དབུ་ཤོག>སྲིད་དོན།>སྲིད་ཇུས་གསལ་འགྲེལ།
  • ནོར་བུ་དོན་གྲུབ་ས་སྐྱ་རྫོང་རྨ་བྱ་ཤང་ཕུ་དམར་གྲོང་ཚོར་ཟབ་སྐྱོད་ཀྱིས་རྟོག་ཞིབ་གནང་བ།

  • ཡོང་ཁུངས།  བོད་ལྗོངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2015-05-09

        བོད་ལྗོངས་ཉིན་རེའི་ཚགས་པར་ཁང་དུ་ལྷ་ས་ནས་གནས་ཚུལ་འབྱོར་གསལ། ཉེ་ཆར་རང་སྐྱོང་ལྗོངས་མཐོ་རིམ་མི་དམངས་ཁྲིམས་ཁང་གི་ཏང་ཙུའུ་ཡི་ཧྲུའུ་ཅི་ཡོའན་ཀྲང་ནོར་བུ་དོན་གྲུབ་ས་སྐྱ་རྫོང་རྨ་བྱ་ཤང་ཕུ་དམར་གྲོང་ཚོར་ཟབ་སྐྱོད་ཀྱིས་ཕུ་དམར་གྲོང་ཚོར་བཅའ་སྡོད་ལྗོངས་མཐོ་རིམ་མི་དམངས་ཁྲིམས་ཁང་གི་ལས་དོན་ཚོགས་ཆུང་གི་ཁོངས་མིར་བྱམས་བརྩེའི་འཚམས་འདྲི་གནང་བ་དང་འབྲེལ་ས་གནས་ས་ཐོག་ཏུ་ཕུ་དམར་གྲོང་ཚོའི་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བའི་གནས་ཚུལ་ལ་བརྟག་བཤེར་དང་མཁྱེན་རྟོགས་གནང་བ་མ་ཟད། གྲོང་ཚོར་བཅའ་སྡོད་ལས་དོན་ཚོགས་ཆུང་དང་གྲོང་ཚོའི “ཨུ་ལྷན་གཉིས ”ཀྱི་ཚན་པ་དང་མཉམ་དུ་ཕུ་དམར་གྲོང་ཚོའི་བརྟན་ལྷིང་དང་འཕེལ་རྒྱས་ཀྱི་ལམ་བུ་འཆར་འགོད་བྱས་པ་རེད།

        མང་ཚོགས་དང་ཉེ་བར་བཅར་བ་དང་ཐད་ཀར་དམངས་འཚོར་མཁྱེན་རྟོགས་བྱ་ཆེད་ནོར་བུ་དོན་གྲུབ་དང་བཅས་པ་ཕུ་དམར་གྲོང་ཚོའི་དུད་ཚང་དབུལ་པོ་དང་མ་མཐའི་འཚོ་བ་འགན་ལེན་གྱི་དུད་ཚང་སོ་སོར་གནས་ཚང་གཡར་ནས་མང་ཚོགས་དང་བཀའ་མོལ་ལྷུག་གླེང་གནང་བ་དང་། ལྗོངས་ཏང་ཨུད་ཀྱི་ཞིང་འཕར་ཞིང་ཕན་སྲིད་ཇུས་དོན་འཁྱོལ་བྱེད་ཚུལ་དང་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བའི་ཁྲོད་ཀྱི་མངོན་གསལ་དོད་པའི་གནད་དོན་ཤེས་རྟོགས་ཞིབ་ཕྲ་གནང་བ། མི་སེར་གྱི་ཁ་ཚ་དགོས་གཏུག་དང་། ཆེས་དངོས་ཡོད། རེ་སྒུག་བྱེད་ཆེ་ཤོས་བཅས་ཀྱི་རེ་བ་དང་བསམ་འདུན་གསན་པ་རེད། ནོར་བུ་དོན་གྲུབ་ཀྱིས་ཕུ་དམར་གྲོང་ཚོའི་ཆུ་གསོག་རྫིང་བུའི་རྣམ་པ་དང་། ཆུ་དང་། ཐན་པ། འདམ་རྡོའི་ཆུ་རུད་ཀྱི་གནོད་འཚེའི་གནས་ཚུལ། ཆུ་ཡུར་དང་ཆུ་རགས་ཀྱི་རྣམ་པ་དང་དེ་བཞིན་བྱེ་མ་དང་ཆུ་ལོག་འགོག་པའི་གནས་ཚུལ་བཅས་ལ་རྟོག་ཞིབ་གནང་བ་དང་། དུད་ཚང་ཕྱུག་པོ་ཡེ་ཤེས་ལ་བཅར་འདྲི་གནང་སྟེ་ཁོང་གི་ཕྱུག་འགྱུར་ཐབས་ལམ་དང་ཉམས་མྱོང་མཁྱེན་རྟོགས་ཞིབ་ཕྲ་གནང་བ་རེད། དུད་ཚང་དབུལ་པོ་སྒྲོལ་མ་དང་ཚེ་བརྟན་གྱི་ཁྱིམ་དུ་ནོར་བུ་དོན་གྲུབ་ཀྱིས་ཁྱིམ་བདག་ལ་ཁྱིམ་ཚང་གི་མི་གྲངས་དང་། ཡོང་འབབ། ཁ་གསབ་ལོངས་སྤྱོད་ཀྱི་གནས་ཚུལ། ཐོན་སྐྱེད་དང་འཚོ་བའི་དཀའ་ངལ་བཅས་དྲིས་པ་མ་ཟད་འཚམས་འདྲིའི་དངུལ་དང་འཚོ་བའི་དངོས་པོ་གནང་ཞིང་། ཁོང་ཚོར་ས་ཆ་དེ་གའི་ཏང་ཨུད་དང་། སྲིད་གཞུང་། གྲོང་ཚོ “ཨུ་ལྷན་གཉིས ”ཀྱི་ཚན་པ་དང་། གྲོང་ཚོར་བཅའ་སྡོད་ལས་དོན་ཚོགས་ཆུང་བཅས་ཀྱི་ཐུགས་ཁུར་དང་རོགས་རམ་འོག་བློ་བརྟན་འགྱུར་མེད་དང་། ལྟ་ཚུལ་ལ་འགྱུར་ལྡོག་གཏོང་བ། ཐབས་ལམ་ཆེར་སྐྱེད་པ། ཕྱུག་འགྱུར་འབད་བརྩོན་བཅས་བྱ་དགོས་པའི་སྐུལ་ལྕག་གནང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།