དབུ་ཤོག>སྲིད་དོན།>སྲིད་ཇུས་གསལ་འགྲེལ།
  • ལྕགས་རྭ་བློ་བཟང་བསྟན་འཛིན་གྱིས་ཕོ་བྲང་པོ་ཏ་ལར་གཟིགས་ཞིབ་གནང་བར་ཕེབས་པ།

  • ཡོང་ཁུངས།  བོད་ལྗོངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2015-05-09

        བོད་ལྗོངས་ཉིན་རེའི་ཚགས་པར་ཁང་དུ་ལྷ་ས་ནས་ཟླ་3ཚེས་29ཉིན་གནས་ཚུལ་འབྱོར་གསལ། ཚེས་29ཉིན་གྱི་སྔ་དྲོ་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་ལྕགས་རྭ་བློ་བཟང་བསྟན་འཛིན་གྱིས་ཆེད་མངགས་་ཕོ་བྲང་པོ་ཏ་ལར་ཕེབས་ཏེ་རིག་དངོས་སྲུང་སྐྱོང་དང་། མེ་ཟོན་སྔོན་འགོག དེ་བཞིན་ཡུལ་སྐོར་སྣེ་ལེན་སོགས་ཀྱི་ལས་དོན་སྤེལ་ཚུལ་ལ་གཟིགས་གནང་བ་རེད།

        ཕོ་བྲང་པོ་ཏ་ལའི་དོ་དམ་ཁྲུའུ་ཡི་འབྲེལ་ཡོད་འགན་འཁུར་མི་སྣའི་སྙན་ཞུ་ནན་ཏན་ངང་གསན་པ་དང་སྦྲགས་ཕོ་བྲང་པོ་ཏ་ལར་གཟིགས་ཞིབ་གནང་རྗེས་ལྕགས་རྭ་བློ་བཟང་བསྟན་འཛིན་གྱིས་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་སྔར་ནས་ཕོ་བྲང་པོ་ཏ་ལའི་རིག་དངོས་སྲུང་སྐྱོང་དང་ཉམས་བཟོ་དང་མེ་ཟོན་བདེ་འཇགས་ལས་དོན་ལ་ཚད་མཐོའི་མཐོང་ཆེན་གྱིས་ཆེད་མངགས་མ་དངུལ་འབོར་ཆེན་བཏང་སྟེ་ཕོ་བྲང་པོ་ཏ་ལར་གཞི་ཁྱོན་ཆེ་བའི་ཉམས་བཟོ་དང་སྲུང་སྐྱོང་བྱེད་ཀྱི་ཡོད་པས་འབྲེལ་ཡོད་སྡེ་ཚན་ཁག་གིས་ངེས་པར་དུ་རིག་དངོས་སྲུང་སྐྱོང་དང་མེ་ཟོན་བདེ་འཇགས་ལས་དོན་ཡག་པོ་བསྒྲུབ་པའི་གལ་ཆེའི་དོན་སྙིང་ཤེས་རྟོགས་གང་ལེགས་ཐུབ་པ་བྱས་ཏེ་མི་རིགས་ལོ་རྒྱུས་ཀྱི་རིག་དངོས་གནའ་ཤུལ་ལ་སྲུང་སྐྱོང་ཡག་པོས་བསྐལ་བརྒྱར་གནས་པ་བྱེད་དགོས་ཞེས་གསུངས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།