བོད་ལྗོངས་ཉིན་རེའི་ཚགས་པར་ཁང་དུ་ལྷ་ས་ནས་ཟླ་3ཚེས་31ཉིན་གནས་ཚུལ་འབྱོར་གསལ། ཚེས་31ཉིན་གྱི་ཕྱི་དྲོ་ལྷ་སར་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་དགུ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་ཉེར་གཅིག་པའི་གྲོས་རིམ་ཁག་ཐུགས་གྲ་ལེགས་འགྲིག་བྱུང་ནས་རྒྱལ་ཁའི་ངང་གྲོལ་བ་རེད།
རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ཨུད་ཀྱི་ཀྲུའུ་རེན་གཞོན་པ་ཉི་མ་ཚེ་རིང་གིས་ཚོགས་འདུ་གཙོ་སྐྱོང་གནང་བ་དང་འབྲེལ་གསུང་བཤད་ཀྱང་གནང་ཞིང་། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ཨུད་ཀྱི་ཀྲུའུ་རེན་གཞོན་པ་ཀྲང་གཡོད་ཕིང་དང་། ཀྲའོ་ཀྲེང་ཤུའོ། ཤིང་རྩ་བསྟན་འཛིན་ཆོས་གྲགས། རྡོ་རྗེ། ཝུའུ་ཅིན་ཧུད་བཅས་ཚོགས་འདུར་ཕེབས་ཡོད་པ་རེད།
ད་རེས་ཀྱི་ཚོགས་འདུའི་ཐོག་མི་དོན་བསྐོ་འཐེན་གྱི་དོན་གནད་ལ་བརྡས་ཐག་བཅད་དེ་གྲོས་འཆམ་བྱུང་ནས་བསྐོ་གཞག་ཡི་གེ་ཁྱབ་བསྒྲགས་བྱས་ཤིང་། རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་དྲུང་ཆེ་ཀའོ་དབྱང་དང་། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་ཀྱི་རྒྱུན་ཨུད་ལྷོ་ཁ་ས་ཁུལ་ལས་དོན་ཨུ་ལྷན་གྱི་ཀྲུའུ་རེན་འཆི་མེད་རིག་འཛིན་གྱིས་ལས་གནས་བཞེས་པའི་གསུང་བཤད་གནང་བ་རེད།
ཉི་མ་ཚེ་རིང་གིས་མཇུལ་འགྲིལ་ཚོགས་འདུའི་ཐོག་ཚང་མས་མཉམ་དུ་འབད་བརྩོན་བྱས་པ་བརྒྱུད་ད་རེས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་བཞི་པ་དང་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་བཅུ་དགུ་པའི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་ནས 《བོད་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ཨུད་ཀྱི་ཁོངས་མིའི་སྒྲིག་སྲོལ (འཆར་ཟིན་བཟོ་བཅོས )》དང་། 《བོད་རང་སྐྱོང་ལྗོངས་ཀྱི་གྱོད་གཞི་དང་འབྲེལ་བའི་རྒྱུ་ནོར་གྱི་རིན་གོང་གཏན་ཕབ་གསལ་འབྱེད་དོ་དམ་སྲོལ་ཡིག (འཆར་ཟིན )》བོད་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་དགུ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་འཐུས་མིའི་ཐོབ་ཐང་ཞིབ་བཤེར་ཨུ་ལྷན་གྱི་འཐུས་མི་སྒེར་གྱི་ཐོབ་ཐང་ཞིབ་བཤེར་བྱས་འབྲས་སྙན་ཞུ་བཅས་གསན་པ་དང་གྲོས་ཞིབ་བྱས་པ་དང་འབྲེལ 《བོད་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་སྤྱི་བསྒྲགས (འཆར་ཟིན )》ལ་གྲོས་འཆམ་བྱུང་བ་དང་། རྒྱལ་ཁབ་ལས་ཁུངས་ཀྱི་ལས་དོན་པ་ཁག་གཅིག་བསྐོ་གཞག་བྱས་པ་བཅས་གྲོས་རིམ་ཁག་ཐུགས་གྲ་ལེགས་འགྲིག་བྱུང་བ་རེད།