2014ལོར་བློ་མཐུན་ཞིས་ཅིན་ཕིང་གིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་གི་སྲ་ཞིང་བརྟན་པའི་འགོ་ཁྲིད་འོག་རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་ལྗོངས་ཡོངས་ཀྱི་ཏང་ཡོན་ལས་བྱེད་པ་དང་མི་རིགས་ཁག་གི་མང་ཚོགས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་ཀྱིས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་དང་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་དང་བཞི་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་གསུང་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན་དང་ལྷག་པར་དུ “རྒྱལ་ཁབ་སྐྱོང་བར་ངེས་པར་དུ་མཐའ་མཚམས་སྐྱོང་དགོས་པ་དང་མཐའ་མཚམས་སྐྱོང་བར་སྔོན་ལ་བོད་བརྟན་ལྷིང་ཡོང་བ་བྱེད་དགོས་པའི ”འཐབ་ཇུས་ཀྱི་དགོངས་པ་གལ་ཆེན་དང “བོད་རྒྱུན་མཐུད་བརྟན་ལྷིང་དང་། ཡུན་རིང་བརྟན་ལྷིང་། ཁྱོན་ཡོངས་ནས་བརྟན་ལྷིང་བཅས་ཡོང་བ་བྱེད་དགོས་པའི ”མཛུབ་སྟོན་གལ་ཆེན་ལག་བསྟར་དོན་འཁྱོལ། ཀྲུའུ་ཞི་ཡུས་ཀྲེང་ཧྲེང་གི “ཁྲིམས་ལྟར་བོད་སྐྱོང་བ་དང་། བོད་ཡུན་རིང་འཛུགས་སྐྲུན་བྱེད་པ། མི་སེམས་ཐོབ་ཐབས་བྱེད་པ། རྨང་གཞི་བརྟན་དུ་གཏོང་བ ”བཅས་ཀྱི་མཛུབ་སྟོན་དགོངས་པ་ལག་བསྟར་དོན་འཁྱོལ་བཅས་བྱས་ནས “སྔོན་ཐོན་གཉིས་ལྡན་དུད་སྦྲེལ ”འཛུགས་སྐྱོང་བྱེད་སྒོ་སྤེལ་རྒྱུའི་སྐོར་གྱི་རང་སྐྱོང་ལྗོངས་ཀྱི་བཀོད་སྒྲིག་བླང་བྱ་ཁྱོན་ཡོངས་ནས་དོན་འཁྱོལ་བྱས་ཏེ་སྤྱི་ཚོགས་བཅོས་སྐྱོང་གི་མ་ལག་གསར་གཏོད་དང་སྤྱི་ཚོགས་བཅོས་སྐྱོང་གི་ནུས་པ་ཆེ་རུ་ཧུར་ཐག་བཏང་ནས་སྤྱི་ཚོགས་དོ་དམ་ཞབས་ཞུ་དང་མང་ཚོགས་ཀྱི་ལས་དོན་ཟུང་འབྲེལ་དམ་ཟབ་བྱ་རྒྱུ་མཐའ་འཁྱོངས་དང་རིམ་ཁག་ཏང་སྲིད་རྩ་འཛུགས་ཀྱིས་འགོ་ཁྲིད་བྱ་རྒྱུར་མཐོང་ཆེན་དང་རིམ་ཁག་ཕྱོགས་བསྡུས་བཅོས་སྐྱོང་ཨུ་ལྷན་གྱི་མཐུན་སྦྱོར་མཛུབ་ཁྲིད་འོག་སྡེ་ཁུལ (གྲོང་ཚོ )དང་རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ཧུར་ཐག་ཞུགས་སུ་བཅུག་སྟེ་སྤྱི་ཚོགས་ཞི་མཐུན་བརྟན་ལྷིང་ཡོང་བ་བྱེད་པ་དང་མང་ཚོགས་འབབ་འཕར་ཕྱུག་འགྱུར་ཡོང་རྒྱུར་སྐུལ་འདེད་གཏོང་བའི་དམིགས་ཚད་དང “བཅུ་སྦྲེལ ”གཙོ་གནད་དུ་བྱས་ནས་དུས་བདེ་ཞི་མཐུན་མཉམ་གཏོད་དང་། ཐུན་མོང་ཐོག་ཕྱུག་འགྱུར་འབབ་འཕར། མཛེས་སྡུག་ལྡན་པའི་ཁྱིམ་གཞིས་མཉམ་སྐྲུན་བཅས་བྱ་རྒྱུར་དམ་པོར་དམིགས་ནས་ཁེ་ཕན་མཉམ་སྤྱོད་དང་འགན་འཁྲི་མཉམ་འཁུར་བྱས་ཏེ་བྱེད་སྒོའི་གཞི་རྟེན་གསར་གཏོད་དང་བྱེད་སྒོའི་ནང་དོན་ཕུན་སུམ་ཚོགས་སུ་དང་རྒྱ་ཆེར་བཏང་ནས་གཏོད་འདེམས་བྱེད་སྒོ་གཏིང་ཟབ་སྤེལ་བས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མི་ཚང་མར་ཁྱབ་ཐུབ་པ་བྱུང་བ་དང་། ལྗོངས་ཡོངས་ཀྱི་གྲོང་ཚོ (གྲོང་ལྷན )ཁྲོད་དུད་སྦྲེལ་དུས་བདེ་འགན་ལེན་དང་དུད་སྦྲེལ་འབབ་འཕར་སྐུལ་གཏོང་གི་ཁེ་ཕན་གྱི་ཐུན་མོང་སྒྲིག་གཞི་བརྟན་པོ་ཞིག་བཙུགས་ནས་རང་ལྗོངས་ཀྱི་གྲོང་གསེབ་བཅོས་སྐྱོང་མ་ལག་སྔར་བས་འཐུས་སྒོ་ཚང་དུ་གཏོང་བ་དང་། ལྗོངས་ཡོངས་ཀྱི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གཞི་རིམ་འཕེལ་རྒྱས་བརྟན་ལྷིང་གི་རྣམ་པ་གསར་པ་བཏོད་དེ་མཐུན་སྒྲིལ་འབད་འབུངས་དང་། ཡར་རྒྱས་བརྩོན་ལེན། ཕན་འབྲས་མངོན་གསལ་དོད་པ་བཅས་ཀྱི་སྔོན་ཐོན་མཉམ་སྡེབ་དང་ཏང་དང་རྒྱལ་ཁབ་ལ་དགའ་ཞེན་དང་། སྒྲིག་བཀུར་ཁྲིམས་སྲུང་། མཐུན་སྒྲིལ་འཆམ་མཐུན། ཐུན་མོང་འབྱོར་ཕྱུག ཤེས་དཔལ་ཡར་ཐོན་བཅས་ཀྱི “སྔོན་ཐོན་གཉིས་ལྡན་དུད་སྦྲེལ ”ཁག་གཅིག་ཐོན་ཡོད།
སྔོན་ཐོན་ལ་གཟེངས་བསྟོད་དང་། དཔེ་མཚོན་འཛུགས་པ་དང་། སྟོབས་ཤུགས་གཅིག་སྒྲིལ། སྤྱི་ཡོངས་ལ་ཁྲིད་སྟོན་བཅས་བྱས་ནས “སྔོན་ཐོན་གཉིས་ལྡན་དུད་སྦྲེལ ”འཛུགས་སྐྱོང་བྱེད་སྒོའི་ནང་ཞུགས་པའི་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཚོའི་ཧུར་བརྩོན་དང་། རང་འགུལ། གསར་གཏོད་བཅས་ཀྱི་བསམ་པར་སྔར་བས་ཡར་སྐུལ་བྱ་ཆེད། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་ལྷ་ས་གྲོང་ཁྱེར་སོགས་ས་ཁུལ་དང་གྲོང་ཁྱེར་3དང་། ལྷ་ས་གྲོང་ཁྱེར་ཆུ་ཤུར་རྫོང་སོགས་རྫོང (ཆུས )18 ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་བཅིངས་འགྲོལ་ནུབ་ལམ་དོན་གཅོད་ཁང་སོགས་ཤང་གྲོང (ཁྲོམ་གཞུང )35 ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་བར་སྐོར་ཁྲོམ་གཞུང་བསྟན་རྒྱས་གླིང་སྡེ་ཁུལ་སོགས་གྲོང་ཚོ (གྲོང་ལྷན )65བཅས་དང་། ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ཀྱི་པ་སངས་དབང་འདུས་སོགས་དུད་སྦྲེལ་ཚན་པ་120ཡི་དུད་ཚང་1202ལ་གཟེངས་བསྟོད་བྱ་རྒྱུའི་གཏན་འབེབས་བྱས་ཤིང་། གཟེངས་བསྟོད་ཐོབ་པའི་སྔོན་ཐོན་མཉམ་སྡེབ་དང་སྔོན་ཐོན་མི་སྒེར་ཚོས་གཟི་བརྗིད་ལ་གཅེས་སྤྲས་ལྡབ་བརྒྱ་དང་ཡང་འབད་བསྐྱར་འབད་ཀྱིས “སྔོན་ཐོན་གཉིས་ལྡན་དུད་སྦྲེལ ”འཛུགས་སྐྱོང་ལས་དོན་ལ་སྐུལ་མ་ནུས་ལྡན་བཏང་ནས་དུད་སྦྲེལ་དུས་བདེ་འགན་ལེན་དང་དུད་སྦྲེལ་འབབ་འཕར་སྐུལ་གཏོང་སྔར་བས་མི་སེམས་སུ་ཟུག་པ་དང་ཁྱིམ་ཚང་ཚང་མས་ཤེས་པ་བྱ་རྒྱུའི་རེ་བ་ཡོད།
རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་ལྗོངས་ཡོངས་ཀྱི་རིམ་ཁག་ཏང་སྲིད་རྩ་འཛུགས་དང་རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ཚོས་བློ་མཐུན་ཞིས་ཅིན་ཕིང་གིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་དམ་ཟབ་བྱས་ནས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་དར་ཆ་མཐོན་པོར་སྒྲེང་བ་དང་ཏེང་ཞའོ་ཕིང་གི་རིགས་པའི་གཞུང་ལུགས་དང་། “མཚོན་བྱེད་གསུམ ”གྱི་དགོངས་པ་གལ་ཆེན། ཚན་རིག་དང་མཐུན་པའི་གོང་འཕེལ་ལྟ་བ་བཅས་མཛུབ་ཁྲིད་དུ་བྱས་ནས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་དང་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་དང་བཞི་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་གསུང་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ། དུས་བདེའི་ཀྲུང་གོ་འཛུགས་སྐྱོང་གཏིང་ཟབ་ཏུ་གཏོང་བའི་ཚོགས་འདུའི་དགོངས་དོན་ལག་བསྟར་དོན་འཁྱོལ་བཅས་བྱས་ནས་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་བཀོད་སྒྲིག་བླང་བྱ་གཞིར་བཟུང་། གཟེངས་བསྟོད་ཐོབ་པའི་སྔོན་ཐོན་མཉམ་སྡེབ་དང་སྔོན་ཐོན་མི་སྒེར་མིག་དཔེར་བྱས་ཏེ “སྔོན་ཐོན་གཉིས་ལྡན་དུད་སྦྲེལ ”འཛུགས་སྐྱོང་གི་བྱེད་སྒོ་དེ་ཁྲིམས་སྐྱོང་བོད་ལྗོངས་དང་དུས་བདེའི་བོད་ལྗོངས་འཛུགས་སྐྱོང་གི་སྤྱི་ཡོངས་ཁྲོད་བཞག་ནས་འཆར་འགོད་བྱེད་པ་དང་སྐུལ་འདེད་གཏོང་བ་དང་། བསམ་བློར་བཅིངས་འགྲོལ་དང་གསར་འབྱེད་གསར་གཏོད། དམ་པ་དོན་གཉེར་དང་ལས་དོན་ཏན་སྒྲུབ་བཅས་བྱས་ཏེ་དུས་བདེ་གཏོད་པའི་གཞི་རྟེན་ཕུན་སུམ་ཚོགས་སུ་བཏང་ཐོག་གྲོང་ཁྱེར་དང་གྲོང་གསེབ་འཕེལ་རྒྱས་བརྟན་ལྷིང་གི་རྨང་གཞི་སྔར་བས་བརྟན་དུ་དང་བོད་དུ་སྲིད་སྐྱོང་བའི་ཏང་གི་རྨང་གཞི་ཟམ་མི་ཆད་པར་བརྟན་དུ་གཏོང་དགོས་པའི་འབོད་སྐུལ་བྱས་ཡོད།
བོད་ལྗོངས་འདི་ཉིད་ཚན་རིག་དང་མཐུན་པའི་འཕེལ་རྒྱས་དང་། ཞི་མཐུན་བརྟན་ལྷིང་། དམངས་འཚོ་ལེགས་གཏོང་། མི་རིགས་མཐུན་སྒྲིལ། ཆོས་ལུགས་འཆམ་མཐུན། སྣོད་བཅུད་བཟང་བ། ཏང་འཛུགས་སྐྱོང་ལ་ཤུགས་སྣོན། མཐའ་མཚམས་སྲ་བརྟན་བཅས་ཀྱི་རྣམ་པ་གསར་པ་སྔར་བས་གཏོད་ཆེད་ལེགས་སྐྱེས་གསར་པ་དེ་བས་ཆེ་བ་འབུལ་དགོས།