བོད་ལྗོངས་ཉིན་རེའི་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཚེས་25ཉིན་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་སྲིད་གཙང་ལས་དོན་བཪྙན་འཕྲིན་ཁ་པར་ཚོགས་འདུ་ཐེངས་བཞི་པ་འཚོགས་ནས་2010ལོའི་རྒྱལ་ཡོངས་སྲིད་གཞུང་ལས་ཁུངས་ཀྱི་སྲིད་གཙང་སྲིད་བརྩོན་ལས་དོན་ལ་ཕྱོགས་སྡོམ་གནང་བ་དང་2011ལོའི་སྲིད་གཞུང་ལས་ཁུངས་ཀྱི་སྲིད་གཙང་སྲིད་བརྩོན་ལས་དོན་ལ་སྐུལ་སློང་དང་བཀོད་སྒྲིག་གནང་བ་རེད།
རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་པད་མ་འཕྲིན་ལས་བོད་ལྗོངས་ཡན་ལག་ཚོགས་རའི་ཚོགས་འདུར་ཞུགས་པ་དང་སྦྲགས་གསུང་བཤད་ཀྱང་གནང་ཞིང་། ཁོང་གིས་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་ལ་བརྟེན་ནས་དུས་བབ་གསར་པའི་འོག་རང་ལྗོངས་སྲིད་གཞུང་ཁོངས་གཏོགས་ཀྱི་སྲིད་གཙང་འཛུགས་སྐྱོང་དང་རུལ་སུངས་ལ་ངོ་རྒོལ་གྱི་ལས་དོན་ཡག་པོ་བསྒྲུབས་ཏེ་སྲིད་སྐྱོང་གི་ཆུ་ཚད་དང་ལས་ཀའི་ནུས་ཕྱོད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་དགོས་པའི་ནན་བཤད་གནང་བ་རེད།
རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཧའོ་ཕུང་གིས་ཚོགས་འདུ་གཙོ་སྐྱོང་གནང་བ་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་བློ་བཟང་རྒྱལ་མཚན་དང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་སྒྲིག་བཤེར་ཨུ་ལྷན་གྱི་ཧྲུའུ་ཅི་ཅིན་ཧྲུའུ་པོ་རྣམ་གཉིས་བོད་ལྗོངས་ཡན་ལག་ཚོགས་རའི་ཚོགས་འདུར་ཕེབས་ཡོད་པ་རེད།
པད་མ་འཕྲིན་ལས་ཀྱིས་2011ལོ་ནི “ལོ་ལྔ་ཚན་བཅུ་གཉིས་པའི ”འཆར་འགོད་འགོ་འཛུགས་པའི་ལོ་ཞིག་ཡིན་པ་དང་ད་ལོའི་ལས་དོན་ཁག་ཡག་པོ་བསྒྲུབ་པར་སྙིང་དོན་གལ་ཆེན་ལྡན་ཡོད་པས་ལྗོངས་ཡོངས་ཀྱི་རིམ་ཁག་སྲིད་གཞུང་དང་གཞུང་ལས་པ་ཡོངས་ཀྱིས་བསམ་བློ་དང་། ཆབ་སྲིད། བྱ་སྤྱོད་བཅས་བློ་མཐུན་ཧུའུ་ཅིན་ཐའོ་ཡིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་དང་རང་འགུལ་ངང་ཚད་མཐོའི་གཅིག་གྱུར་བྱ་རྒྱུ་རྒྱུན་འཁྱོངས་བྱས་ཏེ་དངོས་འཛིན་དངོས་སྒྲུབ་རྒྱུན་འཁྱོངས་བྱས་ནས་ཏང་གི་ལམ་ཕྱོགས་དང་བྱེད་ཕྱོགས་སྲིད་ཇུས་དང་རང་སྐྱོང་ལྗོངས་ཀྱི་འཐབ་ཇུས་བཀོད་སྒྲིག་གལ་ཆེན་ཁག་ཆད་ལུས་མེད་པའི་སྒོ་ནས་དོན་ཐོག་ཏུ་འཁྱོལ་ཐུབ་པའི་འགན་ལེན་བྱ་དགོས་པའི་མཛུབ་སྟོན་གནང་བ་རེད།
པད་མ་འཕྲིན་ལས་ཀྱིས་རིམ་ཁག་སྲིད་གཞུང་གིས་སྲིད་གཙང་འཛུགས་སྐྱོང་བྱ་རྒྱུར་ཤུགས་སྣོན་རྒྱག་རྒྱུ་དེ་འཕེལ་རྒྱས་དང་བརྟན་ལྷིང་དམ་འཛིན་བྱེད་པ་དང་གལ་ཆེ་མཉམ་གྱི་གནས་བབ་ཏུ་འཇོག་དགོས་པ་དང་བཀོད་སྒྲིག་དང་། ཞིབ་བཤེར། ཞིབ་དཔྱད་བཅས་མཉམ་དུ་བྱེད་ཐུབ་པ་བྱ་དགོས། རིམ་ཁག་སྲིད་གཞུང་དང་། སྡེ་ཚན་ཁག ཚན་པ་ཁག་བཅས་ཀྱི་འགོ་ཁྲིད་ཚན་ཁག་གི་ཁོངས་མིས “ལས་གནས་གཅིག་ལ་འགན་འཁྲི་གཉིས ”ལག་བསྟར་ཡག་པོ་བྱས་ཏེ་སྣེ་ཁྲིད་ཀྱི་ནུས་པ་འདོན་སྤེལ་བྱས་ནས་སྲིད་གཙང་འཛུགས་སྐྱོང་ལ་སྣེ་ཁྲིད་བྱ་རྒྱུར་ཤུགས་སྣོན་དང་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་གི་འགན་འཁྲི་ལམ་ལུགས་སྣེ་ཁྲིད་དེ་དོན་འཁྱོལ་བྱ་དགོས། སྤྱི་ཁྱབ་ཧྲུའུ་ཅི་ཧུའུ་ཅིན་ཐའོ་ཡིས་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་བཞི་པའི་བོད་ལྗོངས་འཐུས་མི་ཚོགས་པའི་གྲོས་ཞིབ་ནང་ཞུགས་སྐབས་གནང་བའི་གལ་ཆེའི་གསུང་བཤད་ཀྱི་བླང་བྱར་གཞིགས་ཏེ “ཏན་ཏན་ཏིག་ཏིག ”བཞི་ནན་ཏན་ངང་སྒྲུབ་ཐུབ་པ་བྱ་དགོས། རིམ་ཁག་སྲིད་གཞུང་གི་ལས་དོན་མི་སྣས་ཕུགས་བསམ་གྱི་དད་སེམས་སྲ་བརྟན་དང་། ཆབ་སྲིད་ཀྱི་ལངས་ཕྱོགས་བརྟན་པོ། མེས་རྒྱལ་གཅིག་གྱུར་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་པ། མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་རྒྱག་པ། ཁ་ཕྲལ་ལ་ངོ་རྒོལ་བྱེད་པ་བཅས་བྱས་ཐོག་དུས་བདེ་དང་། མཐུན་སྦྱོར། བརྟན་ལྷིང་བཅས་སྲུང་སྐྱོང་བྱེད་པའི་སྤྱི་ཚོགས་ཀྱི་རྣམ་པ་བཟང་པོ་ཞིག་ཆགས་རྒྱུའི་འབད་བརྩོན་བྱས་ནས་ཏང་གི་སྲོལ་རྒྱུན་དང་སྤྱོད་ཚུལ་བཟང་པོ་དར་སྤེལ་གཏོང་དགོས་པ་དང “ངེས་པར་དུ་གཉིས ”བློ་ལ་བརྟན་པོར་ངེས་པ་བྱས་ཏེ་བྱ་སྤྱོད་ངོ་མའི་ཐོག་ནས་དམངས་ཀྱི་ཡིད་ཆེས་ཐོབ་པ་བྱ་དགོས་པའི་ནན་བཤད་ག