དབུ་ཤོག>སྲིད་དོན།>སྲིད་ཇུས་གསལ་འགྲེལ།
  • ལྷ་ས་གྲོང་ཁྱེར་གྱིས་དྭངས་གསལ་དུས་ཚིགས་ཀྱི་དུར་མཆོད་བྱེད་སྒོ་སྤེལ་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།   |     སྤེལ་དུས།  2015-05-09

        ཟླ་4ཚེས་5ཉིན་ཀྲང་ཆིང་ལི་དང་། ཀྲུའུ་ཝུའེ་ཆུན། པད་མ་འཕྲིན་ལས། དབྱང་ཅིན་ཧྲན། ལང་ཡིའུ་ལེའང་སོགས་འགོ་ཁྲིད་བློ་མཐུན་ལྷ་སའི་གསར་བརྗེའི་སྔོན་གཤེགས་དཔའ་བོའི་བང་སོར་ཕེབས་ནས་ལྷ་སའི་མི་རིགས་དང་ལས་རིགས་ཁག་གི་འཐུས་མི་དང་ལྷན་དུ་བླ་ན་མེད་པའི་དད་གུས་ཀྱི་སེམས་པ་འཆང་བཞིན་དྭངས་གསལ་དུས་ཚིགས་ཀྱི་དུར་མཆོད་བྱེད་སྒོར་ཞུགས་ནས་གསར་བརྗེའི་སྔོན་གཤེགས་དཔའ་བོའི་དྲན་གསོའི་རྡོ་རིང་ལ་མེ་ཏོག་ཕྲེང་བ་ཕུལ་བ་དང་འབྲེལ་བོད་ཀྱི་གསར་བརྗེ་དང་འཛུགས་སྐྲུན་བྱ་གཞག་ཆེད་ནམ་ཡང་མི་ནུབ་པའི་བྱས་རྗེས་འཇོག་མཁན་གསར་བརྗེའི་སྔོན་གཤེགས་དཔའ་བོ་ཚོར་སྙིང་དབུས་ནས་དྲན་གསོ་ཞུས་གནང་བ།

        བོད་ལྗོངས་ཉིན་རེའི་ཚགས་པར་ཁང་དུ་ལྷ་ས་ནས་ཟླ་4ཚེས་5ཉིན་གནས་ཚུལ་འབྱོར་གསལ། གོང་ཚེས་ཉིན་གྱི་ལྷ་སར་གསར་བརྗེའི་སྔོན་གཤེགས་དཔའ་བོའི་བང་སོ་དེ་བས་སྔོ་ཐིང་ཐིང་དང་བརྗིད་ཆགས་སྒམ་བརླིང་ལྡན་པ་ཞིག་མངོན། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཀྲང་ཆིང་ལི་དང་། ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའི་རྒྱུན་ལས་པུའུ་ཀྲང་གཞོན་པ་ཀྲུའུ་ཝུའེ་ཆུན། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་པད་མ་འཕྲིན་ལས་སོགས་འགོ་ཁྲིད་བློ་མཐུན་ལྷ་སའི་གསར་བརྗེའི་སྔོན་གཤེགས་དཔའ་བོའི་བང་སོའི་མདུན་དུ་ཕེབས་ནས་ལྷ་ས་གྲོང་ཁྱེར་གྱི་མི་རིགས་ཁག་དང་ལས་རིགས་ཁག་གི་འཐུས་མི་དང་ལྷན་དུ་དད་གུས་དཔག་མེད་གནང་བཞིན་དྭངས་གསལ་དུས་ཚིགས་ཀྱི་དུར་མཆོད་བྱེད་སྒོར་ཞུགས་ཏེ་གསར་བརྗེའི་དཔའ་བོའི་དྲན་གསོའི་རྡོ་རིང་ལ་འདས་མཆོད་མེ་ཏོག་ཕྲེང་བ་ཕུལ་ཐོག་བོད་ཀྱི་གསར་བརྗེ་དང་འཛུགས་སྐྲུན་བྱ་གཞག་ཆེད་ཉམས་རྒྱུ་མེད་པའི་བྱས་རྗེས་འཇོག་མཁན་གསར་བརྗེའི་སྔོན་གཤེགས་དཔའ་བོར་སྙིང་དབུས་ནས་དྲན་གསོ་ཞུས་པ་རེད།

        རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་དབྱང་ཅིན་ཧྲན་དང་། ལང་ཡིའུ་ལེའང་། ཆིན་དབྱི་ཀྲི། ཆེ་དགྲ་ལྷ་སོགས་བྱེད་སྒོར་ཕེབས་པ་རེད།

        སྔ་དྲོའི་ཆུ་ཚོད་10 པར་འདས་མཆོད་མེ་ཏོག་ཕྲེང་བ་འབུལ་བའི་མཛད་སྒོ་འགོ་ཚུགས་པ་དང་གཟི་ཉམས་དོད་པའི་དྲག་ཆས་ཉེན་རྟོག་གི་གུས་དམག་8ཀྱིས་འདས་མཆོད་མེ་ཏོག་ཕྲེང་བ་4བཏེགས་ནས་དྲན་གསོའི་རྡོ་རིང་མདུན་དུ་གོམ་སྟབས་འགྲིག་པོས་བསྐྱོད་དེ་འདས་མཆོད་མེ་ཏོག་ཕྲེང་བ་དྲན་གསོའི་རྡོ་རིང་གི་མདུན་དུ་བཞག་པ་རེད།

        ཀྲང་ཆིང་ལི་དང་། ཀྲུའུ་ཝུའེ་ཆུན། པད་མ་འཕྲིན་ལས། དབྱང་ཅིན་ཧྲན། ལང་ཡིའུ་ལེའང་བཅས་ཀྱིས་དལ་པོའི་ངང་དྲན་གསོའི་རྡོ་རིང་གི་སྟེགས་བུ་འཛེག་གནང་སྟེ་འདས་མཆོད་མེ་ཏོག་ཕྲེང་བའི་མདུན་ནས་རྡོ་རིང་ལ་གཟིགས་པ་རེད།

        ཀྲང་ཆིང་ལི་དང་ཀྲུའུ་ཝུའེ་ཆུན་གྱིས་སྒམ་བརླིང་ལྡན་པའི་ངང་མདུན་དུ་ཕེབས་ནས་མྱ་ངན་ཞུ་བའི་ཆ་ཡིག་ལེགས་སྒྲིག་གནང་།

        དེ་རྗེས་མི་སྣ་ཡོངས་ཀྱིས་གསར་བརྗེའི་སྔོན་གཤེགས་དཔའ་བོར་ངག་བསྡམས་ནས་མྱ་ངན་ཞུས།

        སྔོན་གཤེགས་དཔའ་བོའི་བང་སོ་དམག་སྡེ་བཅོ་བརྒྱད་པའི་བང་སོའི་ཁུལ་དུ་ཀྲང་ཆིང་ལི་དང་། ཀྲུའུ་ཝུའེ་ཆུན། པད་མ་འཕྲིན་ལས་སོགས་འགོ་ཁྲིད་བློ་མཐུན་གྱིས་བློ་མཐུན་ཁུང་ཕན་སེན་གྱི་སྔོན་གཤེགས་དཔའ་བོའི་བང་སོའི་མདུན་དུ་ཕེབས་ནས་དྲན་གསོ་ཞུས་རྗེས་མེ་ཏོག་གཟེབ་མ་ཕུལ་གནང་བ་རེད།

        ཀྲང་ཆིང་ལི་དང་། ཀྲུའུ་ཝུའེ་ཆུན། དབྱང་ཅིན་ཧྲན། ལང་ཡིའུ་ལེའང་སོགས་ཀྱིས་ད་དུང་བློ་མཐུན་ཐན་ཀོན་སན་གྱི་སྔོན་གཤེགས་དཔའ་བོའི་བང་སོའི་མདུན་དུ་ཕེབས་ནས་དྲན་གསོ་ཞུས་པ་དང་འབྲེལ་མེ་ཏོག་གཟེབ་མ་ཕུལ་གནང་།

        ལྷ་ས་གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་ཧྲེ་ཀྲང་རྡོ་རྗེ་ཚེ་གྲུབ་ཀྱིས་དུར་མཆོད་བྱེད་སྒོའི་ཐོག་གསུང་བཤད་གནང་བ་རེད།

        དྭངས་གསལ་དུས་ཚིགས་ཀྱི་དུར་མཆོད་བྱེད་སྒོར་ཕེབས་མཁན་འགོ་ཁྲིད་གྲས་སུ་ད་དུང་ཀྲའོ་ཀྲེང་ཤིའུ་དང་། ཤིང་རྩ་བསྟན་འཛིན་ཆོས་གྲགས། རྡོ་རྗེ། ཝུའུ་ཅིན་ཧུའེ། ལྕགས་རྭ་བློ་བཟང་བསྟན་འཛིན། ཏེང་ཞའོ་ཀང་། ཀུང་ཕུ་ཀོང་། མོང་ཏེ་ལི། བདེ་སྐྱིད། རྡོ་ཐོགས། ཏུང་མིང་ཅུན། ཏེང་ཡེ་ཤན། ཆའོ་ཡོན་ཀྲུང་། ལིའུ་ཆིང་ཧུའེ། ཝང་ཀུའེ་ཧྲེང་། ཡུས་ཁུན། ཀུའོ་དབྱི་ལི། སུན་ལི་ཅུན། ཁྱུང་སད། ཀའོ་དབྱང་སོགས་ཡོད་པ་རེད།

        ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའི་བོད་སྐྱོད་བརྟག་ཞིབ་ཚོགས་ཆུང་བཅས་པ་དང་ལྷ་ས་གྲོང་ཁྱེར་དང་རང་སྐྱོང་ལྗོངས་ཀྱི་འབྲེལ་ཡོད་སྡེ་ཚན་གྱི་འགན་འཁུར་བློ་མཐུན་གཙོ་བོ་དུར་མཆོད་བྱེད་སྒོར་ཞུགས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།