དབུ་ཤོག>སྲིད་དོན།>སྲིད་ཇུས་གསལ་འགྲེལ།
  • བྱམས་པ་ཕུན་ཚོགས་ཀྱིས་ཨ་རིའི་ལས་རིགས་ཁག་ལ་དངོས་ཡོད་ཀྱི་བོད་ལྗོངས་ཤེས་རྟོགས་ཡོང་བ་བྱེད་དགོས་ཞེས་གསུངས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2015-05-09

        མི་དམངས་ཉིན་རེའི་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཀྲུང་གོའི་གསར་འགྱུར་དྲ་བའི་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། “བོད་ཀྱི་སློབ་ཆུང་ལ་བོད་ཡིག་སློབ་ཚན་འཁྲིད་ཀྱི་ཡོད་དམ་མེད ”ཅེས་པའི་དྲི་བ་དེས་ཅིའུ་ཅིན་ཧྲན་དུ་འཚམས་འདྲི་གནང་བཞིན་ཡོད་པའི་ཀྲུང་གོའི་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་བྱམས་པ་ཕུན་ཚོགས་ལ་སྤེལ་རེས་བྱ་རྒྱུ་ནི་གལ་ཆེན་པོ་ཡིན་པའི་མྱོང་ཚོར་ཟབ་མོ་བྱུང་ཡོད།

        ཚེས་14ཉིན་བོད་ལྗོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མིས “ཚོགས་འདུ་གཉིས་མཇུག་འགྲིལ ”རྗེས་ཐད་ཀར་ཨ་རིའི་ཅིའུ་ཅིན་ཧྲན་དུ་བསྐྱོད་དེ་འདི་གར་འབྱོར་རྗེས་སྤེལ་བའི་མངོན་གསལ་གྱི་བྱེད་སྒོ་ཐེངས་དང་པོ་ནི་ཅ་ཀྲོའུ་སློབ་ཆེན་གྱི་པོ་ཁེ་ལི་ཡན་ལག་སློབ་གྲྭའི་ནང་བསྟན་དང་སྒྱུ་རྩལ་ཞིབ་འཇུག་གནང་མཁན་རིགས་གཅིག་མཁས་ཅན་དང་དགེ་རྒན་ཆེ་མོ་བ་རྒན་གྲས་ཚོ་དང་བཞུགས་མོལ་གནང་བ་དེ་ཡིན་ཞིང་། ཚེས་15ཉིན་བྱམས་པ་ཕུན་ཚོགས་ཀྱིས་སྨྱན་སྦྱོར་ཚན་པར “ང་ཚོའི་སྤེལ་རེས་ལ་གྲུབ་འབྲས་ཆེན་པོ་ཐོབ་པ་སྟེ་ཕྱོགས་གཉིས་པོས་མིག་སྔའི་བོད་ཀྱི་རིག་གནས་སྒྱུ་རྩལ་དང་ལྷག་དོན་དུ་བོད་བརྒྱུད་ནང་བསྟན་འཕེལ་རྒྱས་ཀྱི་གནས་ཚུལ་དང་དེ་བཞིན་གོམ་སྟབས་རྗེས་མར་རིག་གཞུང་ཞིབ་འཇུག་ཇི་ལྟར་བྱེད་མིན་ཐད་ཐུན་མོང་གི་ངོས་འཛིན་མང་པོ་བྱུང་ཡོད ”ཅེས་གསུངས་པ་རེད།

        བྱམས་པ་ཕུན་ཚོགས་ཀྱིས་ཕྱི་རྒྱལ་གྱི་སྨྱན་སྦྱོར་ཚན་པ་ཁག་གཅིག་གིས་དུས་ཡུན་རིང་པོའི་ནང་བོད་ཀྱི་སྐོར་ཕྱོགས་རེའི་སྒོ་ནས་གནས་ཚུལ་གཏོང་སྤེལ་བྱས་པར་བརྟེན་ཨ་རི་བ་མང་པོ་ཞིག་གིས་བོད་ཀྱི་གནས་ཚུལ་ལ་ཤེས་རྟོགས་མ་བྱུང་བར་བོད་ཀྱི་སྣོད་བཅུད་ལ་གཏོར་བཤིག་ཕོག་པ་དང་། བོད་ཀྱི་ཤེས་རིག་གཏོར་བརླག་ཕྱིན་པ། བོད་མི་དམངས་མཚོ་ལྟར་ཟབ་ལ་མེ་ལྟར་ཚ་བའི་ཁྲོད་འཚོ་བ་སྐྱེལ་གྱི་ཡོད་པ་བཅས་ཀྱི་ངོས་འཛིན་བྱེད་ཀྱི་ཡོད་ཅེས་གསུངས་པ་དང་། ཁོང་གིས “མཇུག་འགྲིལ་མ་ཐག་པའི ‘ཚོགས་འདུ་གཉིས ’ཀྱི་ཐོག་ཀྲུང་དབྱང་གིས་བོད་ནི་ཀྲུང་ཧྭའི་ཁྱད་ལྡན་རིག་གནས་སྲུང་སྐྱོང་ཁུལ་ཞིག་ཡིན་ཞེས་ཁ་གསལ་གསུངས་ཡོད་པས་ངས་རིགས་གཅིག་མཁས་ཅན་དང་མཁས་དབང་རྣམས་ཀྱིས་བོད་ཀྱི་གནས་ཚུལ་དངོས་ལ་གཟིགས་པར་ཕེབས་རྒྱུའི་རེ་བ་འདོན་རྒྱུ་ཡིན ”ཞེས་གསུངས་པ་རེད།

        “ང་ཚོས་རྒྱལ་ཚོགས་ཀྱི་དབྱི་ཡོན་མང་པོ་ཞིག་ལ་སྣེ་ལེན་ཞུས་ཡོད་པ་དང་ཁོང་ཚོས་བོད་ལ་འཛིན་པའི་ལྟ་སྟངས་ཐད་འགྱུར་ལྡོག་ཧ་ཅང་ཆེན་པོ་བྱུང་ཡོད། ཏཱ་ལར་རྒྱབ་སྐྱོར་བྱེད་མཁན་དབྱི་ཡོན་ཁག་གཅིག་གི་ལྟ་སྟངས་ལ་རྩ་བའི་ཐོག་ནས་འགྱུར་ལྡོག་བྱུང་མེད་རུང་བོད་ལ་ངོས་འཛིན་གསར་པ་བྱུང་ཡོད ”ཅེས་བྱམས་པ་ཕུན་ཚོགས་ཀྱིས་གསུངས་པ་རེད། བོད་དང་ཨ་རིའི་དབར་དཔལ་འབྱོར་ཚོང་དོན་མཉམ་ལས་བྱེད་རྒྱུ་ཧ་ཅང་ཉུང་རུང་བོད་ལྗོངས་སློབ་ཆེན་དང་། སྤྱི་ཚོགས་ཚན་རིག་ཁང་། བོད་ལྗོངས་དགེ་འོས་སློབ་གླིང་བཅས་དང་ཨ་རིའི་དབར་དབྱིན་ཡིག་སློབ་ཁྲིད་གསོ་སྦྱོང་ཐད་ཀྱི་མཉམ་ལས་དེ་1987ལོ་ནས་བྱེད་འགོ་ཚུགས་ཡོད།

        བྱམས་པ་ཕུན་ཚོགས་ཀྱིས “ང་ད་རེས་ཡོང་བའི་དམིགས་ཡུལ་གཙོ་བོ་ཞིག་ནི་ཨ་རིའི་སྤྱི་ཚོགས་ལས་རིགས་ཁག་ལ་དངོས་ཡོད་ཀྱི་བོད་ལྗོངས་ཤིག་དྲིལ་བསྒྲགས་དང་འོས་སྦྱོར་བྱས་ནས་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་60ཡི་ནང་བོད་ལ་འགྱུར་ལྡོག་ཧ་ཅང་ཆེན་པོ་བྱུང་བ་ཚང་མས་ཕྱོགས་ཡོངས་ནས་ཤེས་རྟོགས་དངོས་འབྲེལ་ཡོང་བ་བྱ་རྒྱུ་དེ་ཡིན ”ཞེས་གསུངས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།