《བོད་རང་སྐྱོང་ལྗོངས་ཀྱི་2014ལོའི་མཚོན་རྟགས་སེར་པོའི་རླངས་འཁོར་དང་དེ་བཞིན་རླངས་འཁོར་རྙིང་པ་མེད་པ་བཟོ་རྒྱུའི་ལས་དོན་སྐོར་གྱི་སྤྱི་བདེ་ཐིང་དང་ཁོར་ཡུག་སྲུང་སྐྱོང་ཐིང་གི་ལག་བསྟར་ཇུས་གཞི་བརྒྱུད་བསྒྲགས་བྱ་རྒྱུའི་སྐོར་གྱི་བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་བརྡ་ཐོའི 》བླང་བྱ་གཞིར་བཟུང་། མཚོན་རྟགས་སེར་པོའི་རླངས་འཁོར་དང་དེ་བཞིན་རླངས་འཁོར་རྙིང་པ་མེད་པ་བཟོ་རྒྱུའི་ལས་འགན་ལ་གཞིགས་ནས་ངེད་ཚན་པའི་ཁོངས་སུ་གཏོགས་པའི་བོད་CA1000 བོད་CA0008 བོད་CA1885 བོད་CA1655བཅས་ཀྱི་རླངས་འཁོར་བཞི་བེད་སྤྱོད་དུས་ཚོད་ལས་ཡོལ་བ་དང་འཁོར་རིགས་བེད་མེད་ཟུར་འཇོག་གི་ཆ་རྐྱེན་དང་མཐུན་ཡོད་པས་རླངས་འཁོར་གྱི་ད་ལྟའི་འཁོར་བདག་ཚོས་སྤྱི་བསྒྲགས་འདི་སྤེལ་བའི་ཉིན་ནས་བཟུང་གི་ཉིན་30ཡི་དུས་ཚོད་ནང་ངེད་ཚན་པ་དང་འབྲེལ་བ་བྱེད་རྒྱུའི་རེ་བ་ཞུ་རྒྱུ་ཡིན། གལ་ཏེ་གཏན་འབེབས་དུས་ཚོད་ནང་ངེད་ཚན་པ་དང་འབྲེལ་བ་མ་བྱས་པའི་རིགས་ལ་ངེད་ཚན་པས་བརྡ་ཐོའི་བླང་བྱ་ནན་པོར་གཞིགས་ཏེ་འཁོར་རིགས་ཐོ་ཁོངས་ནས་བསུབ་རྒྱུ་དང་འགྲོ་ལུགས་ལག་ཁྱེར་བེད་མེད་དུ་གཏོང་རྒྱུ་ཡིན། འབྲེལ་གཏུག་མི་སྣ། བཀྲ་ཤིས་ལྷ་འཛོམས། ཁ་པར་ཨང་གྲངས། 0893-7820225 13889032295ཡིན།
ཆེད་མངགས་སྤྱི་བསྒྲགས་འདི་སྤེལ་བ་ཡིན།
ལྷོ་ཁ་ས་ཁུལ་སྲིད་འཛིན་ཀུང་ཧྲུའུ་གཞུང་ལས་ཁང་ནས།
2014ལོའི་ཟླ་12ཚེས་26ཉིན།