དབུ་ཤོག>སྲིད་དོན།>སྲིད་ཇུས་གསལ་འགྲེལ།
  • རྒྱལ་ཡོངས་མི་དམངས་འཐུས་ཚོགས་བོད་ལྗོངས་འཐུས་མི་ཚོགས་པས་ཅིའུ་ཅིན་ཧྲན་གྱི་ཕྱིར་སྡོད་ཀྲུང་གོ་བ་དང་ཕྱི་ཁོངས་ཀྲུང་གོ་བ་དང་བཞུགས་མོལ་གནང་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2015-05-09

        ཤིན་ཧྭ་གསར་འགྱུར་ཁང་ཅིའུ་ཅིན་ཧྲན་ནས་ཟླ་3ཚེས་15ཉིན་གློག་འཕྲིན་འབྱོར་གསལ། རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་། ཀྲུང་གུང་བོད་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་བཅས་ཡིན་པའི་བྱམས་པ་ཕུན་ཚོགས་ཀྱིས་སྣེ་ཁྲིད་གནང་བའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་བོད་ལྗོངས་འཐུས་མི་ཚོགས་པས་ས་གནས་དེ་གའི་དུས་ཚོད་ཟླ་3ཚེས་15ཉིན་གྱི་ཕྱི་དྲོ་ཨ་རིའི་ཅིའུ་ཅིན་ཧྲན་གྱི་ཕྱིར་སྡོད་ཀྲུང་གོ་བ་དང་ཕྱི་ཁོངས་ཀྲུང་གོ་བའི་འཐུས་མི་དང་བཞུགས་མོལ་གནང་བ་རེད།

        བྱམས་པ་ཕུན་ཚོགས་ཀྱིས་མཇུག་འགྲིལ་མ་ཐག་པའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་བཞི་པའི་གནས་ཚུལ་གཟབ་རྒྱས་དང་བོད་རང་སྐྱོང་ལྗོངས་ཀྱི “ལོ་ལྔ་ཚན་བཅུ་གཅིག་པའི ”རིང་གི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཐོབ་པའི་གྲུབ་འབྲས་ཧ་ཅང་ཆེན་པོ་ངོ་སྤྲོད་གནང་བ་རེད། བྱམས་པ་ཕུན་ཚོགས་ཀྱིས་བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་60འཁོར་བ་དང་ལྷག་དོན་དུ་སྒྱུར་བཅོས་སྒོ་དབྱེ་བྱས་ནས་ལོ་ངོ་30ལྷག་ཙམ་སོང་རིང་བོད་ཀྱི་རྣམ་པར་གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བུའི་འགྱུར་ལྡོག་བྱུང་ནས་དཔལ་འབྱོར་རྒྱུན་མཐུད་དང་མགྱོགས་མྱུར་འཕེལ་རྒྱས་ཕྱིན་པ་དང་། རྨང་གཞིའི་སྒྲིག་བཀོད་ལེགས་སུ་ཆེ་ཙམ་ཕྱིན་པ། མི་དམངས་ཀྱི་འཚོ་བའི་ཆུ་ཚད་མངོན་གསལ་དོད་པོས་མཐོ་རུ་ཕྱིན་པ། སྤྱི་ཚོགས་ཀྱི་རིག་གནས་བྱ་གཞག་ཕྱོགས་ཡོངས་ནས་འཕེལ་རྒྱས་ཕྱིན་ཡོད། མིག་སྔར་བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཧུའུ་ཅིན་ཐའོ་ཡིས་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་བཞི་པའི་བོད་ལྗོངས་འཐུས་མི་ཚོགས་པའི་གྲོས་ཞིབ་ནང་ཞུགས་སྐབས་གནང་བའི་གལ་ཆེའི་གསུང་བཤད་དགོངས་དོན་སློབ་སྦྱོང་ནན་ཏན་བྱས་ནས་འཕེལ་རྒྱས་ལ་སྐུལ་འདེད་དང་། བརྟན་ལྷིང་ལ་སྲུང་སྐྱོང་། དམངས་འཚོ་འགན་ལེན་བཅས་ལ་ཤུགས་སྣོན་བརྒྱབ་སྟེ “ལོ་ལྔ་ཚན་བཅུ་གཉིས་པའི ”འཆར་འགོད་ལག་བསྟར་བྱེད་པའི་འགོ་ཡག་པོ་ཞིག་འཛུགས་བཞིན་ཡོད་ཅེས་ངོ་སྤྲོད་གནང་བ་དང་། བྱམས་པ་ཕུན་ཚོགས་ཀྱིས་རྒྱ་ཆེའི་ཕྱིར་སྡོད་ཀྲུང་གོ་བ་དང་ཕྱི་ཁོངས་ཀྲུང་གོ་བས་དུས་ཡུན་རིང་པོའི་ནང་བོད་ཀྱི་བྱ་གཞག་ཁག་གི་འཕེལ་རྒྱས་ལ་ཐུགས་ཁུར་དང་མེས་རྒྱལ་གཅིག་གྱུར་གྱི་བྱ་གཞག་ཆེ་མོར་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུས་གནང་བ་རེད།

        ཕྱིར་སྡོད་ཀྲུང་གོ་བ་དང་ཕྱི་ཁོངས་ཀྲུང་གོ་བའི་འཐུས་མིས་ནུས་པ་འདོན་སྤེལ་མུ་མཐུད་བྱས་ནས་ཨ་རིའི་སྤྱི་ཚོགས་ལས་རིགས་ཁག་ལ་བོད་དེ་ཉིད་དྲིལ་བསྒྲགས་དང་ངོ་སྤྲོད་བྱས་ནས་ཨ་རིའི་དམངས་ཚོགས་ཀྱིས་བོད་ཤེས་རྟོགས་དང་ངོས་འཛིན་ཐུབ་ཤུགས་ཆེ་རུ་བཏང་ནས་ཏཱ་ལའི་རུ་ཚོགས་ཀྱིས་མེས་རྒྱལ་ཁ་ཕྲལ་གཏོང་རྩིས་བྱེད་པའི་གཏམ་འཆལ་དང་བྱེད་སྤྱོད་ཁག་ལ་ངོ་རྒོལ་མཐའ་གཅིག་ཏུ་བྱེད་འདོད་ཡོད་ཅེས་གཅིག་རྗེས་གཉིས་མཐུད་ངང་གསུངས་པ་རེད།

        ཅིའུ་ཅིན་ཧྲན་དུ་བཞུགས་རིང་འཐུས་མི་ཚོགས་པས་ད་དུང་ཅ་ཀྲོའུ་སློབ་ཆེན་གྱི་པ་ཁེ་ལི་ཡན་ལག་སློབ་གྲྭའི་རིགས་གཅིག་མཁས་ཅན་དང་མཁས་དབང་ཚོ་དང་བཞུགས་མོལ་གནང་བ་དང་སྤུན་ཟླ་བོད་རིགས་པའི་འཐུས་མིར་གཟིགས་པའི་ཁར་ས་གནས་དེ་གའི་སྨྱན་སྦྱོར་ཚན་པའི་བཅར་འདྲི་དང་ལེན་གནང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།