2014ལོར་བློ་མཐུན་ཞིས་ཅིན་ཕིང་གིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་ལྗོངས་ཡོངས་ཀྱི་རིམ་ཁག་སྡེ་ཚན་ཁག་དང་། དགོན་སྡེ་དོ་དམ་ཨུ་ཡོན་ལྷན་ཁང་ཁག རྒྱ་ཆེའི་དགོན་སྡེར་བཅའ་སྡོད་ལས་བྱེད་པ་དང་ཆོས་ལུགས་ལས་དོན་ལས་བྱེད་པ་བཅས་ཀྱི་སྣེ་ཁྲིད་དེ་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་དང་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་དང་བཞི་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་ནན་ཏན་བྱེད་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་གལ་ཆེའི་གསུང་བཤད་རབ་དང་རིམ་པའི་་དགོངས་དོན་ལག་བསྟར་དོན་འཁྱོལ་དང་ལྷག་དོན་དུ “རྒྱལ་ཁབ་སྐྱོང་བར་ངེས་པར་དུ་མཐའ་མཚམས་སྐྱོང་དགོས་པ་དང་མཐའ་མཚམས་སྐྱོང་བར་སྔོན་ལ་བོད་ལྗོངས་བརྟན་ལྷིང་ཡོང་བ་བྱེད་དགོས་པའི ”འཐབ་ཇུས་ཀྱི་གལ་ཆེན་གྱི་དགོངས་པ་དང “བོད་རྒྱུན་མཐུད་བརྟན་ལྷིང་དང་། ཡུན་རིང་བརྟན་ལྷིང་། ཁྱོན་ཡོངས་ནས་བརྟན་ལྷིང་བཅས་ཡོང་བ་བྱེད་དགོས ”པའི་གལ་ཆེའི་མཛུབ་སྟོན་ལག་བསྟར་དོན་འཁྱོལ་བྱེད་པ། ཀྲུའུ་ཞི་ཡུས་ཀྲེང་ཧྲེང་གི “ཁྲིམས་ལྟར་བོད་སྐྱོང་བ་དང་། ཡུན་རིང་བོད་འཛུགས་སྐྲུན་བྱེད་པ། མི་སེམས་ཐོབ་པ་བྱེད་པ། རྨང་གཞི་བརྟན་དུ་གཏོང་བ ”བཅས་ཀྱི་གལ་ཆེའི་རྩ་དོན་ལག་བསྟར་དོན་འཁྱོལ་བྱེད་པ། དགོན་སྡེ་དེ་ཉིད་གཞི་རྩའི་སྤྱི་ཚོགས་ཀྱི་རྩ་འཛུགས་ཤིག་ཏུ་བརྩི་བ་དང་། གྲྭ་བཙུན་སྤྱི་དམངས་དང་གཉེན་ཉེ་དང་གྲོགས་པོར་བརྩི་རྒྱུ་མཐའ་འཁྱོངས་བྱེད་པ། ཏང་གི་མང་ཚོགས་ལམ་ཕྱོགས་ཀྱི་སློབ་གསོ་ལག་ལེན་བྱེད་སྒོ་གཏིང་ཟབ་སྤེལ་རྒྱུ་གོ་སྐབས་སུ་འཛིན་པ། ཞི་མཐུན་དཔེ་བཟང་དགོན་སྡེ་དང་རྒྱལ་གཅེས་ཁྲིམས་སྲུང་གི་སྔོན་ཐོན་གྲྭ་བཙུན་གཏོད་འདེམས་བྱེད་སྒོ་དམ་འཛིན་བྱེད་གཞིར་བྱེད་པ། དགོན་སྡེའི་དོ་དམ་ལས་དོན་གྱི་གྲུབ་འབྲས་སྲ་བརྟན་དང་ཤུགས་སྣོན་རྒྱག་རྒྱུ་གཙོ་རྐང་དུ་བྱེད་པ། དགོན་སྡེར་སློབ་གསོ་དོ་དམ་དང་ཞབས་འདེགས་ཞུ་རྒྱུར་ཁྲིམས་ལྟར་ཤུགས་སྣོན་རྒྱག་པ། སྔར་ལས་ལྷག་པའི་ངང་དགོན་སྡེ་དོ་དམ་ཨུ་ཡོན་ལྷན་ཁང་གི་ལས་ཀའི་ལམ་སྲོལ་འཐུས་ཚང་དུ་གཏོང་བ། དགོན་ཕན་གྲྭ་ཕན་གྱི་སྲིད་ཇུས་དང་བྱ་ཐབས་རབ་དང་རིམ་པ་དོན་འཁྱོལ་བྱེད་པ། དགོན་སྡེའི་སྤྱི་པའི་ཞབས་ཞུའི་ཆུ་ཚད་མཐོ་རུ་གཏོང་བ། དགོན་སྡེ་དོ་དམ་གྱི་ལམ་ལུགས་འཐུས་ཚང་དུ་གཏོང་བ། ཆོས་ལུགས་བྱེད་སྒོ་ཁག་ཚད་ལྡན་དུ་གཏོང་བ། གྲྭ་བཙུན་ཚོས་རྒྱལ་གཅེས་ཁྲིམས་སྲུང་དང་སྡོམ་སྲུང་སྒོམ་སྒྲུབ་ཐུབ་རྒྱུར་ཁྲིད་སྟོན་བྱེད་པ་བཅས་ཀྱི་ཐོག་ནས་བོད་བརྒྱུད་ནང་བསྟན་གྱི་རྒྱུན་གཏན་སྒྲིག་ལམ་སྲུང་སྐྱོང་དང་རང་ལྗོངས་ཀྱི་ཆོས་ལུགས་ཁྱབ་ཁོངས་རྒྱུན་མཐུད་ཞི་མཐུན་བརྟན་ལྷིང་ཡོང་ཆེད་གལ་ཆེའི་ལེགས་སྐྱེས་ཕུལ་ཡོད་པ་དང་སྔོན་ཐོན་མཉམ་སྡེབ་དང་ཕུལ་བྱུང་མི་སྒེར་ཁག་གཅིག་ཐོན་ཡོད།
ཉམས་མྱོང་ཕྱོགས་སྡོམ་དང་། གྲུབ་འབྲས་དར་སྤེལ། སྔོན་ཐོན་ལ་གཟེངས་བསྟོད། གླེང་ཕྱོགས་གཏོད་པ། ལྗོངས་ཡོངས་ཀྱི་དགོན་སྡེ་དོ་དམ་ཨུ་ལྷན་དང་རྒྱ་ཆེའི་དགོན་སྡེར་བཅའ་སྡོད་ལས་བྱེད་པ་དང་ཆོས་ལུགས་ལས་དོན་ལས་བྱེད་པའི་ལས་ཀའི་སྤྲོ་སེམས་འཕེལ་བ་བཅས་བྱ་ཆེད། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་འབྲས་སྤུངས་དགོན་སོགས་དགོན་སྡེ་དོ་དམ་ཨུ་ཡོན་ལྷན་ཁང་158(ཡུག་ཁུལ་དོ་དམ་ཨུ་ལྷན་དང་ཆེད་བསྐོས་དམིགས་བསལ་མངགས་གཏོང་བ )ལ “2014ལོ་འཁོར་གྱི་བོད་རང་སྐྱོང་ལྗོངས་ཀྱི་སྔོན་ཐོན་དགོན་སྡེ་དོ་དམ་ཨུ་ལྷན ”གྱི་གཟི་བརྗིད་མཚན་སྙན་སྤྲོད་རྒྱུ་དང་། ཆུང་བདག་སོགས་དགོན་སྡེར་བཅའ་སྡོད་ལས་བྱེད་པ་900ལ “2014ལོ་འཁོར་གྱི་བོད་རང་སྐྱོང་ལྗོངས་ཀྱི་ཕུལ་བྱུང་དགོན་སྡེར་བཅའ་སྡོད་ལས་བྱེད་པའི ”གཟི་བརྗིད་མཚན་སྙན་སྤྲོད་རྒྱུ། སྤེན་པ་བདེ་སྐྱིད་སོགས་ཆོས་ལུགས་ལས་དོན་ལས་བྱེད་པ་100ལ “2014ལོ་འཁོར་གྱི་བོད་རང་སྐྱོང་ལྗོངས་ཀྱི་ཆོས་ལུགས་ལས་དོན་གྱི་ཕུལ་བྱུང་ལས་བྱེད་པའི ”གཟི་བརྗིད་མཚན་སྙན་སྤྲོད་རྒྱུའི་གཏན་འབེབས་བྱས་པ་རེད། གཟེངས་བསྟོད་ཐོབ་པའི་སྔོན་ཐོན་མཉམ་སྡེབ་དང་ཕུལ་བྱུང་མི་སྒེར་གྱིས་གཟི་བརྗིད་མཚན་སྙན་ལ་གཅེས་འཛིན་གྱིས་གྲུབ་འབྲས་དར་སྤེལ་དང་། ལས་དོན་ཧུར་ཐག་སྒྲུབ་པ། སླར་ཡང་བྱས་རྗེས་གསར་པ་འཇོག་པ་བཅས་བྱས་ནས་ཚད་མཐོའི་ཆབ་སྲིད་ཀྱི་འགན་འཁྲི་འཁུར་སེམས་དང་ལོ་རྒྱུས་ཀྱི་འགན་འཁྲི་འཁུར་སེམས་ཀྱི་ཐོག་ནས་ཏང་གི་ཆོས་ལུགས་སྲིད་ཇུས་དང་རྒྱལ་ཁབ་ཀྱིས་ཆོས་ལུགས་བྱ་བར་དོ་དམ་བྱེད་པའི་བཅའ་ཁྲིམས་ཁྲིམས་སྲོལ་སློབ་སྦྱོང་ཡག་པོ་དང་། དྲིལ་བསྒྲགས་ཡག་པོ། ལག་བསྟར་ཡག་པོ། དོན་འཁྱོལ་ཡག་པོ་བཅས་ཐུབ་པ་བྱེད་པ་དང་ཁྲིམས་དང་སྒྲིག་སྲོལ་བཞིན་དགོན་སྡེར་དོ་དམ་ཡག་པོ་བྱས་ཏེ་ཆོས་ལུགས་ཞི་མཐུན་དང་། བསྟན་དོན་ལམ་ལྷོངས། དགོན་སྡེ་ཞི་མཐུན་བཅས་ཧུར་ཐག་ཡོང་བ་བྱེད་རྒྱུའི་རེ་བ་ཡོད།
རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་ལྗོངས་ཡོངས་ཀྱི་རིམ་ཁག་དགོན་སྡེ་དོ་དམ་ཨུ་ཡོན་ལྷན་ཁང་དང་རྒྱ་ཆེའི་དགོན་སྡེར་བཅའ་སྡོད་ལས་བྱེད་པ་དང་ཆོས་ལུགས་ལས་དོན་ལས་བྱེད་པ་ཚོས་བློ་མཐུན་ཞིས་ཅིན་ཕིང་གིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་སྔར་བས་མཐུན་སྒྲིལ་དམ་ཟབ་ཀྱིས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་རླབས་ཆེན་དར་ཆ་མཐོན་པོར་སྒྲེང་བ་དང་། ཏེང་ཞའོ་ཕིང་གི་རིགས་པའི་གཞུང་ལུགས་དང་། “མཚོན་བྱེད་གསུམ ”གྱི་དགོངས་པ་གལ་ཆེན། ཚན་རིག་དང་མཐུན་པའི་གོང་འཕེལ་ལྟ་བ་བཅས་མཛུབ་ཁྲིད་དུ་བྱེད་པ། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་དང་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་དང་བཞི་པའི་དགོངས་དོན་སློབ་སྦྱོང་ལག་བསྟར་གཏིང་ཟབ་བྱེད་པ། སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་གལ་ཆེའི་གསུང་བཤད་ཀྱི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་པ། ཏང་གི་ཆོས་ལུགས་སྲིད་ཇུས་དང་རྒྱལ་ཁབ་ཀྱི་བཅའ་ཁྲིམས་ཁྲིམས་སྲོལ་ལག་བསྟར་དོན་འཁྱོལ་བྱེད་པ། གཟེངས་བསྟོད་ཐོབ་པའི་སྔོན་ཐོན་མཉམ་སྡེབ་དང་ཕུལ་བྱུང་མི་སྒེར་མིག་དཔེར་འཛིན་པ། ལྗོངས་ཡོངས་ཀྱི་རྒྱ་ཆེའི་གྲྭ་བཙུན་ལ་མཐུན་སྒྲིལ་སྣེ་ཁྲིད་བྱེད་པ། ལྟེ་བར་དམིགས་པ་དང་། སྤྱི་ཡོངས་ལ་ཞབས་འདེགས་ཞུ་བ། ཀུན་སེམས་གཅིག་སྒྲིལ། གསར་འབྱེད་ཡར་བརྩོན། སྙིང་སྟོབས་རབ་འཕེལ། ལས་དོན་ཏན་ཏིག་སྒྲུབ་པ། དགོན་སྡེ་དོ་དམ་གྱི་ལས་དོན་ཁག་ལ་རྒྱུན་ཆད་མེད་པར་ཤུགས་སྣོན་དང་གསར་གཏོད་བྱེད་པ། དགོན་སྡེ་ཞི་མཐུན་བརྟན་ལྷིང་གི་ཕུགས་ཕན་ལམ་སྲོལ་ཧུར་ཐག་འཛུགས་པ། བོད་བརྒྱུད་ནང་བསྟན་དེ་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་འཚམ་མཐུན་ཡོང་རྒྱུར་ཁྲིད་སྟོན་ཧུར་ཐག་བྱེད་པ། ལྗོངས་ཡོངས་ཀྱི་ཆོས་ལུགས་ཁྱབ་ཁོངས་ཞི་མཐུན་བརྟན་ལྷིང་ཡོང་བའི་འགན་ལེན་བྱེད་པ་བཅས་ཀྱི་ཐོག་ནས་བོད་ལྗོངས་ཚན་རིག་དང་མཐུན་པའི་ངང་གོང་འཕེལ་དང་། ཞི་མཐུན་བརྟན་ལྷིང་། དམངས་འཚོ་ལེགས་གཏོང་། མི་རིགས་མཐུན་སྒྲིལ། ཆོས་ལུགས་ཞི་མཐུན། སྣོད་བཅུད་བཟང་བ། ཏང་འཛུགས་སྐྱོང་ལ་ཤུགས་སྣོན། མཐའ་མཚམས་སྲ་བརྟན་བཅས་ཀྱི་རྣམ་པ་གསར་པ་རྒྱུན་ཆད་མེད་པར་གཏོད་ཆེད་དེ་བས་ཆེ་བའི་ལེགས་སྐྱེས་གསར་པ་འབུལ་དགོས་པའི་འབོད་སྐུལ་བྱས་པ་རེད།