དབུ་ཤོག>སྲིད་དོན།>སྲིད་ཇུས་གསལ་འགྲེལ།
  • བོད་ལྗོངས་ཀྲུང་ཤིན་ཚོང་དོན་ཚོགས་པ་འགན་འཁྲི་ཚད་ཡོད་ཀུང་སི་དངོས་སུ་བཙུགས་པ།

  • ཡོང་ཁུངས།  བོད་ལྗོངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2015-05-09

        བོད་ལྗོངས་ཉིན་རེའི་ཚགས་པར་ཁང་དུ་ལྷ་ས་ནས་གནས་ཚུལ་འབྱོར་གསལ། ཚེས་6ཉིན་བོད་ལྗོངས་ཀྲུང་ཤིན་ཚོང་དོན་ཚོགས་པ་འགན་འཁྲི་ཚད་ཡོད་ཀུང་སི་དངོས་སུ་བཙུགས་པ་དེ་ཐོག་ནས་བོད་ལྗོངས་ཚོང་དོན་ཟོག་འགྲེམས་ཁེ་ལས་ལམ་ལུགས་སྒྱུར་བཅོས་བསྐྱར་འཛུགས་བསྡུ་འགྲིལ་ཐད་ལོ་རྒྱུས་རང་བཞིན་གྱི་གོམ་སྟབས་ཤིག་སྤོས་པ་མཚོན་གྱི་ཡོད་ལ་དཔལ་འབྱོར་འཕེལ་རྒྱས་གཏོང་སྟངས་བསྒྱུར་མགྱོགས་སུ་གཏོང་བ་དང་ཕྱི་ཕྱོགས་ཚོང་དོན་དང་ཟོག་འགྲེམས་ལས་རིགས་དང་ཞབས་ཞུའི་ལས་རིགས་ལ་རྒྱབ་སྐྱོར་བྱས་ནས་ཨེ་ཤེ་ཡ་ལྷོ་མའི་ཚོང་དོན་གྱི་སྐམ་སའི་ལམ་ཆེན་ཞིག་གཏོད་འགོའང་ཚུགས་ཡོད།

        རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་པད་མ་འཕྲིན་ལས་དང་། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ཨུད་ཀྱི་ཀྲུའུ་རེན་གཞོན་པ་ཀྲང་གཡོད་ཕིང་། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་ཏེང་ཞའོ་ཀང་། རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ལིའུ་ཆིང་ཧུའེ་བཅས་ཀྱིས་ཀྲུང་ཤིན་ཚོང་དོན་ཚོགས་པ་ཀུང་སིའི་བོད་རྒྱ་ཡིག་རིགས་གཉིས་ལྡན་གྱི་སྒོ་བྱང་གི་ཡོལ་ཁེབས་ཕྱེ་གནང་བ་རེད།

        རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་ཏེང་ཡེ་ཤན་གྱིས་ཡོལ་ཁེབས་ཕྱེ་བའི་མཛད་སྒོའི་ཐོག་གསུང་བཤད་གནང་བ་དང་རང་སྐྱོང་ལྗོངས་སྲིད་གཞུང་གི་ཏང་ཙུའུ་ཡི་ཁོངས་མི་དྲུང་ཆེ་ཀའོ་དབྱང་གིས་བོད་ལྗོངས་ཀྲུང་ཤིན་ཚོང་དོན་ཚོགས་པ་བསྐྱར་འཛུགས་མོས་མཐུན་བྱུང་ཚུལ་སྐོར་གྱི་བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་མཆན་བཀོད་བཀའ་ལན་སྒྲོག་སྦྱངས་གནང་བ་རེད།

        ཏེང་ཡེ་ཤན་གྱིས་གསུང་བཤད་གནང་སྐབས་བོད་ཞི་བས་བཅིངས་འགྲོལ་བཏང་ཚུན་དང་ལྷག་པར་དུ་སྒྱུར་བཅོས་སྒོ་དབྱེ་བྱས་ཚུན་རང་ལྗོངས་ཀྱི་གཞུང་ཁོངས་ཚོང་དོན་ཁེ་ལས་ཀྱིས་ཁྲོམ་རར་མཁོ་འདོན་འགན་ལེན་དང་། དཔལ་འབྱོར་གོང་འཕེལ་ལ་སྐུལ་གཏོང་། མི་དམངས་ཀྱི་འཚོ་བ་ལེགས་སུ་གཏོང་བ། སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་། ལས་ཞུགས་མང་གཏོང་སོགས་ཀྱི་ཐད་གལ་ཆེའི་ནུས་པ་ཐོན་ནས་བོད་ཀྱི་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་དང་ཡུན་རིང་བདེ་འཁོད་ལ་སྐུལ་མ་གཏོང་ཆེད་ལེགས་སྐྱེས་ཆེན་པོ་ཕུལ་ཡོད། འོན་ཀྱང་སྤྱི་ཚོགས་རིང་ལུགས་ཀྱི་ཁྲོམ་རའི་དཔལ་འབྱོར་སྒྲིག་གཞི་སྒྱུར་བཅོས་ཟམ་མི་ཆད་པར་གཏིང་ཟབ་ཏུ་འགྲོ་བ་དང་གཞུང་ཁོངས་ཚོང་དོན་ཁེ་ལས་འཚོ་གནས་འཕེལ་རྒྱས་དང་སྒྱུར་བཅོས་བྱེད་རིང་དཀའ་ངལ་དང་གནད་དོན་མང་དག་འཕྲད་ཡོད་པས་ཐོན་ཁུངས་བསྡུ་སྒྲིལ་གང་མགྱོགས་བྱེད་པ་དང་། ཕན་ནུས་གཅིག་སྡུད་དང་གཞི་ཁྱོན་གྱི་ལེགས་ཆ་འདོན་སྤེལ་བྱེད་པ། གསོག་ཐེབས་ཕན་སྒྱུར་བྱེད་པ། འཕར་ཚད་མང་དུ་གཏོང་བ། གཞུང་ཁོངས་དཔལ་འབྱོར་གྱི་གཞི་ཁྱོན་རྒྱ་ཆེར་གཏོང་བ། གཞུང་ཁོངས་དཔལ་འབྱོར་བཀོད་སྒྲིག་བྱེད་རྒྱུ་ལེགས་སུ་གཏོང་བ་བཅས་བྱས་ནས་རང་ལྗོངས་ཀྱི་ཚོང་དོན་ཁེ་ལས་དེ་ཚོགས་པ་ཅན་དང་། གཞི་ཁྱོན་ཅན། ལེགས་བསྡུས་ཞིབ་གཉེར་ཅན་བཅས་ཀྱི་ཕྱོགས་སུ་འཕེལ་རྒྱས་ཡོང་བར་སྐུལ་མ་གཏོང་དགོས། རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ཆོག་མཆན་ཐོབ་པ་བརྒྱུད་བོད་ལྗོངས་ཀྲུང་ཤིན་ཚོང་དོན་ཚོགས་པ་འགན་འཁྲི་ཚད་ཡོད་ཀུང་སི་བསྐྱར་འཛུགས་བྱ་རྒྱུའི་གཏན་འཁེལ་བྱས་པ་དེ་ནི་རང་ལྗོངས་ཀྱིས་ཀྲུང་གོའི་ཁྱད་ཆོས་དང་བོད་ཀྱི་དམིགས་བསལ་ཁྱད་ཆོས་ལྡན་པའི་གཞུང་ཁོངས་ཁེ་ལས་སྒྱུར་བཅོས་འཕེལ་རྒྱས་ཀྱི་ལམ་བུའི་ཐོག་སྐྱོད་པའི་དོན་ཆེན་ཞིག་དང་བཀྲ་ཤིས་པའི་བྱ་བ་ཞིག་ཡིན་པས་རང་ལྗོངས་ཀྱི་ཚོང་དོན་དཔལ་འབྱོར་མགྱོགས་མྱུར་འཕེལ་རྒྱས་ཡོང་བར་སྐུལ་མ་ནུས་ལྡན་ཐེབས་ངེས་ཡིན་པ་དང་། བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་། ལྗོངས་ནང་ཁུལ་གྱི་མི་རིགས་ཁག་གི་མང་ཚོགས་ཀྱི་ཉིན་བཞིན་ཆེ་རུ་འགྲོ་བའི་དངོས་པོ་དང་རིག་གནས་ཀྱི་དགོས་མཁོ་སྐོང་རྒྱུ། ལས་ཞུགས་ཆེར་གཏོང་། སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་། རང་ལྗོངས་ཀྱི་གཞུང་ཁོངས་ཁེ་ལས་སྒྱུར་བཅོས་དང “ཐོན་ལས་གསུམ་པ་གོང་འཕེལ་ཤུགས་ཆེན་གཏོང་རྒྱུ ”བཅས་ཐད་ཀྱི་རྒྱང་རིང་གཏིང་ཟབ་ཀྱི་ཤུགས་རྐྱེན་ཐེབས་ངེས་རེད་ཅེས་གསུངས་པ་རེད།

        ཏིང་ཡེ་ཤན་གྱིས་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་ཚོང་དོན་ཚོགས་པ་བསྐྱར་འཛུགས་ལས་དོན་ལ་ཚད་མཐོའི་མཐོང་ཆེན་དང་ཐུགས་ཁུར་ཧ་ཅང་ཆེན་པོ་གནང་གི་ཡོད། བོད་ལྗོངས་ཀྲུང་ཤིན་ཚོང་དོན་ཚོགས་པས་རང་ལྗོངས་ཀྱི་ཕྱི་ནང་ཚོང་དོན་འཕེལ་རྒྱས་གཏོང་བ་དང་། དམངས་འཚོ་འགན་ལེན་དང་ལེགས་སུ་གཏོང་བ། འཁོར་རྒྱུག་འཁྲུག་ཏུ་གཏོང་བ་བཅས་ལ་སྣེ་ཁྲིད་དང་སྐུལ་མ་གཏོང་བའི་གཟི་བརྗིད་ལྡན་པའི་འགན་འཁྲི་ཕྲག་ཐོག་ཏུ་ཏན་ཏིག་འཁུར་ནས་རང་སྐྱོང་ལྗོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཁྱོན་ཡོངས་ལ་ཞབས་འདེགས་ཞུ་རྒྱུ་དང་ལེན་བྱེད་དགོས་པ་དང་། འཕེལ་རྒྱས་ཀྱི་བསམ་ཕྱོགས་གསལ་བཟོ་དང་སྒྲིག་གཞིའི་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་ནས་གཞུང་ཁོངས་ཁེ་ལས་ལ་ལྡན་དགོས་པའི་ཆབ་སྲིད་ཀྱི་འགན་འཁྲི་དང་། དཔལ་འབྱོར་གྱི་འགན་འཁྲི། སྤྱི་ཚོགས་ཀྱི་འགན་འཁྲི་བཅས་ནན་ཏན་ངང་ལག་བསྟར་ཡག་པོ་བྱས་ནས་གོ་སྐབས་དམ་འཛིན་དང་། ཡིད་ཆེས་བརྟན་གཏོང་། གསར་འབྱེད་ཡར་བརྩོན། ལས་དོན་ཏན་ཏིག་སྒྲུབ་པ་བཅས་བྱས་ནས་གྲུབ་འབྲས་གསར་པ་རྒྱུན་ཆད་མེད་པར་ཐོབ་པ་བྱས་ཏེ་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་སྲ་ཞིང་བརྟན་པའི་འགོ་ཁྲིད་འོག་བོད་ཀྱི་ཚོང་དོན་འཁོར་རྒྱུག་ལས་རིགས་དེ་ཚན་རིག་དང་མཐུན་པའི་འཕེལ་རྒྱས་དང་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་ཡོང་བར་སྐུལ་མ་བཏང་སྟེ་རང་ལྗོངས་ཀྱི་གཞུང་ཁོངས་ཁེ་ལས་སྒྱུར་བཅོས་འཕེལ་རྒྱས་ཟབ་ཏུ་གཏོང་ཆེད་ལེགས་སྐྱེས་གསར་པ་དེ་བས་ཆེ་བ་འབུལ་རྒྱུའི་རེ་བ་ཡོད་ཅེས་ནན་བཤད་གནང་བ་རེད།

        རང་སྐྱོང་ལྗོངས་གཞུང་ཁོངས་རྒྱུ་ནོར་ལྟ་སྐུལ་དོ་དམ་ཨུ་ཡོན་ལྷན་ཁང་གི་འགན་ཁུར་བློ་མཐུན་གྱིས་ཡོལ་ཁེབས་ཕྱེ་བའི་མཛད་སྒོའི་ཐོག་གཏམ་བཤད་སྤེལ་བ་རེད།

        རང་སྐྱོང་ལྗོངས་སྲིད་གཞུང་གཞུང་ལས་ཐིང་དང་། ལྗོངས་ཏང་ཨུད་རྩ་འཛུགས་པུའུ། དྲིལ་བསྒྲགས་པུའུ། རང་སྐྱོང་ལྗོངས་འཕེལ་སྒྱུར་ཨུ་ལྷན། བཟོ་ལས་དང་ཆ་འཕྲིན་ཅན་ཐིང་། ནོར་སྲིད་ཐིང་སོགས་འབྲེལ་ཡོད་སྡེ་ཚན་གྱི་འགན་ཁུར་བ་དང་དེ་བཞིན་འབྲེལ་ཡོད་ཁེ་ལས་ཀྱི་འཐུས་མི་ཡོལ་ཁེབས་ཕྱེ་བའི་མཛད་སྒོར་ཕེབས་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།