དབུ་ཤོག>སྲིད་དོན།>སྲིད་ཇུས་གསལ་འགྲེལ།
  • བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་དགུ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་བཅོ་ལྔ་པ་གྲོལ་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།   |     སྤེལ་དུས།  2015-05-09

        བོད་ལྗོངས་ཉིན་རེའི་ཚགས་པར་ཁང་དུ་ལྷ་ས་ནས་གནས་ཚུལ་འབྱོར་གསལ། རང་སྐྱོང་ལྗོངས་སྲིད་གྲོས་སྐབས་དགུ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་བཅོ་ལྔ་པའི་གྲོས་རིམ་ཁག་ཕུན་སུམ་ཚོགས་པོའི་ངང་ལེགས་གྲུབ་བྱུང་ནས་ཚེས་12ཉིན་གྱི་ཕྱི་དྲོ་ལྷ་སར་གྲོལ་བ་རེད།

        རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་། རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ཏང་ཙུའུ་ཡི་ཧྲུའུ་ཅི། རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་བཅས་ཡིན་པའི་པ་སངས་དོན་གྲུབ་ཀྱིས་ཚོགས་འདུའི་ཐོག་གསུང་བཤད་གནང་བ་རེད།

        རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་འཕགས་པ་ལྷ་དགེ་ལེགས་རྣམ་རྒྱལ་གྱི་མངགས་བཅོལ་ལྟར་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་། རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ཏང་ཙུའུ་ཡི་ཧྲུའུ་ཅི་གཞོན་པ། རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ། ལྗོངས་ཏང་ཨུད་འཐབ་ཕྱོགས་གཅིག་གྱུར་པུའི་པུའུ་ཀྲང་བཅས་ཡིན་པའི་ཆེ་དགྲ་ལྷས་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།

        ཚོགས་འདུའི་ཐོག་པ་སངས་དོན་གྲུབ་ཀྱིས་རིམ་ཁག་སྲིད་གྲོས་རྩ་འཛུགས་དང་། སྲིད་གྲོས་ནང་ཞུགས་མཁན་ཚན་པ་ཁག རྒྱ་ཆེའི་སྲིད་གྲོས་ཨུ་ཡོན་བཅས་ཀྱིས་ཧྲུའུ་ཅི་ཀྲང་ཆིང་ལིས་རང་སྐྱོང་ལྗོངས་ཀྱི་རྒྱལ་ཡོངས་ཀྱི་ཚོགས་འདུ་གཉིས་ཀྱི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་ཚོགས་འདུའི་ཐོག་ལྗོངས་ཡོངས་ལ་བཏོན་པའི་གཅིག་གྱུར་བླང་བྱར་གཞིགས་ནས་སྤྱི་ཁྱབ་ཧྲུའུ་ཅི་ཧུའུ་ཅིན་ཐའོ་ཡི་གསུང་བཤད་གལ་ཆེན་དང་རྒྱལ་ཡོངས་ཀྱི་ཚོགས་འདུ་གཉིས་ཀྱི་དགོངས་དོན་སློབ་སྦྱོང་ལག་བསྟར་བྱ་རྒྱུ་དེ་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ཏུ་བརྩིས་ཏེ་རང་སོ་སོའི་དོན་དངོས་དང་ཟུང་འབྲེལ་བྱས་ནས་འབད་བརྩོན་ལྷོད་མེད་ངང་དམ་འཛིན་ནན་པོ་དང་ཡག་པོ་བྱེད་དགོས་པའི་བླང་བྱ་བཏོན་གནང་བ་རེད། གོམ་སྟབས་རྗེས་མའི་ལས་དོན་ཡག་པོ་བསྒྲུབ་རྒྱུའི་སྐོར་ལ་པ་སངས་དོན་གྲུབ་ཀྱིས་བླང་བྱ་གསུམ་བཏོན་གནང་བ་སྟེ། གཅིག་ནས་རྒྱལ་ཡོངས་ཀྱི་ཚོགས་འདུ་གཉིས་ཀྱི་དགོངས་དོན་སློབ་སྦྱོང་ནན་ཏན་བྱས་ནས་ཐུན་མོང་གི་བསམ་བློ་དང་ཆབ་སྲིད་ཀྱི་རྨང་གཞི་སྔར་བས་སྲ་བརྟན་དུ་གཏོང་དགོས་པ། རིམ་ཁག་སྲིད་གྲོས་རྩ་འཛུགས་དང་རྒྱ་ཆེའི་སྲིད་གྲོས་ཨུ་ཡོན་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཧུའུ་ཅིན་ཐའོ་ཡི་གསུང་བཤད་གལ་ཆེན་དང་རྒྱལ་ཡོངས་ཀྱི་ཚོགས་འདུ་གཉིས་ཀྱི་དགོངས་དོན་གྱི་གལ་ཆེའི་དོན་སྙིང་ངོས་འཛིན་གང་ལེགས་དང་སློབ་སྦྱོང་ནན་ཏན་བྱས་ནས་སློབ་སྦྱོང་ཁྲོད་ཟུང་འབྲེལ་ཡག་པོ་བྱས་ཐོག་ཚོགས་འདུའི་དགོངས་དོན་དེ་ལས་དོན་ཁག་ནང་ལག་བསྟར་བྱེད་པ་དང་སྔོན་ལ་སློབ་སྦྱོང་བྱེད་པའི་རྨང་གཞིའི་ཐོག་དྲིལ་བསྒྲགས་དང་སློབ་གསོའི་ལས་རིགས་མང་ཚོགས་ཀྱི་ལས་དོན་ཡག་པོ་བསྒྲུབས་དགོས་པ་དང་། སློབ་སྦྱོང་དང་དྲིལ་བསྒྲགས་ཁྲོད་ཐུན་མོང་གི་ངོས་འཛིན་མཐོ་རུ་གཏོང་བ་དང་མཐུན་སྒྲིལ་བྱེད་རྒྱ་ཆེ་རུ་བཏང་ནས་ཐུན་མོང་གི་བསམ་བློ་དང་ཆབ་སྲིད་ཀྱི་རྨང་གཞི་སྔར་བས་སྲ་བརྟན་དུ་གཏོང་དགོས། གཉིས་ནས་འདུ་ཤེས་ལྔ་མཐོ་རུ་ཏན་ཏིག་བཏང་ནས་ལས་འགན་སྒྲུབ་ནུས་ཆེ་རུ་གཏོང་དགོས་པ། ཀྲུའུ་ཞི་ཅ་ཆིང་ལིན་གྱིས་རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་བཞི་པའི་ཐོག་མི་དམངས་སྲིད་གྲོས་ཀྱི་བྱ་གཞག་རྒྱུན་བསྲིང་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་སྤེལ་གཏོང་བར་ངེས་པར་དུ་ཆབ་སྲིད་ཀྱི་འདུ་ཤེས་དང་། ཁྱོན་ཡོངས་ཀྱི་འདུ་ཤེས། མང་ཚོགས་ཀྱི་འདུ་ཤེས། ལས་འགན་སྒྲུབ་པའི་འདུ་ཤེས། ཨུ་ཡོན་གྱི་འདུ་ཤེས་བཅས་བརྟན་པོ་འཛུགས་དགོས་ཞེས་མཛུབ་སྟོན་གནང་ཡོད། རང་ལྗོངས་ཀྱི་སྲིད་གྲོས་ཀྱིས་ལས་འགན་ཧ་ཅང་ལྕི་བའི “ལོ་ལྔ་ཚན་བཅུ་གཉིས་པའི ”འཆར་འགོད་ལས་འགན་དོན་འཁྱོལ་བྱེད་སྐབས་གལ་ཆེའི་ལས་འགན་ཨང་དང་པོ་སྒྲུབ་པ་དང་ཛ་དྲག་ཅིང་ཪྙོང་འཛིང་ཆེ་བའི་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་དུས་བབ་འོག་ཆབ་སྲིད་ཀྱི་འགན་འཁྲི་ཨང་དང་པོ་ལག་ལེན་བསྟར་བ་དང་། མགྱོགས་མྱུར་ངང་འཕེལ་རྒྱས་འགྲོ་བའི་དུས་རབས་ནང་རང་ལྗོངས་ཀྱི་རྒྱལ་གཅེས་འཐབ་ཕྱོགས་གཅིག་གྱུར་སྲ་བརྟན་དང་རྒྱ་ཆེར་གཏོང་བ། བོད་ཀྱི་འཕེལ་རྒྱས་དང་ཡར་ཐོན་ལ་སྐུལ་མ་གཏོང་བའི་འཕེལ་རིམ་ནང་མི་དམངས་སྲིད་གྲོས་ཀྱི་བྱ་གཞག་གི་རྣམ་པ་གསར་པ་གཏོད་པ་བཅས་བྱེད་པར་ང་ཚོས་ལས་འགན་ལེགས་སྒྲུབ་བྱེད་པ་དང་བྱས་རྗེས་དངོས་འཇོག་དགོས། འདུ་ཤེས་ལྔ་པོ་དེ་ནི་ང་ཚོས་འགན་ནུས་སྒྲུབ་པའི་བླ་སྲོག་དང་དམག་སྤྱི་ལྟ་བུ་ཞིག་རེད། ང་ཚོས་ངེས་པར་དུ་འདུ་ཤེས་ལྔ་བརྟན་པོ་འཛུགས་པ་དང་ལས་དོན་ལ་སྐུལ་མ་གཏོང་བ་དང་ལས་ཕྱོད་ཆེ་ཙམ་ཐོན་པའི་སྒྲིག་སྲོལ་དང་ལམ་སྲོལ་རྒྱུན་ཆད་མེད་པར་འཐུས་ཚང་དུ་གཏོང་བ་དང་འགན་ནུས་སྒྲུབ་པའི་བཀྲག་མདངས་འཚེར་ས་ནུས་ཤུགས་ཡོད་རྒུས་གཏོད་དེ་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་ནས་བོད་ཀྱི་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་དང་ཡུན་རིང་བདེ་འཁོད་ལ་སྐུལ་མ་གཏོང་བ་དང་རྒྱལ་ཡོངས་འཕེལ་རྒྱས་འགྲོ་བའི་གོམ་སྟབས་ཀྱི་རྗེས་སུ་འབྲངས་བའི་ཁྲོད་སྔར་བས་ཆེ་བའི་བྱས་རྗེས་འཇོག་དགོས། གསུམ་ནས་སྤྱོད་ཚུལ་འགྱུར་ལྡོག་ཏན་ཏིག་བཏང་ནས་རང་ལྗོངས་ཀྱི “ལོ་ལྔ་ཚན་བཅུ་གཉིས་པའི ”འཆར་འགོད་ལག་ལེན་བསྟར་ཕྱིར་འཐབ་ཇུས་འདོན་པ་དང་སྟོབས་ཤུགས་འབུལ་དགོས་པ། རིམ་ཁག་སྲིད་གྲོས་རྩ་འཛུགས་དང་རྒྱ་ཆེའི་སྲིད་གྲོས་ཨུ་ཡོན་གྱིས་ལྗོངས་ཏང་ཨུད་ཀྱི་འབོད་སྐུལ་དང་ལེན་ཧུར་ཐག་བྱས་ཐོག་བརྗོད་བྱ་གཙོ་བོ་དང་གཙོ་རྐང་ལ་དམ་པོར་དམིགས་ཏེ་དཔལ་འབྱོར་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་ལ་སྐུལ་མ་གཏོང་ཕྱིར་སྲིད་གླེང་ཇུས་འདོན་བྱེད་པ་དང་། ཡུན་རིང་བདེ་འཁོད་ལ་དམིགས་ནས་འགན་འཁྲི་ལེགས་སྒྲུབ་བྱས་ཏེ་སྤྱི་ཚོགས་མཐུན་སྦྱོར་ལྡན་པ་དང་བརྟན་ལྷིང་ཡོང་བར་སྐུལ་མ་གཏོང་བ། ལེགས་ཆ་འདོན་སྤེལ་བྱས་ནས་དུས་བབ་གསར་པའི་འོག་གི་མང་ཚོགས་ཀྱི་ལས་དོན་ཡག་པོ་བསྒྲུབ་སྟེ་ལྗོངས་ཡོངས་ཀྱི་འཛུགས་སྐྲུན་རླབས་རྒྱུན་ནང་མི་དམངས་སྲིད་གྲོས་ཀྱི་ཐུན་མོང་མ་ཡིན་པའི་རིན་ཐང་མངོན་པ་བྱེད་དགོས་པ་བཅས་རེད།

        ཚོགས་འདུའི་ཐོག་ཆེ་དགྲ་ལྷས་བསམ་བློ་དང་བྱ་སྤྱོད་ནི་ཚོགས་འདུ་དང་འགོ་ཁྲིད་ཀྱི་གསུང་བཤད་གལ་ཆེན་ཐོག་གཅིག་གྱུར་ཡོང་བ་བྱེད་པ་དང་བློ་གྲོས་དང་སྟོབས་ཤུགས་ནི “ལོ་ལྔ་ཚན་བཅུ་གཉིས་པའི ”འཆར་འགོད་ཀྱི་དམིགས་ཚད་ལས་འགན་མངོན་འགྱུར་ཡོང་བའི་ཐོག་གཅིག་སྒྲིལ་བྱས་ནས་མི་དམངས་སྲིད་གྲོས་ཀྱི་ཆབ་སྲིད་གྲོས་མོལ་དང་། དམངས་གཙོའི་ལྟ་སྐུལ། སྲིད་ཞུགས་སྲིད་གྲོས་བཅས་ཀྱི་འགན་ནུས་ཡག་པོ་སྒྲུབ་པ་དང་འབྲེལ་མཐུན་སྦྱོར་ཡོང་བ་བྱེད་པ་དང་། སྟོབས་ཤུགས་གཅིག་ཏུ་སྒྲིལ་བ། ཐབས་ཇུས་འདོན་པ། ཁྱོན་ཡོངས་ལ་ཞབས་འདེགས་ཞུ་བ་བཅས་ཀྱི་མི་དམངས་སྲིད་གྲོས་ཀྱི་ནུས་པ་འདོན་སྤེལ་ཡག་པོ་བྱས་ཐོག་ཕུལ་དུ་བྱུང་བའི་གྲུབ་འབྲས་ཀྱི་ཐོག་ནས་ཀྲུང་གོ་གུང་ཁྲན་ཏང་དབུ་བཪྙེས་ནས་ལོ་ངོ་90འཁོར་བ་དང་བོད་ཞིབ་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་60འཁོར་བར་ལེགས་སྐྱེས་འབུལ་དགོས་ཞེས་གསུངས་པ་རེད།

        ཚོགས་འདུའི་རིང་ཚོགས་ཞུགས་བློ་མཐུན་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཧུའུ་ཅིན་ཐའོ་ཡིས་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་བཞི་པའི་བོད་ཀྱི་འཐུས་མི་ཚོགས་པའི་གྲོས་མོལ་ནང་ཞུགས་སྐབས་གནང་བའི་གསུང་བཤད་གལ་ཆེན་དང་རྒྱལ་ཡོངས་ཀྱི་ཚོགས་འདུ་གཉིས་ཀྱི་དགོངས་དོན་ལ་དམིགས་ནས་ཚོགས་ཆུང་ཁག་བགོས་ཀྱིས་གྲོས་བསྡུར་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།