དབུ་ཤོག>སྲིད་དོན།>སྲིད་ཇུས་གསལ་འགྲེལ།
  • ཀྲང་ཆིང་ལིས་ཁྲེང་ཏུར་ལས་བྲལ་དང་ལས་འཁྱུར་ངལ་གསོ་རྒྱག་མཁན་བློ་མཐུན་རྒན་གྲས་ལ་གཟིགས་པ་དང་འཚམས་འདྲི་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།   |     སྤེལ་དུས།  2015-05-09

        ཟླ་3ཚེས་17ཉིན་གྱི་སྔ་དྲོ་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཀྲང་ཆིང་ལིས་རྒྱལ་མཚན་ནོར་བུ་སོགས་ཁྲེང་ཏུར་ལས་འཁྱུར་ངལ་གསོ་རྒྱག་མཁན་རང་ལྗོངས་ཀྱི་བློ་མཐུན་རྒན་གྲས་ལ་བྱམས་བརྩེའི་ངང་གཟིགས་པ་དང་འཚམས་འདྲི་གནང་བ།

        བོད་ལྗོངས་ཉིན་རེའི་ཚགས་པར་ཁང་དུ་ཁྲེང་ཏུའུ་ནས་ཟླ་3ཚེས་17ཉིན་གློག་འཕྲིན་འབྱོར་གསལ། ཚེས་17ཉིན་གྱི་སྔ་དྲོ་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཀྲང་ཆིང་ལིས་རྒྱལ་མཚན་ནོར་བུ་སོགས་ཁྲེང་ཏུར་ཡོད་པའི་རང་ལྗོངས་ཀྱི་ལས་བྲལ་དང་ལས་འཁྱུར་ངལ་གསོ་རྒྱག་མཁན་བློ་མཐུན་རྒན་གྲས་ལ་བྱམས་བརྩེའི་ངང་གཟིགས་པ་དང་འཚམས་འདྲི་གནང་བ་རེད།

        རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་རྒྱལ་ཡོངས་མི་དམངས་འཐུས་ཚོགས་མི་རིགས་ཆོས་ལུཌ་ལས་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཨུ་ཡོན་གཞོན་པ་ལེགས་མཆོག་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཨུ་ཡོན་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་བློ་བཟང་རྒྱལ་མཚན་འཚམས་འདྲི་གནང་བར་ལྷན་དུ་ཕེབས་པ་རེད།

        ཀྲང་ཆིང་ལིས་དང་ཐོག་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་དང་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་ཚབ་ཞུས་ནས་འགོ་ཁྲིད་རྒན་གྲས་དང་བློ་མཐུན་རྒན་གྲས་ལ་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུས་པ་དང་འབྲེལ་བླ་ན་མེད་པའི་གུས་འདུད་ཀྱང་ཞུས་པ་རེད།

        ཀྲང་ཆིང་ལིས་ལས་བྲལ་དང་ལས་འཁྱུར་ངལ་གསོ་རྒྱག་མཁན་བློ་མཐུན་རྒན་གྲས་ཚོ་ནི་བོད་ཀྱི་བྱ་གཞག་ཁག་གི་གསར་འབྱེད་པ་དང་འཛུགས་སྐྲུན་པ་ཞིག་ཡིན་པ་མ་ཟད། བོད་ཀྱི་འཕེལ་རྒྱས་དང་ཡར་རྒྱས་ལོ་རྒྱུས་ཀྱི་སྐུལ་འདེད་པ་དང་དཔང་པོ་བ་ཞིག་ཀྱང་རེད།

        ཁོང་ཚོས་བོད་འདི་ཉིད་འཕེལ་རྒྱས་དང་བརྟན་ལྷིང་ཡོང་བ་བྱ་ཕྱིར་དང་བོད་ཀྱི་མི་རིགས་ཁག་གི་མི་དམངས་ལ་བདེ་སྐྱིད་ལྡན་པའི་འཚོ་བ་གསར་པ་སྐྱེལ་རྒྱུ་ཡོང་བ་བྱ་ཕྱིར་ཚེ་གང་འབད་འབུངས་གནང་བ་དང་། ཚེ་གང་དཀའ་ལས་བསྐྱོན་པ། ཚེ་གང་ལེགས་སྐྱེས་ཕུལ་ཡོད། ཁོང་ཚོ་ནི་ང་ཚོའི་རྩ་ཆེའི་ནོར་བུ་ལྟ་བུ་རེད། བློ་མཐུན་རྒན་གྲས་ཚོས་བོད་ཀྱི་འཕེལ་རྒྱས་དང་བརྟན་ལྷིང་ཕྱིར་ལོ་རྒྱུས་ཀྱི་མཛད་བརྗེད་བཞག་གནང་བ་དེ་བོད་མི་དམངས་ཀྱིས་དུས་ནམ་ཡང་བརྗེད་མི་སྲིད་ཅེས་ནན་གསུངས་གནང་བ་དང་ཆབས་ཅིག་ཁོང་གིས་ཁོང་ཚོར་སྐུ་གཟུགས་ལ་ཐུགས་ཅག་གནང་རྒྱུའི་རེ་བ་དང་ནད་མེད་ཚེ་རིང་ཡོང་བའི་སྨོན་འདུན་ཞུས་པ་དང་དུས་མཚུངས་བོད་ཀྱི་ལས་དོན་ཁག་ལ་མུ་མཐུད་ཐུགས་ཁུར་དང་རྒྱབ་སྐྱོར་གནང་ནས་བོད་ཀྱི་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་དང་ཡུན་རིང་བདེ་འཁོད་ཕྱིར་ལེགས་སྐྱེས་གསར་པ་འབུལ་རྒྱུའི་ཐུགས་རེའང་གནང་བ་རེད།

        མཇུག་ཏུ་ཀྲང་ཆིང་ལིས་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་ལྔ་པ་སྐོང་ཚོགས་བྱས་པ་དེས་བོད་ཀྱི་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་དང་ཡུན་རིང་བདེ་འཁོད་ཀྱི་རྒྱང་སྐྱོད་གསར་པར་སྐྱོད་འགོ་བཙུགས་ཡོད་པ་རེད། མིག་སྔར་ལོ་རྒྱུས་ཀྱི་འགོ་འཛུགས་ས་གསར་པའི་ཐོག་གནས་པའི་བོད་འདི་ཉིད་ལ་ལོ་ཁྲི་སྟོང་ལའང་འཕྲད་དཀའ་བའི་འཕེལ་རྒྱས་ཀྱི་གོ་སྐབས་ཤིག་འཕྲད་ཡོད། དེར་བརྟེན་ང་ཚོས་ངེས་པར་དུ་བློ་མཐུན་ཧུའུ་ཅིན་ཐའོ་ཡིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་གི་སྲ་བཞིན་བརྟན་པའི་འགོ་ཁྲིད་འོག་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་ཀྱིས་བློ་མཐུན་རྒན་གྲས་ཀྱི་དགོངས་པ་ཡག་པོ་དང་བྱ་སྤྱོད་བཟང་པོར་སློབ་སྦྱོང་བྱེད་པ་དང་། “བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས ”སྔར་བས་དར་སྤེལ་ཤུགས་ཆེན་གཏོང་བ། ཟུང་འབྲེལ་བྱ་རྒྱུའི་ཐད་ཀྱི་ལས་དོན་ཡག་པོ་སྒྲུབ་པ། དོན་འཁྱོལ་བྱ་རྒྱུར་དམ་འཛིན་ཡག་པོ་བྱེད་པ། “ལོ་ལྔ་ཚན་བཅུ་གཉིས་པའི ”འགོ་ཡག་པོ་ཞིག་འཛུགས་ཐུབ་པ་དང་གོམ་པ་བརྟན་པོ་ཞིག་སྤོ་ཐུབ་པའི་བརྩོན་ལེན་བྱེད་པ། ལས་དོན་ཁག་ཏན་ཏན་ཏིག་ཏིག་གི་སྒོ་ནས་མདུན་ཕྱོགས་སུ་སྐྱོད་རྒྱུར་སྐུལ་འདེད་གཏོང་བ་བཅས་ཀྱི་ཐོག་ནས་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འདི་ཉིད་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་ཀྱི་མགྱོགས་ལམ་ཐོག་སྐྱོད་ཐུབ་པ་བྱེད་པ་དང་སྤྱི་ཚོགས་ཀྱི་དུས་བབ་དེ་ཁྱོན་ཡོངས་ནས་བརྟན་པོ་དང་གཞི་རྩའི་ཆ་ནས་བརྟན་པོ་ནས་ཡུན་རིང་བདེ་འཁོད་ཡོང་བ་བྱས་ཏེ་ཏང་ཀྲུང་དབྱང་ཐུགས་བློ་བདེ་པོ་དང་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་བློ་ལ་བབ་པོ་ཞིག་ཡོང་བ་བྱེད་དགོས་ཞེས་གསུངས་པ་རེད།

        གཟིགས་པ་དང་འཚམས་འདྲི་གནང་སྐབས་རྒྱལ་མཚན་ནོར་བུ་སོགས་བློ་མཐུན་རྒན་གྲས་ཀྱིས་ང་ཚོ་ད་ཆ་ལས་གནས་ནས་བྲལ་ཟིན་ནའང་ཚང་མས་སྔར་རྒྱུན་བཞིན་བོད་ཀྱི་བྱ་གཞག་ཁག་ལ་སེམས་ཁུར་དང་རྒྱབ་སྐྱོར་བྱས་ནས་བོད་ཀྱི་འཕེལ་རྒྱས་དང་བརྟན་ལྷིང་ཕྱིར་རང་ཉིད་ཀྱི་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་རྒྱུ་ཡིན་ཞེས་གསུངས་པ་རེད།

        རང་སྐྱོང་ལྗོངས་ཀྱི་འབྲེལ་ཡོད་སྡེ་ཚན་གྱི་འགན་འཁུར་བློ་མཐུན་གཙོ་བོ་གཟིགས་པ་དང་འཚམས་འདྲིའི་བྱེད་སྒོའི་ནང་ཞུགས་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།