དབུ་ཤོག>སྲིད་དོན།>སྲིད་ཇུས་གསལ་འགྲེལ།
  • བོད་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་དགུ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཚོགས་འདུ་ཐེངས་ཉེར་གཅིག་པ་འཚོགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།   |     སྤེལ་དུས།  2015-05-09

        བོད་ལྗོངས་ཉིན་རེའི་ཚགས་པར་ཁང་དུ་ལྷ་ས་ནས་གནས་ཚུལ་འབྱོར་གསལ། ཟླ་3ཚེས་30ཉིན་གྱི་སྔ་དྲོ་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་དགུ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་ཉེར་གཅིག་པ་དེ་ལྷ་སར་འཚོགས་པ་རེད།

        རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ཨུད་ཀྱི་ཀྲུའུ་རེན་གཞོན་པ་ཉི་མ་ཚེ་རིང་གིས་གཙོ་སྐྱོང་གནང་ཞིང་། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ཨུད་ཀྱི་ཀྲུའུ་རེན་གཞོན་པ་ཀྲང་གཡོད་ཕིང་དང་། ཀྲའོ་ཀྲེང་ཤུའོ། ཤིང་རྩ་བསྟན་འཛིན་ཆོས་གྲགས། རྡོ་རྗེ། ཝུའུ་ཅིན་ཧུད་བཅས་དང་དེ་བཞིན་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་ཏུང་མིང་ཅུན་ཚོགས་འདུར་ཕེབས་ཡོད།

        ཚོགས་འདུའི་ཐོག་ད་རེས་ཀྱི་ཚོགས་འདུའི་གྲོས་རིམ་ཁག་ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བ་རེད།

        ཚོགས་འདུའི་ཐོག་རང་སྐྱོང་ལྗོངས་ཏང་ཨུད་རྩ་འཛུགས་པུའི་པུའུ་ཀྲང་གཞོན་པ་ཙའོ་ལིས་གོ་གནས་བསྐོ་འཐེན་བྱས་པའི་སྐོར་གསལ་བཤད་གནང་བ་དང་། རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ཨུད་ཀྱི་ཀྲུའུ་རེན་གཞོན་པ་ཤིང་རྩ་བསྟན་འཛིན་ཆོས་གྲགས་ཀྱིས་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་བཞི་པའི་དགོངས་དོན་བརྒྱུད་བསྒྲགས་གནང་བ། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་དགུ་པའི་རྒྱུན་ཨུད་ཀྱི་འཐུས་མིའི་ཐོབ་ཐང་ཞིབ་བཤེར་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་ཀྲའོ་ཀྲེང་ཤུའོ་ཡིས་འཐུས་མི་ཁག་གཅིག་གི་འཐུས་མིའི་ཐོབ་ཐང་ཞིབ་བཤེར་བྱས་འབྲས་སྙན་སེང་ཞུས་པ་མ་ཟད། ཚོགས་འདུའི་ཐོག་འཐུས་མི་ཁ་ཅིག་གི་འཐུས་མིའི་ཐོབ་ཐང་ཞིབ་བཤེར་བྱས་པའི་སྙན་ཞུ་དང 《བོད་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་སྤྱི་བསྒྲགས (འཆར་ཟིན )》ལ་གྲོས་ཞིབ་བྱས་པ་དང་འབྲེལ་བརྡས་ཐག་བཅད་ནས་གྲོས་འཆམ་བྱུང་བ་དང་། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་ཁྲིམས་ལུགས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཨུ་ཡོན་གཞོན་པ་ཚེ་རིང་རྡོ་རྗེས 《བོད་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ཨུད་ཀྱི་ཁོངས་མིའི་སྒྲིག་སྲོལ (འཆར་ཟིན་བཟོ་བཅོས )》སྐོར་འགྲེལ་བཤད་གནང་བ། རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་བཀའ་མངགས་ལྟར་རང་སྐྱོང་ལྗོངས་འཕེལ་སྒྱུར་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་མ་ཆིང་ལིན་གྱིས 《བོད་རང་སྐྱོང་ལྗོངས་ཀྱི་གྱོད་གཞི་དང་འབྲེལ་བའི་རྒྱུ་ནོར་གྱི་རིན་གོང་གཏན་ཕབ་གསལ་འབྱེད་དོ་དམ་སྲོལ་ཡིག (འཆར་ཟིན )》སྐོར་འགྲེལ་བཤད་གནང་བ། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་ནོར་སྲིད་དཔལ་འབྱོར་ཨུ་ལྷན་གྱི་ཀྲུའུ་རེན་ཨུ་ཡོན་གཞོན་པ་ཚེ་རིང་མཚོ་མོས 《བོད་རང་སྐྱོང་ལྗོངས་ཀྱི་གྱོད་གཞི་དང་འབྲེལ་བའི་རྒྱུ་ནོར་གྱི་རིན་གོང་གཏན་ཕབ་གསལ་འབྱེད་དོ་དམ་སྲོལ་ཡིག (འཆར་ཟིན )》སྐོར་ལ་གྲོས་ཞིབ་བྱས་པའི་བསམ་འཆར་སྙན་སེང་ཞུས་པ་བཅས་རེད།

        ཕྱི་དྲོ་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་དགུ་པའི་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུ་ཐེངས་ཉེར་གཅིག་པས་ཚོགས་ཆུང་ཁག་བགོས་ཀྱི་ཚོགས་འདུ་འཚོགས་ནས 《བོད་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ཨུད་ཀྱི་ཁོངས་མིའི་སྒྲིག་སྲོལ (འཆར་ཟིན་བཟོ་བཅོས )》དང 《བོད་རང་སྐྱོང་ལྗོངས་ཀྱི་གྱོད་གཞི་དང་འབྲེལ་བའི་རྒྱུ་ནོར་གྱི་རིན་གོང་གཏན་ཕབ་གསལ་འབྱེད་དོ་དམ་སྲོལ་ཡིག (འཆར་ཟིན )》དང་དེ་བཞིན་གོ་གནས་བསྐོ་འཐེན་གྱི་དོན་གནད་བཅས་ཐད་གྲོས་ཞིབ་གནང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།