དབུ་ཤོག>སྲིད་དོན།>སྲིད་ཇུས་གསལ་འགྲེལ།
  • ཀྲང་ཆིང་ལིས་ཁྲེང་ཏུའུ་དམག་ཁུལ་ཁང་གི་འགོ་ཁྲིད་དང་བཞུགས་མོལ་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།   |     སྤེལ་དུས།  2015-05-09

        ཟླ་3ཚེས་17ཉིན་གྱི་ཕྱི་དྲོ་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་བོད་དམག་ཁུལ་ཁང་ཏང་ཨུད་ཀྱི་ཧྲུའུ་ཅི་དང་པོ་ཀྲང་ཆིང་ལིས་ཁྲེང་ཏུའུ་རུ་ཁྲེང་ཏུའུ་དམག་ཁུལ་ཁང་གི་སི་ལིང་ཡོན་ལི་ཧྲེ་མིང་དང་ཁྲེང་ཏུའུ་དམག་ཁུལ་ཁང་གི་ཆབ་སྲིད་ཨུ་ཡོན་ཐན་ཤིའུ་སི་སོགས་འགོ་ཁྲིད་བློ་མཐུན་གཙོ་བོ་དང་བཞུགས་མོལ་གནང་བ།

        བོད་ལྗོངས་ཉིན་རེའི་ཚགས་པར་ཁང་དུ་ཁྲེང་ཏུའུ་ནས་ཟླ་3ཚེས་18ཉིན་གློག་འཕྲིན་གསལ། ཟླ་3ཚེས་17ཉིན་གྱི་ཕྱི་དྲོ་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་བོད་དམག་ཁུལ་ཁང་ཏང་ཨུད་ཀྱི་ཧྲུའུ་ཅི་དང་པོ་ཀྲང་ཆིང་ལིས་ཁྲེང་ཏུར་ཁྲེང་ཏུའུ་དམག་ཁུལ་ཁང་གི་སི་ལིང་ཡོན་ལི་ཧྲེ་མིང་དང་ཁྲེང་ཏུའུ་དམག་ཁུལ་ཁང་གི་ཆབ་སྲིད་ཨུ་ཡོན་ཐན་ཤིའུ་སི་སོགས་འགོ་ཁྲིད་བློ་མཐུན་གཙོ་བོ་དང་བཞུགས་མོལ་གནང་བ་རེད།

        ཁྲེང་ཏུའུ་དམག་ཁུལ་ཁང་གི་སི་ལིང་ཡོན་གཞོན་པ་ཁྲེང་ཏུའུ་མཁའ་དམག་གི་སི་ལིང་ཡོན་གཅིག་ལྕོགས་ཧྥང་ཏན་རུང་དང་། ཁྲེང་ཏུའུ་དམག་ཁུལ་ཁང་གི་སི་ལིང་ཡོན་གཞོན་པ་ལི་ཙོ་ཁྲེང་། ཁྲེང་ཏུའུ་དམག་ཁུལ་ཁང་གི་སི་ལིང་ཡོན་གཞོན་པ་ཧྲུའུ་ཡུས་ཐའེ། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་བློ་བཟང་རྒྱལ་མཚན་བཅས་བཞུགས་མོལ་ཚོགས་འདུར་ཞུགས་ཡོད་པ་རེད།

        དང་ཐོག་ཀྲང་ཆིང་ལིས་དུས་ཡུན་རིང་པོའི་ནང་ཁྲེང་ཏུའུ་དམག་ཁུལ་ཁང་གིས་བོད་ཀྱི་འཕེལ་རྒྱས་དང་བརྟན་ལྷིང་གི་བྱ་གཞག་ཁག་ལ་ཐུགས་ཁུར་དང་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུས་ཤིང་། ཁོང་གིས་2010ལོ་ནི་བོད་དམག་ཁུལ་ཁང་གི་དཔུང་སྡེའི་འཛུགས་སྐྲུན་ལ་གཡུར་ཟའི་གྲུབ་འབྲས་ཐོབ་པའི་ལོ་ཞིག་ཡིན། བོད་སྡོད་དཔུང་སྡེས་དམག་དོན་གྱི་ལས་འགན་ཁག་ཕུན་སུམ་ཚོགས་པོའི་ངང་ལེགས་འགྲུབ་བྱེད་པ་དང་ཆབས་ཅིག་ས་གནས་ཀྱི་འཛུགས་སྐྲུན་ལ་རྒྱབ་སྐྱོར་དང་དེའི་ནང་ཧུར་ཐག་ཞུགས་ནས་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་བྱ་ཆེད་ཚབ་བྱེད་ཐབས་བྲལ་བའི་ལེགས་སྐྱེས་གལ་ཆེན་ཕུལ་ཡོད་ལ་མི་རིགས་ཁག་གི་མི་དམངས་དབར་གྱི་ཉ་ཆུ་ལྟ་བུའི་བརྩེ་སེམས་དེ་བས་ཟབ་ཏུ་ཕྱིན་ཡོད། ལག་ལེན་གྱི་ཐོག་ནས་བོད་སྡོད་དཔུང་སྡེ་ནི་ཆབ་སྲིད་ཐད་བློ་རྩེ་བརྟན་པ་དང་། བྱང་ཚད་ལེགས་པ། གཏུག་ཕོད་ལ་དམག་འཐབ་མཁས་པ་བཅས་ཀྱི་དཔུང་སྡེ་ཞིག་དང་འགག་རྩའི་དུས་སུ་དོན་ཐུབ་པ་དང་། ཤོར་ཐུབ་པ། རྒྱལ་ཐུབ་པ་བཅས་ཀྱི་དཔུང་སྡེ་ཞིག་ཡིན་པ་མ་ཟད། ཏང་དང་མི་དམངས་ལ་ལྷག་བསམ་རྣམ་དག་བྱེད་མཁན་གྱི་སྲུང་དམག་ངོ་གནོང་མི་དགོས་པ་ཞིག་དང་། རྒྱལ་ཁབ་ཀྱི་བདེ་འཇགས་དང་མི་དམངས་ཀྱི་ཁེ་ཕན་སྲུང་སྐྱོང་བྱེད་མཁན་གྱི་ངར་ལྕགས་ལྟ་བུའི་ལྕགས་རི་རིང་པོ་ངོ་གནོང་མི་དགོས་པ་ཞིག བོད་ཀྱི་སྒྱུར་བཅོས་སྒོ་དབྱེ་དང་དེང་རབས་ཅན་འཛུགས་སྐྲུན་གྱི་གྲུབ་འབྲས་སྲུང་སྐྱོང་བྱེད་མཁན་གྱི་སྲ་ཞིང་བརྟན་པའི་ཀ་རྡོ་ངོ་གནོང་མི་དགོས་པ་ཞིག བོད་ཀྱི་མི་རིགས་ཁག་གི་མི་དམངས་མང་ཚོགས་ལ་གུས་བཀུར་དང་དགའ་གཅེས་བྱེད་མཁན་གྱི་བཅིངས་འགྲོལ་དམག་མི་ངོ་གནོང་མི་དགོས་པ་ཞིག་བཅས་ཡིན་པ་ར་སྤྲོད་བྱས་ཡོད། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་དང་དེ་བཞིན་བོད་ཀྱི་མི་རིགས་ཁག་གི་ལས་བྱེད་མང་ཚོགས་ཚོས་བོད་སྡོད་དཔུང་སྡེར་ཐུགས་རྗེ་དང་གུས་བཀུར་གྱི་སེམས་པ་བཅངས་ཡོད། ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་ལྔ་པས་མཚོན་རྟགས་སུ་བྱས་ཏེ་བོད་འདི་ཉིད་སླར་ཡང་ལོ་རྒྱུས་ཀྱི་འགོ་འཛུགས་ས་གསར་པར་གནས་ནས་ཐོབ་པར་དཀའ་བའི་རྩ་ཆེའི་གོ་སྐབས་བསུས་ཡོད། འདི་ལོ་ནི “ལོ་ལྔ་ཚན་བཅུ་གཉིས་པའི ”འགོ་ཚུགས་ལོ་ཡིན་པ་དང་ང་ཚོས་ད་དུང་ཏང་དབུ་བཪྙེས་ནས་ལོ་90འཁོར་བ་དང་བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་60འཁོར་བར་བསུ་བ་ཞུ་རྒྱུ་ཡིན་པས་འཕེལ་རྒྱས་བརྟན་ལྷིང་གི་ལས་འགན་ད་དུང་ཧ་ཅང་ལྕི་བས་རྒྱ་ཆེའི་ཏང་སྲིད་དམག་ཉེན་དམངས་བཅས་ཀྱི་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་དང་དཀའ་སྤྱད་འབད་འཐབ་དེ་བས་བྱེད་དགོས་ཀྱི་ཡོད། སླད་ཕྱིན་བོད་ཀྱི་རིམ་ཁག་ཏང་ཨུད་དང་སྲིད་གཞུང་གིས་གྲོལ་མ་ཐག་པའི་རྒྱལ་ཡོངས་ཚོགས་འདུ་གཉིས་ཀྱི་དགོངས་དོན་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ཏེ་ཆབ་སྲིད་ཀྱི་འདུ་ཤེས་དང་རྒྱལ་སྲུང་ཀྱི་འདུ་ཤེས་སྔར་བས་ཆེ་རུ་གཏོང་བ་དང་། དཔལ་འབྱོར་འཛུགས་སྐྲུན་དང་རྒྱལ་སྲུང་འཛུགས་སྐྲུན་དོ་སྙོམས་ངང་འཕེལ་རྒྱས་གཏོང་བའི་བྱེད་ཕྱོགས་མཐའ་འཁྱོངས། དམག་སྲིད་དབར་དང་དམག་དམངས་དབར་གྱི་མཐུན་སྒྲིལ་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ཐོག་སྔ་བར་ཕྱི་གསུམ་དུ་དམག་ཁུལ་ཁང་གི་དཔུང་སྡེའི་འཛུགས་སྐྲུན་ལ་དོ་ཁུར་དང་། མཐོང་ཆེན། རྒྱབ་སྐྱོར་བྱེད་པ་དང་། དཔུང་སྡེར་དཀའ་གནད་སེལ་རོགས་བྱེད་པ། དཔུང་སྡེའི་དཔོན་དམག་གི་སེམས་ཁྲལ་སེལ་བ་བཅས་བྱས་ནས་སྦྱོང་བརྡར་ཡག་པོ་སྤྲོད་པ་དང་། སྡོད་གནས་ལེགས་པ། བྱ་སྤྱོད་སྤེལ་མགྱོགས་པ། རྒྱལ་ཐུབ་པ་བཅས་ཀྱི་དཔུང་སྡེའི་ལས་དོན་འགན་ལེན་གྱིས་རྒྱལ་སྲུང་དང་དེང་རབས་ཅན་གྱི་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་ཆེད་སྟོབས་ཆེའི་རྒྱབ་རྟེན་ཡག་པོ་ཞིག་བྱ་རྒྱུ་ཡིན་ཞེས་གསུངས་པ་རེད།

        ལི་ཧྲེ་མིང་དང་ཐན་ཤིའུ་སིས་བཞུགས་མོལ་གནང་སྐབས་ལོ་རྒྱུས་ཀྱི་དུས་སྐབས་གསར་པར་བསྐྱོད་པ་དང་བོད་ཀྱི་དམག་སྲིད་དབར་དང་དམག་དམངས་དབར་གྱི་འབྲེལ་བར་འཕེལ་རྒྱས་གསར་པ་དང་ཡར་རྒྱས་གསར་པ་བྱུང་ཡོད། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་དཔུང་སྡེའི་འཛུགས་སྐྲུན་ལ་རྒྱབ་སྐྱོར་ཧུར་ཐག་བྱས་ཏེ་ལྷག་བསམ་ཟོལ་མེད་ངང་དམག་མི་དང་དམག་མིའི་ནང་མིའི་སེམས་ཁྲལ་སེལ་ཡོད་ལ་མཐའ་སྲུང་སྲ་བརྟན་དང་དམག་སེམས་དྲོ་བའི་དོན་དངོས་དང་བྱ་བཟང་མང་པོ་བསྒྲུབས་པར་བརྟེན་དམག་སྲིད་དབར་དང་དམག་དམངས་དབར་གྱི་མཐུན་སྒྲིལ་གྱི་རྣམ་པ་རྒྱུན་ཆད་མེད་པར་སྲ་བརྟན་དང་འཕེལ་རྒྱས་ཕྱིན་ཡོད། སླད་ཕྱིན་གྱི་ལས་དོན་ནང་བོད་སྡོད་དཔུང་སྡེས་ཏང་གི་བཀོད་འདོམས་ཉན་པ་དང་། མི་དམངས་ལ་ཞབས་འདེགས་ཞུ་བ། དཔའ་ངར་ཞུམ་མེད་ངང་དམག་འཐབ་བྱེད་པ་བཅས་ཀྱི་ཕུལ་བྱུང་སྲོལ་རྒྱུན་དར་སྤེལ་ཤུགས་ཆེན་གཏོང་བ་དང “བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས ”མུ་མཐུད་དར་སྤེལ་བཏང་ཐོག་དཔུང་སྡེ་འཛུགས་སྐྲུན་ཡག་པོ་བྱེད་པ་དང་། མཐའ་མཚམས་ཡག་པོ་བསྲུང་བ། བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཛུགས་སྐྲུན་ལ་རྒྱབ་སྐྱོར་ཧུར་ཐག་བྱེད་པ། དམག་སྲིད་དབར་དང་དམག་དམངས་དབར་གྱི་མཐུན་སྒྲིལ་གྱི་རྣམ་པ་བཟང་པོ་རྒྱུན་ཆད་མེད་པར་སྲ་བརྟན་དང་འཕེལ་རྒྱས་གཏོང་བ་བཅས་བྱས་ཏེ་བོད་ཀྱི་དཔལ་འབྱོར་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་དང་སྤྱི་ཚོགས་དུས་བབ་ཡུན་རིང་བདེ་འཁོད་ཆེད་ལེགས་སྐྱེས་གསར་པ་དེ་བས་ཆེ་བ་འབུལ་རྒྱུ་ཡིན་ཞེས་གསུངས་པ་རེད།

        རང་སྐྱོང་ལྗོངས་ཀྱི་འབྲེལ་ཡོད་སྡེ་ཚན་དང་ལྷ་ས་གྲོང་ཁྱེར་གྱི་འགན་འཁུར་བློ་མཐུན་གཙོ་བོ་བཞུགས་མོལ་ནང་ཞུགས་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།