དབུ་ཤོག>སྲིད་དོན།>སྲིད་ཇུས་གསལ་འགྲེལ།
  • བོད་ཀྱི་འབྱུང་འགྱུར་སྔར་བས་མཛེས་སྡུག་ལྡན་ཞེས་གསུངས་པ།

  • ཡོང་ཁུངས།  བོད་ལྗོངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2015-05-09

        མི་དམངས་ཉིན་རེའི་ཚགས་པར་དུ་ལྷ་ས་ནས་ཟླ་3ཚེས་27ཉིན་གློག་འཕྲིན་འབྱོར་གསལ། ཟླ་3ཚེས་28ཉིན “བོད་ཀྱི་ཞིང་བྲན་ཁྲི་ཚོ་བརྒྱར་བཅིངས་འགྲོལ་ཐོབ་པའི་དྲན་གསོའི་ཉིན་མོ ”འཆར་ཉེར་ཡོད་པའི་དུས་དེར་ཟླ་3ཚེས་27ཉིན་གྱི་དགོང་མོར་བོད་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་པད་མ་འཕྲིན་ལས་ཀྱིས་བཪྙན་འཕྲིན་གསུང་བཤད་གནང་ནས་བོད་ཀྱི་དེང་སྐབས་ཀྱི་དུས་བབ་དང “ལོ་ལྔ་ཚན་བཅུ་གཅིག་པའི ”རིང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་བའི་གྲུབ་འབྲས་ངོ་སྤྲོད་གནང་བ་དང་འབྲེལ་ལྗོངས་དེ་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ལ་དུས་ཆེན་གྱི་རྟེན་འབྲེལ་ཡང་ཞུས་གནང་བ་རེད།

        པད་མ་འཕྲིན་ལས་ཀྱིས་ལོ་52གོང་ཀྲུང་གོ་གུང་ཁྲན་ཏང་གིས་བོད་ཀྱི་མི་རིགས་ཁག་གི་མི་དམངས་ལ་འགོ་ཁྲིད་གནང་ནས་ཏཱ་ལའི་རུ་ཚོགས་ཀྱིས་ཕྱོགས་ཡོངས་ནས་བསླངས་པའི་དྲག་པོའི་ངོ་ལོག་ཟིང་འཁྲུག་མཐའ་གཅིག་ཏུ་ཞོད་འཇགས་བཏང་བ་དང་དམངས་གཙོའི་བཅོས་སྒྱུར་ལག་བསྟར་བྱས་ཏེ་བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་རྦད་དེ་མགོ་རྟིང་བསློཌ་ནས་མི་རབས་ནས་མི་རབས་བར་གཉའ་གནོན་དང་བཤུ་གཞོག་མྱངས་མཁན་ཞིང་བྲན་ཁྲི་ཚོ་བརྒྱ་རྦད་དེ་བཅིངས་འགྲོལ་བཏང་བ་རེད། དེ་ནི་བོད་ཀྱི་མི་རིཌ་ཁག་གི་མི་དམངས་ཀྱིས་ནམ་ཡང་ངེས་དགོས་པའི་ཉིན་མོ་ཞིག་ཡིན་ཞེས་གསུངས་པ་རེད།

        བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་བཏང་བར་ཐོབ་པའི་གྲུབ་འབྲས་ལ་ཕྱིར་མིག་གཟིགས་སྐབས་པད་མ་འཕྲིན་ལས་ཀྱིས “ལོ་ལྔ་ཚན་བཅུ་གཅིག་པའི ”རིང་བོད་ཀྱི་ལྗོངས་ཡོངས་ཀྱི་ཐོན་སྐྱེད་བསྡོམས་འབོར་སྔ་རྗེས་སུ་སྒོར་དུང་ཕྱུར་300དང་། སྒོར་དུང་ཕྱུར་400 སྒོར་དུང་ཕྱུར་500བཅས་ཀྱི་འགག་སྒོ་ཆེན་པོ་ལས་བརྒལ་ནས་སྒོར་དུང་ཕྱུར་507.5ཟིན་ཏེ་ལོ་རེར་ཆ་སྙོམས་12.4%འཕར་བ་དང་། རིམ་རྩིས་བྱས་ན་སྤྱི་ཚོགས་ཡོངས་ཀྱི་གཏན་འཇགས་རྒྱུ་ནོར་ཐད་བཏང་བའི་མ་དངུལ་དེ་སྒོར་དུང་ཕྱུར་1656ཟིན་པ་དང་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་ཚད་བརྒལ་གསར་པ་བྱུང་ཡོད།

        2010ལོར་ཞིང་འབྲོག་མང་ཚོགས་མི་རེའི་ཆ་སྙོམས་ཡོང་འབབ་ཁེ་གཙང་སྒོར་4318.7ཟིན་པ་དེ་2005ལོའི་ལྡབ་གཉིས་ཙམ་ཡིན། ཞིང་འབྲོག་མང་ཚོགས་ཀྱི་བདེ་སྡོད་ལས་གྲྭ་ལག་བསྟར་གཏིང་ཟབ་བྱས་པས་དུད་ཚང་ཁྲི་27.5དང་ཞིང་འབྲོག་མང་ཚོགས་ཁྲི་143ལ་ཕན་པ་ཐོབ་ཡོད། 2010ལོའི་ལོ་མཇུག་བར་བོད་ཀྱི་སྤྱིའི་མི་འབོར་ཁྲི་293ཟིན་པ་དེ་1959ལོའི་ལྡབ་2.4ཡིན་པ་དང་། མིའི་ཚེ་ཚད་བོད་ཪྙིང་པའི་ལོ་35.54ནས་ད་ལྟའི་ལོ་67བར་མཐོ་རུ་ཕྱིན་ནས་ལྡབ་གཅིག་ཙམ་མཐོ་རུ་ཕྱིན་ཡོད། གྲོང་ཁྱེར་དང་གྲོང་གསེབ་མི་དམངས་ཀྱི་འཚོ་བ་མུ་མཐུད་ལེགས་སུ་ཕྱིན་པ་དང་གྲོང་ཁྱེར་དང་གྲོང་གསེབ་ཏུ་ཁྱབ་པའི་རིན་མེད་འོས་འགན་སློབ་གསོ་རྒྱལ་ཡོངས་ནས་སྔོན་དུ་མངོན་འགྱུར་བྱུང་བ་དང་། ལོ་དགུའི་འོས་འགན་སློབ་གསོ་རྩ་བའི་ཆ་ནས་ཁྱབ་གདལ་བཏང་བ་དང་། གཞོན་ནུ་དང་དར་མའི་ཡིག་རྨོངས་སེལ་བའི་དམིགས་ཚད་རྩ་བའི་ཆ་ནས་མངོན་འགྱུར་བྱུང་བ། གྲོང་གསེབ་ཀྱི་རྒན་གསོ་འགན་བཅོལ་ལམ་ལུགས་གསར་པ་རྩ་བའི་ཆ་ནས་ཁྱོན་ཡོངས་ལ་ཁྱབ་པ། མ་མཐའི་འཚོ་བ་འགན་ལེན་ལམ་ལུགས་གྲོང་ཁྱེར་དང་གྲོང་གསེབ་ཏུ་ཁྱོན་ཡོངས་ནས་ཁྱབ་ཡོད། མིག་སྔར་རྒན་གསོ་དང་། སྨན་བཅོས། ལས་རྨས། ལས་ཤོར། བུ་བཙའ་སོགས་འགན་བཅོལ་ཆེན་པོ་ལྔ་དང་སྤྱི་ཚོགས་རོགས་སྐྱོབ་དང་རྒུད་གསབ་སོགས་གཙོ་བོ་བྱས་པའི་སྤྱི་ཚོགས་འགན་ལེན་མ་ལག་རིམ་གྱིས་འཐུས་ཚང་དུ་ཕྱིན་ཡོད་ཅེས་གསུངས་པ་རེད།

        པད་མ་འཕྲིན་ལས་ཀྱིས་གསུང་དོན། གྲུབ་འབྲས་དེ་དག་ནི་ཀྲུང་གོ་གུང་ཁྲན་ཏང་ལ་བརྟེན་ནས་བྱུང་བ་ཞིག་དང་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་ལ་བརྟེན་ནས་བྱུང་བ་ཞིག་ཡིན། བོད་དུ་འཕོ་འགྱུར་ཧ་ཅང་ཆེན་པོ་བྱུང་བའི་ཐོག་ནས་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་འོག་མེས་རྒྱལ་ཁྱིམ་ཚང་ཆེ་མོའི་པང་ཁ་ཁོ་ནའི་ནང་བློ་བརྟན་འགྱུར་མེད་ཀྱི་སྒོ་ནས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་བུའི་ཐོག་བསྐྱོད་རྒྱུ་མཐའ་འཁྱོངས་བྱས་ཚེ་བོད་འདིར་གཞི་ནས་དར་རྒྱས་གོང་འཕེལ་གྱི་ད་ལྟ་དང་དེ་བས་མཛེས་སྡུག་ལྡན་པའི་འབྱུང་འགྱུར་ཡོང་ཐུབ་པ་ར་སྤྲོད་ཐུབ་ཡོད་ཅེས་གསུངས་པ་རེད།

        པད་མ་འཕྲིན་ལས་ཀྱིས་གསུངས་དོན། བོད་ནི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མཆོག་ཏུ་གྱུར་བའི་མངའ་ཁོངས་ཀྱི་ཆ་ཤས་ཁ་འབྲལ་ཐབས་མེད་པ་ཞིག་ཡིན། འོན་ཀྱང་དུས་ཡུན་རིང་པོའི་ནང་ངོ་ལོག་ཟིང་འཁྲུག་སློང་མཁན་ཏཱ་ལའི་རུ་ཚོགས་ཀྱིས “མི་རིགས་དང་། ཆོས་ལུགས། འགྲོ་བ་མིའི་ཐོབ་ཐང ”བཅས་ཀྱི་ཕྱི་གོས་གྱོན་ནས “བོད་རང་བཙན ”ཡོང་རེ་བྱེད་པ་དང་མེས་རྒྱལ་ཁ་ཕྲལ་གཏོང་བའི་ལོག་སྤྱོད་ལངས་ཕྱོགས་ཀླད་ཪྙིང་མཁྲེགས་བཟུང་བྱས་ནས་མི་དམངས་སྲིད་དབང་མགོ་རྟིང་བསློག་རྒྱུའི་རེ་ངན་བཅངས་ནས་ཁོ་པ་ཚོའི་ཆོས་སྲིད་ཟུང་འབྲེལ་གྱི་བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་ཀྱི་མུན་ནག་དབང་སྒྱུར་སླར་གསོ་ཡོང་རེ་བྱེད་ཀྱི་ཡོད། ལོ་རྒྱུས་འཁོར་ལམ་མདུན་དུ་བསྐྱོད་པ་འགོག་ཐབས་མེད། རྟ་ལམ་གྲོག་མས་བཀག་ཚེ་མཐར་ཕམ་རྒྱུ་ལས་མ་འདས། བོད་ཀྱི་གནམ་ནམ་ཡང་བོད་མི་དམངས་ཀྱི་གནམ་དང་བོད་ནི་ནམ་ཡང་སྤྱི་ཚོགས་རིང་ལུགས་ཀྱི་ཀྲུང་གོའི་མཛེས་སྡུག་ལྡན་པའི་རི་ཀླུང་ཞིག་རེད།

        འབྱུང་འགྱུར་ལ་རྒྱང་ལྟ་གནང་སྟེ་པད་མ་འཕྲིན་ལས་ཀྱིས་ད་ལོ་ནི “ལོ་ལྔ་ཚན་བཅུ་གཉིས་པ ”འགོ་ཚུགས་པའི་ལོ་ཞིག་དང་། ཀྲུང་གོ་གུང་ཁྲན་ཏང་དབུ་བཪྙེས་ནས་ལོ་ངོ་60འཁོར་བའི་ལོ་ཞིག བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་60འཁོར་བའི་ལོ་ཞིག་བཅས་ཡིན། ང་ཚོས་ངེས་པར་དུ་ཏང་གི་ཚོགས་ཆེན་བཅུ་བདུན་པ་དང་། སྐབས་བཅུ་བདུན་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པ། ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་ལྔ་པ་བཅས་ཀྱི་དགོངས་དོན་སྒོ་ཀུན་ནས་ལག་བསྟར་དོན་འཁྱོལ་བྱས་ཏེ་འཕེལ་རྒྱས་དང་བརྟན་ལྷིང་གི་དོན་ཆེན་གཉིས་ལ་དམ་པོར་དམིགས་ཏེ་འབྱོར་འབྲིང་སྤྱི་ཚོགས་སྒོ་ཀུན་ནས་འཛུགས་སྐྲུན་བྱེད་པའི་རྒྱང་སྐྱོད་ལམ་བུའི་ཐོག་གོམ་པ་སྔར་བས་བརྟན་པོ་ཞིག་སྤོ་ཐུབ་པ་བྱེད་དགོས་ཞེས་གསུངས་པ་རེད།

        པད་མ་འཕྲིན་ལས་ཀྱིས་བློ་མཐུན་ཧུའུ་ཅིན་ཐའོ་ཡིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་དང་ཚན་རིག་དང་མཐུན་པའི་གོང་འཕེལ་ལྟ་བའི་མཛུབ་ཁྲིད་འོག་ང་ཚོས་ཏན་ཏིག་ངང་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། ཏན་ཏིག་ངང་དམངས་འཚོ་འགན་ལེན་བྱེད་པ་དང་ལེགས་སུ་གཏོང་བ། ཏན་ཏིག་ངང་སྤྱི་ཚོགས་མཐུན་སྦྱོར་དང་བརྟན་ལྷིང་སྲུང་སྐྱོང་བྱེད་པ། ཏན་ཏིག་ངང་ལས་བྱེད་པའི་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ཚེ་ང་ཚོས་དཀའ་ངལ་སྣ་ཚོགས་ལས་རྣམ་པར་རྒྱལ་ཏེ་མཐུན་སྒྲིལ་དང་། དམངས་གཙོ། འབྱོར་ཕྱུག ཤེས་དཔལ། མཐུན་སྦྱོར་བཅས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བོད་ལྗོངས་གསར་པ་འཛུགས་སྐྱོང་བྱེད་པའི་རླབས་ཆེན་བྱ་གཞག་ཟམ་མི་ཆད་པར་མདུན་ཕྱོགས་སུ་སྐུལ་འདེད་གཏོང་ཐུབ་ངེས་ཡིན་པ་ང་ཚོར་ཡིད་ཆེས་བརྟན་པོ་ཡོད་ཅེས་གསུངས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།