དབུ་ཤོག>སྲིད་དོན།>སྲིད་གཞུང་ཡིག་ཆ།
  • 2014ལོ་འཁོར་གྱི་བོད་རང་སྐྱོང་ལྗོངས་ཀྱི་ཞི་མཐུན་དཔེ་བཟང་དགོན་སྡེ་དང་རྒྱལ་གཅེས་ཁྲིམས་སྲུང་གི་སྔོན་ཐོན་གྲྭ་བཙུན་ལ་གཟེངས་བསྟོད་བྱ་རྒྱུའི་སྐོར་གྱི་གཏན་འབེབས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2015-05-09

        2014ལོར་བློ་མཐུན་ཞིས་ཅིན་ཕིང་གིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་དང་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་དང་བཞི་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་ནན་ཏན་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་གསུང་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན་དང་ལྷག་པར་དུ “རྒྱལ་ཁབ་སྐྱོང་བར་ངེས་པར་དུ་མཐའ་མཚམས་སྐྱོང་དགོས་པ་དང་། མཐའ་མཚམས་སྐྱོང་བར་སྔོན་ལ་བོད་ལྗོངས་བརྟན་ལྷིང་ཡོང་བ་བྱེད་དགོས་པའི ”འཐབ་ཇུས་གལ་་ཆེན་གྱི་དགོངས་པ་དང་། “བོད་རྒྱུན་མཐུད་བརྟན་ལྷིང་དང་། ཡུན་རིང་བརྟན་ལྷིང་། ཁྱོན་ཡོངས་ནས་བརྟན་ལྷིང་བཅས་མངོན་འགྱུར་ཧུར་ཐག་བྱེད་དགོས་པའི ”མཛུབ་སྟོན་གལ་ཆེན་ལག་བསྟར་དོན་འཁྱོལ། ཀྲུའུ་ཞི་ཡུས་ཀྲེང་ཧྲེང་གི “ཁྲིམས་ལྟར་བོད་སྐྱོང་བ་དང་། ཡུན་རིང་བོད་འཛུགས་སྐྲུན་བྱེད་པ། མི་སེམས་ཐོབ་པ་བྱེད་པ། རྨང་གཞི་བརྟན་དུ་གཏོང་བ ”བཅས་ཀྱི་རྩ་དོན་གལ་ཆེན་ལག་བསྟར་དོན་འཁྱོལ། ཏང་གི་ཆོས་ལུགས་སྲིད་ཇུས་དང་རྒྱལ་ཁབ་ཀྱིས་ཆོས་ལུགས་ལས་དོན་ལ་དོ་དམ་བྱེད་པའི་བཅའ་ཁྲིམས་ཁྲིམས་སྲོལ་ལག་བསྟར་དོན་འཁྱོལ། དགོན་སྡེ་གཞི་རྩའི་སྤྱི་ཚོགས་རྩ་འཛུགས་ལ་བརྩི་རྒྱུ་མཐའ་འཁྱོངས། གྲྭ་བཙུན་སྤྱི་དམངས་དང་། གཉེན་ཉེ། གྲོགས་པོ་བཅས་སུ་བརྩི་བ་བཅས་བྱས་ཏེ་ཁྲིམས་ལྟར་དོ་དམ་དང་ལམ་སྲོལ་འཐུས་ཚང་དུ་བཏང་བ་དང་། སློབ་གསོར་ཁྲིད་སྟོན་དང་ཞབས་ཞུ་འཐུས་ཚང་དུ་བཏང་སྟེ་ཞི་མཐུན་དཔེ་བཟང་གི་དགོན་སྡེ་དང་རྒྱལ་གཅེས་ཁྲིམས་སྲུང་གི་སྔོན་ཐོན་གྲྭ་བཙུན་གཏོད་འདེམས་བྱེད་སྒོར་སྐུལ་འདེད་ཤུགས་ཆེན་བཏང་བར་བརྟེན་དགོན་སྡེའི་སྤྱི་པའི་ཞབས་ཞུའི་ཆུ་ཚད་མཐོ་རུ་ཕྱིན་པ་དང་དགོན་སྡེའི་གྲྭ་བཙུན་གྱི་དཀའ་ངལ་དངོས་ཐག་གཅོད་བྱུང་བའི་ཐོག་རྒྱ་ཆེའི་གྲྭ་བཙུན་གྱི་རྒྱལ་གཅེས་ཆོས་གཅེས་ཀྱི་ཧུར་བརྩོན་རང་བཞིན་སྐོང་འཐེན་ཐུབ་པ་བྱུང་ཡོད། ལྗོངས་ཡོངས་ཀྱི་དགོན་སྡེ་ཁག་དང་རྒྱ་ཆེའི་གྲྭ་བཙུན་ཚོས་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་འབོད་སྐུལ་ལ་བརྡ་ལན་ཧུར་ཐག་ཞུས་ཏེ་རང་རྟོགས་ངང་ཏང་དང་སྲིད་གཞུང་གིས་ཆོས་ལུགས་ལས་དོན་ལ་དོ་དམ་བྱ་རྒྱུར་སྲུང་བརྩི་ཞུས་ནས་ཆོས་ལུགས་ཀྱི་ཐོས་རྒྱ་ཆེ་རུ་ཧུར་ཐག་བཏང་བ་དང་དད་ལྡན་མང་ཚོགས་ལ་དེ་བས་ལེགས་པའི་སྒོ་ནས་ཞབས་འདེགས་ཞུས་པ་དང་འབྲེལ། བོད་བརྒྱུད་ནང་བསྟན་གྱི “རྒྱལ་གཅེས་ཆོས་གཅེས་དང་། སྒྲིག་བཀུར་ཁྲིམས་སྲུང་། སྡིག་སྤོང་དགེ་སྒྲུབ། ཞི་མཐུན་གོང་བཀུར། ཞི་བདེར་རེ་སྨོན། དད་ལྡན་མང་ཚོགས་ལ་བདེ་བ་བསྐྲུན་པ ”བཅས་ཀྱི་ཕུལ་བྱུང་སྲོལ་རྒྱུན་མུ་མཐུད་དར་སྤེལ་བཏང་ནས་ཆོས་ལུགས་ལས་རིགས་ཁྲོད་རྒྱལ་ཁྲིམས་སྲུང་བ་དང་། སྡོམ་ཁྲིམས་སྲུང་བ། ཞི་མཐུན་གཏོད་པ། སྔོན་ཐོན་བརྩོན་ལེན། གཟི་ཁྲེལ་ཤེས་པ། རྒྱལ་ཁབ་ལ་དྲིན་གཟོ་བ་བཅས་ཀྱི་ཞི་མཐུན་རྣམ་པ་ཞིག་ཆགས་ཏེ་ཞི་མཐུན་དཔེ་བཟང་གི་དགོན་སྡེ་དང་རྒྱལ་གཅེས་ཁྲིམས་སྲུང་གི་སྔོན་ཐོན་གྲྭ་བཙུན་འབོར་ཆེན་ཐོན་ཡོད།

        སྔོན་ཐོན་ལ་སྐུལ་ལྕག་དང་། དཔེ་སྟོན་འཛུགས་པ། སྲོལ་བཟང་དར་སྤེལ། ཐུན་མོང་གི་ངོས་འཛིན་གཅིག་སྡུད་བཅས་བྱ་ཆེད་དང་། བོད་ཀྱི་བརྟན་ལྷིང་ཞི་མཐུན་སྲུང་སྐྱོང་བྱེད་པའི་དགོན་སྡེ་ཁག་དང་རྒྱ་ཆེའི་གྲྭ་བཙུན་གྱི་རང་རྟོགས་རང་བཞིན་དང་རང་འགུལ་རང་བཞིན་ལ་རྒྱུན་ཆད་མེད་པར་ཤུགས་སྣོན་རྒྱག་ཆེད། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་འབྲས་སྤུངས་དགོན་སོགས་དགོན་སྡེ་160ལ “2014ལོ་འཁོར་གྱི་བོད་རང་སྐྱོང་ལྗོངས་ཀྱི་ཞི་མཐུན་དཔེ་བཟང་དགོན་སྡེའི ”གཟི་བརྗིད་མཚན་སྙན་སྤྲོད་རྒྱུ་དང་བསྟན་འཛིན་སྐལ་བཟང་སོགས་གྲྭ་བཙུན་8818ལ “2014ལོ་འཁོར་གྱི་བོད་རང་སྐྱོང་ལྗོངས་ཀྱི་རྒྱལ་གཅེས་ཁྲིམས་སྲུང་གི་སྔོན་ཐོན་གྲྭ་བཙུན ”གྱི་གཟི་བརྗིད་མཚན་སྙན་སྤྲོད་རྒྱུའི་གཏན་འབེབས་བྱས་ཡོད། གཟེངས་བསྟོད་ཐོབ་པའི་དགོན་སྡེ་དང་གྲྭ་བཙུན་ཚོས་གཟི་བརྗིད་མཚན་སྙན་ལ་གཅེས་འཛིན་བྱེད་པ་དང་། ཡང་འབད་བསྐྱར་འབད། རྟོགས་པ་མཐོ་རུ་གཏོང་བ། བསླབ་གསུམ་དོན་གཉེར། རྒྱལ་སྐྱོང་འགྲོ་ཕན། དད་ལྡན་མང་ཚོགས་ལ་བདེ་བ་བསྐྲུན་པ་བཅས་བྱས་ཏེ་བོད་བརྒྱུད་ནང་བསྟན་གྱིས་སྤྱི་ཚོགས་ལ་ཞབས་འདེགས་ཞུ་བའི་བྱེད་ཐབས་དང་ཐབས་ལམ་འཚོལ་ཞིབ་ཧུར་ཐག་བྱས་ནས་ཆོས་ལུགས་དེ་བརྟན་ལྷིང་ལ་དེ་བས་ཕན་པ་དང་སྤྱི་ཚོགས་ཀྱི་སྤྱི་ཡོངས་ཀྱི་ཞི་མཐུན་བརྟན་ལྷིང་ལ་དེ་བས་ཕན་པ་བྱས་ཐོག་འབྱོར་འབྲིང་སྤྱི་ཚོགས་སྒོ་ཀུན་ནས་བསྐྲུན་རྒྱུ་དང་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱ་ཆེད་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་དགོས།

        རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་ལྗོངས་ཡོངས་ཀྱི་དགོན་སྡེ་ཁག་དང་རྒྱ་ཆེའི་གྲྭ་བཙུན་ཚོས་བློ་མཐུན་ཞིས་ཅིན་ཕིང་གིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་དེ་བས་མཐུན་སྒྲིལ་དམ་ཟབ་བྱས་ཏེ་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་དར་ཆ་མཐོན་པོར་སྒྲེང་བ་དང་། ཏེང་ཞའོ་ཕིང་གི་རིགས་པའི་གཞུང་ལུགས་དང་། “མཚོན་བྱེད་གསུམ ”གྱི་དགོངས་པ་གལ་ཆེན། ཚན་རིག་དང་མཐུན་པའི་གོང་འཕེལ་ལྟ་བ་བཅས་མཛུབ་ཁྲིད་དུ་བྱེད་པ། སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་གསུང་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ། ཏང་གི་ཆོས་ལུགས་སྲིད་ཇུས་དང་རྒྱལ་ཁབ་ཀྱི་བཅའ་ཁྲིམས་ཁྲིམས་སྲོལ་ལག་བསྟར་དོན་འཁྱོལ། གཟེངས་བསྟོད་ཐོབ་པའི་ཞི་མཐུན་དཔེ་བཟང་གི་དགོན་སྡེ་དང་རྒྱལ་གཅེས་ཁྲིམས་སྲུང་གི་སྔོན་ཐོན་གྲྭ་བཙུན་མིག་དཔེར་བྱེད་པ། གཏོད་འདེམས་བྱེད་སྒོ་གོ་སྐབས་དང་སྒུལ་ཤུགས་སུ་བྱེད་པ། བོད་བརྒྱུད་ནང་བསྟན་གྱི་ཕུལ་བྱུང་སྲོལ་རྒྱུན་མུ་མཐུད་དར་སྤེལ་གཏོང་བ། ཞི་མཐུན་དཔེ་བཟང་གི་དགོན་སྡེ་གཏོད་རྒྱུ་བརྩོན་ལེན། རྒྱལ་གཅེས་ཆོས་གཅེས་དང་། སྒྲིག་བཀུར་ཁྲིམས་སྲུང་། ཞི་མཐུན་ལ་སྐུལ་འདེད། རྟོགས་པ་ཟབ་པ། རྒྱལ་སྐྱོང་འགྲོ་ཕན་བཅས་ཀྱི་གྲྭ་བཙུན་ཡག་པོ་ཞིག་བྱེད་པ། ཐོག་མཐའ་བར་གསུམ་དུ་ཏང་དང་སྲིད་གཞུང་དང་བློ་སེམས་གཅིག་མཐུན་དང་། བྱ་སྤྱོད་གཅིག་གྱུར། འདུན་པ་གཅིག་མཐུན་བཅས་བྱེད་པ། བོད་བརྒྱུད་ནང་བསྟན་གྱི་རྒྱུན་གཏན་སྒྲིག་ལམ་སྲུང་སྐྱོང་ཡག་པོ། ཆོས་ལུགས་ཞི་མཐུན་དང་། བསྟན་དོན་ལམ་ལྷོངས། དགོན་སྡེ་ཞི་མཐུན་བཅས་ལ་སྐུལ་འདེད་བཏང་ནས་མེས་རྒྱལ་གཅིག་གྱུར་དང་། མི་རིགས་མཐུན་སྒྲིལ། སྤྱི་ཚོགས་བརྟན་ལྷིང་། མཐའ་མཚམས་སྲ་བརྟན་བཅས་སྲུང་སྐྱོང་བྱ་ཆེད་ལེགས་སྐྱེས་གསར་པ་དེ་བས་ཆེ་བ་འབུལ་རྒྱུའི་འབོད་སྐུལ་བྱ་རྒྱུ་ཡིན།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།