དབུ་ཤོག>སྲིད་དོན།>སྲིད་ཇུས་གསལ་འགྲེལ།
  • སྐལ་བཟང་ཚེ་རིང་གིས་དབུལ་སྐྱོར་ཞིང་སྤེལ་ལས་དོན་ཐད་མང་ཚོགས་ལ་ཁེ་ཕན་ཐོབ་རྒྱུ་མངོན་གསལ་དོད་དུ་བཏང་ནས་དབུལ་སྐྱོར་ཞིང་སྤེལ་ལས་དོན་ལེགས་པར་བསྒྲུབ་དགོས་ཞེས་ནན་གསུངས་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།   |     སྤེལ་དུས།  2015-05-09

        བོད་ལྗོངས་ཉིན་རེའི་ཚགས་པར་ཁང་དུ་ལྷ་ས་ནས་ཟླ་3ཚེས་13ཉིན་གནས་ཚུལ་འབྱོར་གསལ། ཚེས་13ཉིན་གྱི་སྔ་དྲོར་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་སྐལ་བཟང་ཚེ་རིང་གིས་ལྷ་ས་གྲོང་ཁྱེར་གྱི་དབུལ་སྐྱོར་དང་ཞིང་སྤེལ་གྱི་རྣམ་གྲངས་ས་ཚིགས་ཁག་གཅིག་ཏུ་བརྟག་ཞིབ་གནང་བ་མ་ཟད། རང་སྐྱོང་ལྗོངས་དབུལ་སྐྱོར་དང་ཞིང་སྤེལ་སྡེ་ཚན་གྱི་འགན་འཁུར་བློ་མཐུན་གྱི་ལས་དོན་སྙན་སེང་གསན་པ་རེད།

        སྐལ་བཟང་ཚེ་རིང་དང་བཅས་པ་སྔ་རྗེས་སུ་ལྷ་ས་གྲོང་ཁྱེར་སྟོད་ལུང་བདེ་ཆེན་རྫོང་རྒུ་རུམ་སྣང་རྩེ་རྩམ་པ་ལས་སྣོན་བཟོ་གྲྭ་དང་། ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་གྲོང་ཁྱེར་དབུལ་སྐྱོར་རྣམ་གྲངས་རྔ་ཆེན་ཤང་གར་པ་གྲོང་ཚོའི་རྡོ་གཤགས་ར་བ། རྔ་ཆེན་ཤང་སྐྱིད་རས་དོན་གཅོད་ཁང་ཐལ་སྤུངས་སྒང་སྤྲོ་གླིང་སོགས་སུ་ཕེབས་ཏེ་དབུལ་སྐྱོར་དང་ཞིང་སྤེལ་རྣམ་གྲངས་ཀྱི་འཛུགས་སྐྲུན་དང་། གསར་སྤེལ། གཉེར་སྐྱོང་བཅས་ཀྱི་གནས་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་བ་མ་ཟད། རྣམ་གྲངས་ཁག་གི་ས་ཚིགས་ལ་གོམ་སྟབས་རྗེས་མའི་ལས་དོན་ལ་རེ་འདུན་དང་བླང་བྱ་བཏོན་གནང་བ་རེད། སྐལ་བཟང་ཚེ་རིང་གིས་རང་ལྗོངས་ཀྱི་དབུལ་སྐྱོར་དང་ཞིང་སྤེལ་སྡེ་ཚན་ལ་ཉེ་ཆར་གཅིག་ནས “ལོ་ལྔ་ཚན་བཅུ་གཉིས་པའི ”དབུལ་སྐྱོར་དང་ཞིང་སྤེལ་འཆར་འགོད་ཀྱི་བཟོ་བཅོས་དང་འཐུས་ཚང་ལས་དོན་ལེཌ་སྒྲུབ་བྱ་རྒྱུར་དམ་འཛིན་བྱེད་དགོས་པ་དང་། དུས་མཚུངས་གཙོ་གནད་ལས་དོན་ལ་དམ་པོར་དམིགས་ཏེ་སྔ་ཙམ་ནས་འཆར་འགོད་དང་བཀོད་སྒྲིག་ཞིབ་ཚགས་བྱས་ནས “ལོ་ལྔ་ཚན་བཅུ་གཉིས་པ ”འགོ་འཛུགས་པའི་ལོར་ལས་དོན་གྱི་འགོ་ཡག་པོ་རྩོམ་དགོས་པ་དང་། གཉིས་ནས་སྤྱོད་ཚུལ་བཟང་པོ་དང་ལས་དོན་བསམ་ཕྱོགས་རྒྱུན་འཛིན་དང་དར་སྤེལ་གྱིས་དབུལ་སྐྱོར་དང་ཞིང་སྤེལ་ལས་དོན་མུ་མཐུད་ལེགས་པར་བསྒྲུབ་དགོས། གསུམ་ནས་2011ལོའི་དབུལ་སྐྱོར་དང་ཞིང་སྤེལ་གྱི་ལས་དོན་ཁག་ལ་སྔ་ཙམ་ནས་བཀོད་སྒྲིག་བྱ་དགོས་པ་བཅས་ཀྱི་བླང་བྱ་བཏོན་གནང་བ་རེད།

        སྐལ་བཟང་ཚེ་རིང་གིས་སླད་ཕྱིན་རང་ལྗོངས་ཀྱིས་དབུལ་སྐྱོར་དང་ཞིང་སྤེལ་རྣམ་གྲངས་གསར་སྤེལ་དང་འཛུགས་སྐྲུན་ཁྲོད་ལེགས་ལྡན་དང་ཁྱད་ལྡན་ཐོན་ལས་གསོ་སྤེལ་ཐད་དོ་སྣང་བྱས་ཏེ་ས་མཐོའི་ཁྱད་ཆོས་ལྡན་པའི་ཞིང་ལས་ཐོན་རྫས་ཀྱི་རྟེན་གཞི་ཧུར་ཐག་བསྐྲུན་དགོས་པ་དང་། རྣམ་གྲངས་ཀྱི་སྤུས་ཚད་དོ་དམ་ལ་དམ་འཛིན་བྱས་ཏེ་སྣེ་ཁྲིད་དང་ལྟ་སྐུལ་ཐད་དོ་སྣང་གིས་མང་ཚོགས་ལ་ཁེ་ཕན་ཐོབ་རྒྱུ་མངོན་གསལ་དོད་དུ་བཏང་ནས་ཞིང་འབྲོག་ལས་ཀྱི་ཕན་འཕར་དང་ཞིང་འབྲོག་མང་ཚོགས་ཀྱི་འབབ་འཕར་ལ་འགན་ལེན་གྱིས་མང་ཚོགས་དབུལ་པོ་སྔ་ཙམ་ནས་དབུལ་སྒྲོལ་ཕྱུག་འགྱུར་ཡོང་བར་རོགས་རམ་བྱེད་དགོས་ཞེས་ནན་གསུངས་གནང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།