོངས་མི་རིགས་སློབ་གླིང་གིས་སྲོལ་རྒྱུན་བཟང་པོ་དར་སྤེལ་གཏོང་བ་དང་། དུས་རབས་ཀྱི་གོམ་སྟབས་དང་དམ་པོར་བསྟུན་པ། རང་འགུལ་ངང་བོད་ཀྱི་ཤེས་ལྡན་མི་སྣའི་ལས་དོན་གྱི་དགོས་མཁོ་གསར་པ་དང་འཚམས་པའི་ཤེས་ལྡན་མི་སྣའི་གསོ་སྦྱོང་བྱེད་སྟངས་གསར་གཏོད་བྱེད་པ། སློབ་གསོ་སློབ་ཁྲིད་ཀྱི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་བ་བཅས་ཀྱི་ཐོག་ནས་བོད་ཀྱི་ཤེས་ལྡན་མི་སྣའི་གསོ་སྦྱོང་རྟེན་གཞིའི་ནུས་པ་གལ་ཆེན་དེ་བས་ལེགས་པའི་སྒོ་ནས་འདོན་སྤེལ་གྱིས་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་བ་དང་། བོད་ཀྱི་མི་རིགས་ཁག་གི་མང་ཚོགས་ཀྱི་འཚོ་བ་ལེགས་སུ་གཏོང་བ། བོད་ཀྱི་བརྟན་ལྷིང་མཐུན་སྒྲིལ་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་ཆེད་དུ་ལེགས་སྐྱེས་གསར་པ་དེ་བས་ཆེ་བ་འབུལ་རྒྱུའི་ཐུགས་རེ་གནང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།