དབུ་ཤོག>སྲིད་དོན།>སྲིད་ཇུས་གསལ་འགྲེལ།
  • འགོ་འཛུགས་ས་གསར་པ་དང་། འཕེལ་རྒྱས་གསར་པ། མཆོང་སྐྱོད་གསར་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།   |     སྤེལ་དུས།  2015-05-09

        འཆར་གཞི་ཆེན་པོས་མི་སེམས་ལ་སྐུལ་མ་གཏོང་བ་དང་འཕེལ་རྒྱས་ཀྱི་འདུན་པས་མི་སེམས་ལ་སྐུལ་ལྕག་ཐེབས། རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་བཞི་པའི་ཚོགས་རའི་ནང་དུ་རང་ལྗོངས་ཀྱི་ཨུ་ཡོན་ཚོས “ལོ་ལྔ་ཚན་བཅུ་གཉིས་པའི ”འཆར་འགོད་རྩ་གནད་ཀྱི་འཆར་ཟིན་ལ་གྲོས་བསྡུར་ཚ་ཚ་འུར་འུར་བྱས་ཏེ “ལོ་ལྔ་ཚན་བཅུ་གཉིས་པའི ”འཕེལ་རྒྱས་གསར་པར་ཐབས་དང་ཇུས་བཏོན་པ་རེད།

        ཉིན་ཤས་རིང་མི་རིགས་རིགས་ཁོངས་ཀྱི་ཨུ་ཡོན་འཇིགས་མེད་རྣམ་རྒྱལ་དང་། མཁས་གྲུབ། ཁང་ཪྙིང་པ་སངས། ཆན་ཅིན་བཅས་ཁོམ་པ་ཡོད་དུས་སུ་མཉམ་དུ་འཛོམས་ནས་བློ་རྩེ་གཅིག་སྒྲིམ་གྱིས “ལོ་ལྔ་ཚན་བཅུ་གཉིས་པའི ”འཆར་འགོད་རྩ་གནད་ཀྱི་འཆར་ཟིན་ཞིབ་འཇུག་དང་གྲོས་བསྡུར་བྱེད་པ་དང་འཆར་ཟིན་ནང་མཐའ་མཚམས་གྲངས་ཉུང་མི་རིགས་ས་ཁུལ་དུ་དམིགས་བསལ་སྲིད་ཇུས་ལག་བསྟར་བྱས་ནས་འཕེལ་རྒྱས་ལ་རོགས་སྐྱོར་བྱ་རྒྱུ་སླར་ཡང་བཏོན་ཡོད་པ་དེས་ཨུ་ཡོན་ཚོར་དྲོ་སྐྱིད་ཚོར་བ་རེད། ཨུ་ཡོན་འཇིགས་མེད་རྣམ་རྒྱལ་གྱིས “ལོ་ལྔ་ཚན་བཅུ་གཉིས་པའི ”རིང་རྒྱལ་ཁབ་ཀྱིས་མི་རིགས་ས་ཁུལ་དང་ནུབ་རྒྱུད་ས་ཁུལ་ལ་མུ་མཐུད་དམིགས་བསལ་གྱི་ཐུགས་ཁུར་དང་རྒྱབ་སྐྱོར་གནང་རྒྱུ་ཡིན་པས་བོད་ཀྱི་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་དང་ཡུན་རིང་བདེ་འཁོད་ཡོང་རྒྱུའི་ཐད་ང་ཚོར་ཆོད་སེམས་དང་ཡིད་ཆེས་སྔར་བས་ཆེ་རུ་སོང་བྱུང ”ཞེས་གསུངས་པ་དང་། ཨུ་ཡོན་ཁང་ཪྙིང་པ་སངས་ཀྱིས “ལོ་ལྔ་ཚན་བཅུ་གཉིས་པའི ”རིང་བོད་དང་ཞིང་ཆེན་ཚང་མའི་མདུན་དུ་གོ་སྐབས་གསར་པ་དང་འགྲན་སློང་གསར་པ་ལྷག་ཡོད་པས་ལས་འགན་ནི་གལ་འགངས་ཆེན་པོ་ཡིན། ང་ཚོས་ལས་འགན་ཕུན་སུམ་ཚོགས་པོའི་ངང་སྒྲུབ་ཐུབ་ངེས་ཡིན་པ་ང་ལ་ཡིད་ཆེས་བརྟན་པོ་ཡོད ”ཅེས་གསུངས་པ། ཨུ་ཡོན་ཆན་ཅིན་གྱིས “ལོ་ལྔ་ཚན་བཅུ་གཉིས་པའི ”རིང་རྒྱལ་ཁབ་ཀྱིས་བོད་ལ་རྒྱབ་སྐྱོར་བྱེད་ཤུགས་མུ་མཐུད་ཆེ་རུ་གཏོང་རྒྱུ་ཡིན་པ་དང་ང་ཚོ་མི་འབོར་ཅུང་ཉུང་བའི་མི་རིགས་ལའང་དམིགས་བསལ་གྱི་ཐུགས་ཁུར་གནང་རྒྱུ་ཡིན་པས་ངའི་སེམས་ཧ་ཅང་དགའ་པོ་བྱུང ”ཞེས་གསུངས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།