དབུ་ཤོག>སྲིད་དོན།>སྲིད་ཇུས་གསལ་འགྲེལ།
  • ལྟེ་བར་དམིགས་པ་དང་ཁྱོན་ཡོངས་ལ་ཞབས་འདེགས་ཞུས་ཏེ་རྩིས་བཤེར་ལས་ཀའི་རྣམ་པ་གསར་པ་གསར་གཏོད་བྱེད་དགོས་པའི་ནན་བཤད་གནང་བ།

  • ཡོང་ཁུངས།  བོད་ལྗོངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2015-05-09

        བོད་ལྗོངས་ཉིན་རེའི་ཚགས་པར་ཁང་དུ་ལྷ་ས་ནས་གནས་ཚུལ་འབྱོར་གསལ། ཚེས་24ཉིན་གྱི་སྔ་དྲོ་ལྗོངས་ཡོངས་ཀྱི་རྩིས་བཤེར་ལས་དོན་ཚོགས་འདུ་ལྷ་སར་འཚོགས་ཤིང་། ཚོགས་འདུའི་ཐོག “ལོ་ལྔ་ཚན་བཅུ་གཅིག་པའི ”རིང་དང་2010ལོའི་རྩིས་བཤེར་ལས་དོན་ལ་ཕྱིར་མིག་བལྟ་བ་དང་ཕྱོགས་སྡོམ་བྱས་པ་དང “ལོ་ལྔ་ཚན་བཅུ་གཉིས་པའི ”རིང་དང་འདི་ལོའི་རྩིས་བཤེར་ལས་དོན་བཀོད་སྒྲིག་བྱས་པ་རེད།

        རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་པད་མ་འཕྲིན་ལས་ཚོགས་འདུར་ཕེབས་པ་མ་ཟད་གསུང་བཤད་ཀྱང་གནང་ཞིང་། ཁོང་གིས་རིམ་ཁག་རྩིས་བཤེར་ལས་ཁུངས་ཀྱིས་དེ་བས་རང་འགུལ་གྱི་སྒོ་ནས་ལྟེ་བར་དམིགས་པ་དང་ཁྱོན་ཡོངས་ལ་ཞབས་འདེགས་ཞུ་བ་དང་། སྙིང་སྟོབས་ཆེར་བསྐྱེད་དང་ལས་འགན་ནན་སྒྲུབ་བྱས་ཏེ་རྩིས་བཤེར་ལས་དོན་གྱིས་རང་ལྗོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་ཚན་རིག་དང་མཐུན་པའི་ངང་འཕེལ་རྒྱས་ལ་དེ་བས་ལེགས་པའི་ངང་ཞབས་འདེགས་ཞུ་བར་སྐུལ་འདེད་གཏོང་དགོས་ཞེས་ནན་བཤད་གནང་བ་རེད།

        “ལོ་ལྔ་ཚན་བཅུ་གཉིས་པའི ”རིང་ནི་རང་ལྗོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་འགག་རྩའི་དུས་སྐབས་ཤིག་ཡིན་པ་དང་། དཔལ་འབྱོར་དང་སྤྱི་ཚོགས་བྱ་གཞག་ཁག་འཕེལ་རྒྱས་གཏོང་རྒྱུའི་ཐད་རྩིས་བཤེར་ལས་དོན་ལ་དེ་བས་མཐོ་བའི་བླང་བྱ་བཏོན་ཡོད། པད་མ་འཕྲིན་ལས་ཀྱིས་ལྗོངས་ཡོངས་ཀྱི་རིམ་ཁག་རྩིས་བཤེར་ལས་ཁུངས་དང་རྒྱ་ཆེའི་རྩིས་བཤེར་ལས་དོན་པས་འཕྲད་པའི་དུས་བབ་གསལ་རྟོགས་གང་ལེགས་བྱེད་པ་དང་ཕྲག་སྟེང་དུ་འཁུར་བའི་འགན་འཁྲི་ཤེས་རྟོགས་གཏིང་ཟབ་བྱས་ཏེ་ལྗོངས་ཡོངས་ཀྱི “ལོ་ལྔ་ཚན་བཅུ་གཉིས་པའི ”འཕེལ་རྒྱས་ཆེད་དེ་བས་ནུས་ལྡན་གྱི་འགན་ལེན་ཞིག་ཧུར་ཐག་ངང་མཁོ་འདོན་བྱེད་དགོས།

        གཅིག་ནས་གཙོ་རྐང་དང་བརྗོད་དོན་གཙོ་བོ་ཁོང་དུ་ཆུད་དེ་དཔལ་འབྱོར་རྣམ་པ་འགྱུར་བ་དང་རིམ་སྤར་བྱ་རྒྱུར་སྐུལ་འདེད་གཏོང་དགོས་པ་དང་། གཉིས་ནས་དམངས་འཚོ་མངོན་གསལ་དོད་པོས་ལེགས་སུ་བཏང་ནས་སྤྱི་ཚོགས་མཐུན་སྦྱོར་དང་བརྟན་ལྷིང་སྲུང་སྐྱོང་བྱེད་དགོས་པ། གསུམ་ནས་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བར་དམིགས་ནས་སྒྲིག་སྲོལ་དང་ལམ་སྲོལ་གསར་གཏོད་བྱ་རྒྱུར་སྐུལ་འདེད་གཏོང་དགོས་པ་བཅས་ཀྱི་བླང་བྱ་བཏོན་གནང་བ་རེད།

        འདི་ལོ་ནི་ཀྲུང་གོ་གུང་ཁྲན་ཏང་དབུ་བཪྙེས་ནས་ལོ་90འཁོར་བ་དང་དེ་བཞིན་བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་60འཁོར་བའི་ལོ་དང “ལོ་ལྔ་ཚན་བཅུ་གཉིས་པའི ”འཆར་འགོད་ལག་བསྟར་བྱེད་པའི་འགོ་འཛུགས་ལོ་ཡིན་པས་རྩིས་བཤེར་ལས་དོན་ཡག་པོ་བསྒྲུབ་རྒྱུ་དེ་ཧ་ཅང་གལ་འགངས་ཆེ་བ་ཞིག་རེད། པད་མ་འཕྲིན་ལས་ཀྱིས་ལྗོངས་ཡོངས་ཀྱི་རིམ་ཁག་རྩིས་བཤེར་ལས་ཁུངས་དང་རྒྱ་ཆེའི་རྩིས་བཤེར་མི་སྣར་ཕྱོགས་ལྔའི་ཐད་ཀྱི་ལས་དོན་ཧུར་ཐག་བསྒྲུབ་དགོས་པའི་བླང་བྱ་བཏོན་གནང་བ་སྟེ། གཅིག་ནས་ཀྲུང་དབྱང་དང་རང་སྐྱོང་ལྗོངས་ཀྱི་སྲིད་ཇུས་འགངས་ཆེན་ལག་བསྟར་བྱས་ཚུལ་ལ་རྩིས་བཤེར་བྱེད་ཤུགས་ཆེ་རུ་བཏང་ནས་ས་ཁུལ་དང་གྲོང་ཁྱེར་ཁག་དང་། སྡེ་ཚན་ཁག ཚན་པ་ཁག་བཅས་ཀྱིས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་དང་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་སྲིད་ཇུས་དང་བྱེད་ཐབས་ཁག་ལག་བསྟར་དོན་འཁྱོལ་ནན་ཏན་བྱ་རྒྱུར་སྐུལ་འདེད་བཏང་ནས་སྲིད་ཇུས་དོན་འཁྱོལ་དང་སྲིད་བཀའ་ཤར་བགྲོད་ཐུབ་པའི་འགན་ལེན་བྱེད་དགོས་པ་དང་། གཉིས་ནས་སྔོན་རྩིས་ལག་བསྟར་ལ་རྩིས་བཤེར་བྱེད་ཤུགས་ཆེ་རུ་བཏང་ནས་རྩིས་བཤེར་འབྲས་བུ་སྤྱི་བསྒྲགས་བྱེད་པའི་ལམ་ལུགས་མཐའ་འཁྱོངས་དང་འཐུས་ཚང་དུ་བཏང་སྟེ་སྔོན་རྩིས་ཀྱི་ཁ་གསལ་ཚད་མཐོ་རུ་བཏང་ཐོག་སྤྱི་ཚོགས་ཀྱི་སྤྱི་དམངས་ལ་སྲིད་གཞུང་གི་འགན་འཁྲི་སྒྲུབ་ཚུལ་དེ་བས་ལེགས་པའི་སྒོ་ནས་ཤེས་སུ་འཇུག་པ་དང་སྲིད་གཞུང་གི་ནོར་སྲིད་གཏོང་སྒོའི་བྱ་སྤྱོད་ལ་ལྟ་སྐུལ་བྱེད་དུ་འཇུག་དགོས་པ། གསུམ་ནས་སྲིད་གཞུང་གི་མ་འཇོག་རྣམ་གྲངས་ལ་རྩིས་བཤེར་བྱེད་ཤུགས་ཆེ་རུ་གཏོང་དགོས་པ། བཞི་ནས་སྲིད་གཞུང་གི་སྤྱི་པའི་དབང་ཆ་ལག་བསྟར་བྱ་ཚུལ་ལ་རྩིས་བཤེར་བྱེད་ཤུགས་ཆེ་རུ་བཏང་ནས་དཔལ་འབྱོར་འགན་འཁྲིའི་རྩིས་བཤེར་ནང་དོན་གཏིང་ཟབ་ཏུ་གཏོང་བ་དང་རྩིས་བཤེར་སྤུས་ཚད་དང་ཆུ་ཚད་མཐོ་རུ་བཏང་ཐོག་སྲིད་གཞུང་གི་སྤྱི་པའི་དབང་ཆ་ཚད་ལྡན་ངང་ལག་བསྟར་བྱ་རྒྱུར་སྐུལ་འདེད་གཏོང་དགོས་པ། ལྔ་ནས་དཔལ་འབྱོར་འཁོར་རྒྱུག་གི་མི་མངོན་པའི་ཉེན་ཁ་རྩིས་བཤེར་བྱེད་ཤུགས་ཆེ་རུ་བཏང་ནས་ས་གནས་ཀྱི་སྲིད་གཞུང་རང་བཞིན་གྱི་བུ་ལོན་རྩིས་བཤེར་བྱ་རྒྱུ་དེ་འདི་ལོའི་ལས་ཀའི་གལ་ཆེའི་ནང་གི་འགངས་ཆེར་བརྩིས་ཏེ་འགོ་ཁྲིད་ལ་ཤུགས་སྣོན་རྒྱག་པ་དང་། བཀོད་སྒྲིག་ཞིབ་ཚགས་བྱེད་པ། ནུས་ཤུགས་ཡོད་རྒུ་འདོན་པ། དོན་འཁྱོལ་དམ་འཛིན་བྱེད་པ་བཅས་བྱས་ཐོག “ལོ་ལྔ་ཚན་བཅུ་གཉིས་པའི ”རང་ལྗོངས་ཀྱི་རྩིས་བཤེར་བྱ་གཞག་དེ་བས་ལེགས་པ་དང་དེ་བས་མྱུར་བའི་ངང་འཕེལ་རྒྱས་འགྲོ་རྒྱུར་རྨང་གཞི་བརྟན་པོ་ཞིག་འདིང་དགོས་པ་བཅས་རེད།

        མཇུག་ཏུ་པད་མ་འཕྲིན་ལས་ཀྱིས་རིམ་ཁག་སྲིད་གཞུང་དང་སྡེ་ཚན་ཁག་དང་ཚན་པ་ཁག་གིས་རྩིས་བཤེར་ལས་ཀའི་འགོ་ཁྲིད་ལ་ཤུགས་སྣོན་བརྒྱབ་ནས་རྩིས་བཤེར་ལས་ཁུངས་ཀྱིས་རྩིས་བཤེར་ལྟ་སྐུལ་འགན་འཁྲི་ཁྲིམས་ལུགས་ལྟར་སྒྲུབ་པར་དེ་བས་ལེགས་པའི་ཆ་རྐྱེན་བསྐྲུན་དགོས་པ་དང་། རྩིས་བཤེར་ལྟ་སྐུལ་རང་རྟོགས་ངང་དང་ལེན་དང་རྩིས་བཤེར་གྲོས་འགོ་རང་རྟོགས་ངང་དང་ལེན་བྱས་ཏེ་གཅིག་ཤེས་ཀུན་གྲོལ་ངང་ལྷག་པའི་གནད་དོན་ཡོ་བསྲང་བྱེད་པ་མ་ཟད་ལམ་ལུགས་བཟོ་བ་དང་། ལམ་སྲོལ་བཟོ་བ། དོ་དམ་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་ཀྱི་ཐད་ནས་སྡེ་ཚན་དེ་ག་དང་ཚན་པ་དེ་གའི་ལས་ཀར་སྐུལ་འདེད་གཏོང་དགོས་པ། རྩིས་བཤེར་ལས་དོན་ལ་མཐོང་ཆེན་དང་རྒྱབ་སྐྱོར་བྱེད་པའི་ཁོར་ཡུག་བཟང་པོ་ཞིག་ཧུར་ཐག་བསྐྲུན་ཏེ་རྩིས་བཤེར་ལས་ཀའི་རྣམ་པ་གསར་པ་ཞིག་ཐུན་མོང་ཐོག་གཏོད་དགོས་པ་བཅས་ཀྱི་བླང་བྱ་བཏོན་གནང་བ་རེད།

        ཚོགས་འདུའི་ཐོག་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་ཏུང་མིང་ཅུན་གྱིས་རྒྱལ་ཁབ་རྩིས་བཤེར་ཧྲུའུ་ཡི་ལས་དོན་སྙན་སྒྲོན་གསན་སྐབས་ཙུང་ལི་དབུན་ཅ་པའོ་ཡིས་གནང་བའི་མཆན་འགོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་བརྒྱུད་བསྒྲགས་གནང་བ་རེད།

        ཚོགས་འདུའི་ཐོག་ད་དུང་ལྗོངས་ཡོངས་ཀྱི་ཕུལ་བྱུང་རྩིས་བཤེར་རྣམ་གྲངས་དང་། ལྗོངས་ཡོངས་ཀྱི་རྩིས་བཤེར་ཆ་འཕྲིན། རྩིས་བཤེར་ཁོངས་གཏོགས་ཀྱི་སྔོན་ཐོན་ཚན་པ་བཅས་ལ་གཟེངས་བསྟོད་ཀྱང་གནང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།