དབུ་ཤོག>སྲིད་དོན།>སྲིད་ཇུས་གསལ་འགྲེལ།
  • ལས་ཀའི་ལམ་སྲོལ་འཐུས་ཚང་དུ་བཏང་ནས་སློབ་གྲྭའི་བདེ་འཇགས་འགན་ལེན་བྱེད་དགོས་པའི་བླང་བྱ་བཏོན་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།   |     སྤེལ་དུས།  2015-05-09

        བོད་ལྗོངས་ཉིན་རེའི་ཚགས་པར་ཁང་དུ་ལྷ་ས་ནས་ཟླ་3ཚེས་13ཉིན་གནས་ཚུལ་འབྱོར་གསལ། སློབ་དུས་གསར་པ་སློབ་འགོ་ཚུགས་པ་དང་དེ་བཞིན་སློབ་གྲྭའི་བདེ་འཇགས་གནས་ཚུལ་ཁྱོན་ཡོངས་ནས་ཤེས་རྟོགས་བྱ་ཆེད་ཚེས་13ཉིན་གྱི་སྔ་དྲོ་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་མོང་ཏེ་ལིས་རང་སྐྱོང་ལྗོངས་སློབ་གསོ་ལས་དོན་ཨུ་ཡོན་ལྷན་ཁང་དང་སློབ་གསོ་ཐིང་གི་འགན་འཁུར་བློ་མཐུན་གཙོ་བོའི་ཕེབས་རོགས་འོག་སྔ་རྗེས་སུ་བོད་ལྗོངས་སློབ་ཆེན་གྱི་སློབ་ཁུལ་གསར་པ་དང་། ལྷ་ས་གྲོང་ཁྱེར་སློབ་ཆུང་དང་པོ། ལྷ་ས་སློབ་འབྲིང་སོགས་སུ་གཟིགས་ཞིབ་གནང་བར་ཕེབས་པ་རེད།

        སློབ་གྲྭ་ཁག་གི་བརྟན་ལྷིང་སྲུང་སྐྱོང་བྱས་ཚུལ་དང་བདེ་འཇགས་གནས་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་རྗེས་མོང་ཏེ་ལིས་ལྗོངས་ཡོངས་ཀྱི་རིམ་ཁག་སློབ་གསོའི་སྡེ་ཚན་དང་རིམ་ཁག་དང་རིགས་ཁག་གི་སློབ་གྲྭར་ཆབ་སྲིད་ཀྱི་འདུ་ཤེས་དང་། བདེ་འཇགས་ཀྱི་འདུ་ཤེས། འགན་འཁྲིའི་འདུ་ཤེས་བཅས་སྔར་བས་ཟབ་ཏུ་གཏོང་བ་དང་། སློབ་གྲྭའི་བདེ་འཇགས་སྔོན་འགོག་ལས་དོན་དེ་སྔར་བས་མངོན་གསལ་དོད་པའི་གནས་བབ་ཐོག་འཇོག་པ། སློབ་གྲྭ་དང་དེ་བཞིན་མཐའ་འཁོར་གྱི་བདེ་འཇགས་སྲུང་སྐྱོང་ལས་དོན་ནན་ཏན་ངང་ཡག་པོ་བསྒྲུབ་ནས་ལྗོངས་ཡོངས་ཀྱི་བརྟན་ལྷིང་ལ་འགན་ལེན་བྱེད་དགོས་པ་དང་། བདེ་འཇགས་སློབ་གསོར་ཤུགས་སྣོན་བརྒྱབ་ནས་སློབ་ཕྲུག་གི་སེམས་ཁམས་སྐྱོན་བྲལ་དང་ཁྲིམས་ལུགས་བདེ་འཇགས་ཤེས་བྱའི་སློབ་གསོ་ནན་ཏན་ངང་ཡག་པོ་རྒྱག་པ་དང་ཆབས་ཅིག་འཕྲལ་སྡོམ་སྔོན་ཇུས་འཐུས་ཚང་དུ་བཏང་ནས་དགེ་སློབ་ཀྱི་བདེ་འཇགས་སྔོན་འགོག་འདུ་ཤེས་དང་ནུས་པ་ཆེ་རུ་གཏོང་དགོས་པ། སློབ་གྲྭའི་འགོ་ཁྲིད་དཔུང་ཁག་དང་། སྤྱི་བདེ་ལས་ཁུངས་ཀྱི་སྡེ་ཁུལ་སྐུ་སྲུང་། མཉམ་འགོག་མཉམ་བཅོས་དཔུང་ཁག དེ་བཞིན་མཐའ་འཁོར་གྱི་བདེ་འཇགས་སྲུང་སྐྱོང་དང་སྔོན་འགོག་ཚོད་འཛིན་མ་ལག་འཛུགས་སྐྲུན་བྱ་རྒྱུར་སྔར་བས་ཤུགས་སྣོན་རྒྱག་དགོས་པ། འབྲེལ་ཡོད་འགན་ནུས་སྡེ་ཚན་དང་ཁུར་མཉམ་ལེན་དང་དོན་སྤྱི་སྒྲུབ་བྱས་ཏེ་རྒྱ་ཆེའི་མང་ཚོགས་སློབ་གྲྭའི་བདེ་འཇགས་ལས་དོན་ནང་ཞུགས་པའི་མཉམ་ཤུགས་ཤིག་དང་གཞོགས་འདེགས་དང་མཐུན་སྦྱོར་ལམ་སྲོལ་ཞིག་ཆགས་པ་ཧུར་ཐག་བྱེད་དགོས་པ་བཅས་ཀྱི་བླང་བྱ་བཏོན་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།