《གྲོང་གསེབ་ཀྱི་ས་ཞིང་གཉེར་སྐྱོང་དབང་ཆ་གོ་རིམ་ལྡན་པའི་ངང་བརྒྱུད་བཤུག་གཏོང་བ་དང་ཞིང་ལས་གཞི་ཁྱོན་འོས་འཚམ་ངང་གཉེར་སྐྱོང་འཕེལ་རྒྱས་ལ་ཁྲིད་སྟོན་བྱ་རྒྱུའི་སྐོར་གྱི་བསམ་འཆར》པར་འགྲེམས་བྱས་པ།
ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་11ཚེས་20ཉིན་གློག་འཕྲིན་འབྱོར་གསལ། ཉེ་ཆར་ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས 《གྲོང་གསེབ་ཀྱི་ས་ཞིང་གཉེར་སྐྱོང་དབང་ཆ་གོ་རིམ་ལྡན་པའི་ངང་བརྒྱུད་བཤུག་གཏོང་བ་དང་ཞིང་ལས་གཞི་ཁྱོན་འོས་འཚམ་ངང་གཉེར་སྐྱོང་འཕེལ་རྒྱས་ལ་ཁྲིད་སྟོན་བྱ་རྒྱུའི་སྐོར་གྱི་བསམ་འཆར 》པར་འགྲེམས་བྱས་པ་དང་འབྲེལ་བརྡ་ཐོ་བཏང་ནས་ས་ཁུལ་ཁག་དང་སྡེ་ཚན་ཁག་གིས་དོན་དངོས་དང་ཟུང་སྦྲེལ་བྱས་ཏེ་ལག་ལེན་ཏན་ཏིག་བསྟར་དགོས་པའི་བླང་བྱ་བཏོན་པ་རེད།
《གྲོང་གསེབ་ཀྱི་ས་ཞིང་གཉེར་སྐྱོང་དབང་ཆ་གོ་རིམ་ལྡན་པའི་ངང་བརྒྱུད་བཤུག་གཏོང་བ་དང་ཞིང་ལས་གཞི་ཁྱོན་འོས་འཚམ་ངང་གཉེར་སྐྱོང་འཕེལ་རྒྱས་ལ་ཁྲིད་སྟོན་བྱ་རྒྱུའི་སྐོར་གྱི་བསམ་འཆར 》གྱི་ནང་དོན་ཆ་ཚང་གཤམ་གསལ་ཏེ།
རང་རྒྱལ་གྱི་བཟོ་ལས་ཅན་དང་། ཆ་འཕྲིན་ཅན། གྲོང་ཁྱེར་དང་གྲོང་རྡལ་ཅན། ཞིང་ལས་དེང་རབས་ཅན་བཅས་ཀྱི་འཕེལ་རྒྱས་དང་སྦྲགས་གྲོང་གསེབ་ཀྱི་ངལ་རྩོལ་ནུས་ཤུགས་འབོར་ཆེན་ཞིག་སྤོ་སྒྱུར་དང་ཞིང་ལས་དངོས་རྫས་ཀྱི་ལག་རྩལ་སྒྲིག་ཆས་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་ཕྱིན་ཏེ་ཞིང་དུད་ཀྱིས་ས་ཞིང་འགན་གཙང་ལེན་པའི་གཉེར་སྐྱོང་དབང་ཆ་བརྒྱུད་བཤུག་གཏོང་རྒྱུ་མངོན་གསལ་དོད་པོས་མགྱོགས་སུ་སོང་ནས་གཞི་ཁྱོན་འོས་འཚམ་ངང་གཉེར་སྐྱོང་འཕེལ་རྒྱས་གཏོང་རྒྱུ་དེ་དགོས་ངེས་ཀྱི་འཕེལ་ཕྱོགས་ཤིག་ཏུ་གྱུར་ཡོད། ས་ཞིང་བརྒྱུད་བཤུག་གཏོང་བ་དང་གཞི་ཁྱོན་འོས་འཚམ་ངང་གཉེར་སྐྱོང་བྱ་རྒྱུ་དེ་དེང་རབས་ཞིང་ལས་འཕེལ་རྒྱས་གཏོང་བའི་བརྒྱུད་དགོས་ངེས་ཀྱི་ལམ་བུ་ཞིག་ཡིན་པ་དེས་ས་ཞིང་ཐོན་ཁུངས་བཀོད་སྒྲིག་དང་ངལ་རྩོལ་ཐོན་སྐྱེད་ཀྱི་ལས་ཕྱོད་ཆེ་རུ་འགྲོ་རྒྱུར་ཕན་ཐོགས་ཡོད་པ་དང་། འབྲུ་རིགས་བདེ་འཇགས་དང་ཞིང་ལས་ཐོན་རྫས་གཙོ་བོ་མཁོ་འདོན་ཐུབ་པའི་འགན་ལེན་བྱ་རྒྱུར་ཕན་ཐོགས་ཡོད་པ། ཞིང་ལས་ལག་རྩལ་ཁྱབ་གདལ་དང་བཀོལ་སྤྱོད་བྱེད་པ་དང་ཞིང་ལས་ཐོན་འཕར་དང་ཞིང་པའི་འབབ་འཕར་ལ་སྐུལ་འདེད་གཏོང་རྒྱུར་ཕན་ཐོགས་ཡོད་པ་བཅས་ཡིན་པས་རང་རྒྱལ་གྱི་མི་འབོར་མང་ལ་ས་ཞིང་ཉུང་བ་དང་གྲོང་གསེབ་ཀྱི་གནས་ཚུལ་ཐད་ཁྱད་པར་ཧ་ཅང་ཆེན་པོ་ཡོད་པའི་དོན་དངོས་དང་ཟུལ་སྦྲེལ་བྱས་ཏེ་བརྟན་པོའི་ངང་སྐུལ་འདེད་གཏོང་དགོས་པ་ལག་ལེན་ལས་ར་སྤྲོད་ཐུབ་ཡོད། གྲོང་གསེབ་ཀྱི་ས་ཞིང (འགན་གཙང་བླངས་པའི་རྨོ་ཞིང་ལ་བརྗོད )གཉེར་སྐྱོང་དབང་ཆ་གོ་རིམ་ལྡན་པའི་ངང་བརྒྱུད་བཤུག་གཏོང་བ་དང་ཞིང་ལས་གཞི་ཁྱོན་འོས་འཚམ་ངང་གཉེར་སྐྱོང་འཕེལ་རྒྱས་ལ་ཁྲིད་སྟོན་བྱ་ཆེད་གཤམ་གསལ་གྱི་བསམ་འཆར་བཏོན་པ་སྟེ།
གཅིག སྤྱི་ཡོངས་ཀྱི་བླང་བྱ།
(གཅིག )ཁྲིད་སྟོན་བསམ་བློ། གྲོང་གསེབ་ཀྱི་སྒྱུར་བཅོས་ཁྱོན་ཡོངས་ནས་གཏིང་ཟབ་ཏུ་གཏོང་རྒྱུའི་སྐོར་གྱི་ཀྲུང་དབྱང་གི་དགོངས་དོན་ཁྱོན་ཡོངས་ནས་གོ་བ་བླངས་པ་དང་ཁོང་དུ་ཡང་དག་ཆུད་དེ་ཞིང་དུད་ཁྱིམ་ཚང་གཉེར་སྐྱོང་བྱ་རྒྱུ་རྨང་གཞིར་བྱེད་པ་དང་། མཉམ་ལས་དང་མཉམ་འབྲེལ་འབྲེལ་ཐག་ཏུ་བྱེད་པ། སྤྱི་ཚོགས་ཅན་གྱི་ཞབས་ཞུ་འདེགས་སྐྱོར་དུ་བྱེད་པ་བཅས་ཀྱི་ལངས་གཟུགས་ཅན་གྱི་མཉམ་འདུས་རྣམ་པའི་དེང་རབས་ཀྱི་ཞིང་ལས་གཉེར་སྐྱོང་མ་ལག་དང་ཐོན་སྐྱེད་ལག་རྩལ་སྔོན་ཐོན་དང་། གཉེར་སྐྱོང་གཞི་ཁྱོན་འོས་འཚམ། ཁྲོམ་རའི་འགྲན་རྩོད་ནུས་པ་ཆེ་བ། སྣོད་བཅུད་ཁོར་ཡུག་རྒྱུན་བསྲིང་འཕེལ་རྒྱས་བཅས་ཀྱི་ཀྲུང་གོའི་ཁྱད་ཆོས་ཀྱི་ཞིང་ལས་དེང་རབས་ཅན་གྱི་འགྲོ་ལམ་གསར་པའི་ཐོག་སྐྱོད་དགོས་པའི་བླང་བྱ་གཞིར་བཟུང་། རྒྱལ་ཁབ་ཀྱི་འབྲུ་རིགས་བདེ་འཇགས་འགན་ལེན་དང་ཞིང་ལས་ཕན་འཕར་དང་ཞིང་པའི་འབབ་འཕར་ལ་སྐུལ་འདེད་གཏོང་རྒྱུ་དམིགས་ཚད་དུ་བྱས་ཐོག་གྲོང་གསེབ་ཀྱི་ས་ཞིང་མཉམ་སྡེབ་ལ་དབང་བ་མཐའ་འཁྱོངས་བྱེད་པ་དང་བདག་དབང་དང་། འགན་གཙང་དབང་ཆ། གཉེར་སྐྱོང་དབང་ཆ་བཅས་ཁག་བགོས་བྱས་ཏེ་ས་ཞིང་གཉེར་སྐྱོང་དབང་ཆ་གོ་རིམ་ལྡན་པའི་ངང་བརྒྱུད་བཤུག་གཏོང་རྒྱུར་ཁྲིད་སྟོན་བྱེད་པ་དང་ཁྱིམ་ཚང་གཉེར་སྐྱོང་གི་རྨང་གཞིའི་རང་བཞིན་གྱི་གནས་བབ་མཐའ་འཁྱོངས་ཀྱིས་གཉེར་སྐྱོང་གཙོ་གཟུགས་གསར་པ་སྐྱེད་སྲིང་ཧུར་ཐག་བྱས་ནས་རྣམ་པ་སྣ་ཚོགས་ཀྱི་གཞི་ཁྱོན་འོས་འཚམ་གྱི་གཉེར་སྐྱོང་འཕེལ་རྒྱས་གཏོང་བ་དང་གྲོང་གསེབ་ཀྱི་གཞི་རྩའི་གཉེར་སྐྱོང་ལམ་ལུགས་བརྟན་དུ་དང་འཐུས་སྒོ་ཚང་དུ་གཏོང་དགོས། སྒྱུར་བཅོས་ཀྱི་ཁ་ཕྱོགས་གསལ་པོ་དང་གོམ་པ་བརྟན་པོ་སྤོ་བར་སྲིད་ཇུས་ཀྱི་རོགས་སྐྱོར་བྱེད་ཤུགས་ཆེ་རུ་བཏང་ནས་དཔེ་མཚོན་དང་དཔེ་སྟོན་གྱི་ཁྲིད་སྟོན་བྱ་རྒྱུར་ཤུགས་སྣོན་བརྒྱབ་སྟེ་ཞིང་ལས་གཉེར་སྐྱོང་གི་སྒྲིག་སྲོལ་དང་ལམ་སྲོལ་གསར་གཏོད་བྱ་རྒྱུར་སྐུལ་འདེད་གཏོང་དགོས་པ་མ་ཟད་ཡུལ་བབ་དང་བསྟུན་ནས་རིམ་པ་བཞིན་སྐུལ་འདེད་གཏོང་བ་ལས་མཆོང་སྐྱོད་ཆེན་པོ་དང་། བཙན་ཤེད་ཀྱི་བཀའ་གཏོང་བ། སྲིད་འཛིན་གྱི་བཀའ་བཀོད་གང་བྱུང་དུ་གཏོང་བ་བཅས་བྱེད་མི་རུང་བར་ཞིང་ལས་ཀྱི་གཞི་ཁྱོན་འོས་འཚམ་ངང་གཉེར་སྐྱོང་འཕེལ་རྒྱས་དེ་གྲོང་རྡལ་ཅན་གྱི་འཕེལ་རིམ་དང་གྲོང་གསེབ་ཀྱི་ངལ་རྩོལ་ནུས་ཤུགས་སྤོ་སྒྱུར་གྱི་གཞི་ཁྱོན་དང་བསྟུན་པ་དང་། ཞིང་ལས་ཚན་རྩལ་ཡར་ཐོན་དང་ཐོན་སྐྱེད་བྱེད་སྟངས་ལེགས་སུ་གཏོང་བའི་ཚད་གཞི་དང་བསྟུན་པ། ཞིང་ལས་སྤྱི་ཚོགས་ཅན་གྱི་ཞབས་ཞུའི་ཆུ་ཚད་གོང་མཐོར་གཏོང་རྒྱུ་དང་བསྟུན་པ་བཅས་བྱས་ཏེ་ཞིང་པ་དེ་དག་ས་ཞིང་བརྒྱུད་བཤུག་གཏོང་བ་དང་གཞི་ཁྱོན་ལྡན་པའི་གཉེར་སྐྱོང་གི་ཧུར་བརྩོན་ངང་ཞུགས་པ་པོ་དང་དངོས་ཕན་ཐོབ་མཁན་དུ་གྱུར་ནས་ལམ་ཀྱོག་ཐོག་འགྲོ་རྒྱུ་བཀག་འགོག་བྱེད་དགོས། (གཉིས )གཞི་རྩའི་རྩ་དོན། --གྲོང་གསེབ་ཀྱི་ས་ཆའི་མཉམ་སྡེབ་བདག་དབང་མཐའ་འཁྱོངས་བྱས་ཏེ་ཞིང་དུད་ཀྱི་འགན་གཙང་དབང་ཆ་བརྟན་པོ་དང་ས་ཆའི་གཉེར་སྐྱོང་དབང་ཆ་ལྷུག་གཏོང་བྱས་ནས་ཁྱིམ་ཚང་གི་འགན་གཙང་གཉེར་སྐྱོང་རྨང་གཞིར་བྱས་ཏེ་ཁྱིམ་ཚང་གཉེར་སྐྱོང་དང་། མཉམ་སྡེབ་གཉེར་སྐྱོང་། མཉམ་ལས་གཉེར་སྐྱོང་། ཁེ་ལས་གཉེར་སྐྱོང་སོགས་སྣ་མང་གཉེར་སྐྱོང་བྱེད་སྟངས་ཐུན་མོང་ཐོག་འཕེལ་རྒྱས་གཏོང་དགོས། --སྒྱུར་བཅོས་སྒུལ་ཤུགས་སུ་བྱ་རྒྱུ་མཐའ་འཁྱོངས་བྱས་ནས་ཞིང་པའི་གསར་གཏོད་སྙིང་སྟོབས་འདོན་སྤེལ་གང་ལེགས་བྱེད་པ་དང་གསར་གཏོད་ལ་སྐུལ་འདེད་བཏང་ནས་གཞི་རིམ་གྱི་སྔོན་ལ་སྒྲུབ་པ་དང་སྔོན་ལ་ཚོད་ལྟ་བྱ་རྒྱུར་རྒྱབ་སྐྱོར་བྱེད་པ་དང་སྒྱུར་བཅོས་ལ་བརྟེན་ནས་འཕེལ་རྒྱས་ཀྱི་དཀའ་གནད་སེལ་དགོས། --ཁྲིམས་ལྟར་དང་། རང་མོས། རིན་དོད་ཡོད་པ་བཅས་མཐའ་འཁྱོངས་བྱས་ཏེ་ཞིང་པ་གཙོ་བོར་བྱས་ནས་སྲིད་གཞུང་གིས་རོགས་སྐྱོར་དང་ཁྲིད་སྟོན་བྱེད་པ་དང་ཁྲོམ་རས་ཐོན་ཁུངས་བཀོད་སྒྲིག་བྱས་ཐོག་ས་ཞིང་གཉེར་སྐྱོང་དབང་ཆ་བརྒྱུད་བཤུག་གཏོང་རྒྱུ་དེ་འགན་གཙང་ཞིང་དུད་ཀྱི་འདོད་འདུན་དང་མི་འགལ་བ་དང་། ཞིང་པའི་ཁེ་དབང་ལ་གནོད་འཚེ་མི་གཏོང་བ། ས་ཞིང་གི་སྤྱོད་སྒོ་འགྱུར་ལྡོག་མི་གཏོང་བ། ཞིང་ལས་ཕྱོགས་བསྡུས་ཐོན་སྐྱེད་ནུས་པ་དང་ཞིང་ལས་ཐོན་སྐྱེད་ཁོར་ཡུག་ལ་གཏོར་བཤིག་མི་གཏོང་བ་བཅས་བྱེད་དགོས། --གཉེར་སྐྱོང་གཞི་ཁྱོན་འོས་འཚམ་ཡིན་རྒྱུ་མཐའ་འཁྱོངས་བྱས་ཏེ་ས་ཞིང་གཉེར་སྐྱོང་གཞི་ཁྱོན་ཆེ་རུ་གཏོང་རྒྱུར་སྣང་ཆེན་བྱེད་དགོས་ལ་ས་ཞིང་གཅིག་སྡུད་བྱེད་དྲག་རྒྱུ་བཀག་འགོག་བྱས་ནས་ལས་ཕྱོད་དང་དྲང་གཞག་གཉིས་ཀར་ལྟ་རྟོག་བྱེད་པ་དང་ངལ་རྩོལ་ཐོན་སྐྱེད་བྱེད་ཚད་དང་། ས་ཞིང་གི་ཐོན་ཚད། ཐོན་ཁུངས་བེད་སྤྱོད་ཚད་བཅས་ཟམ་མི་ཆད་པར་ཆེ་རུ་བཏང་ཐོག་ཞིང་པའི་ས་ཞིང་ཞིང་པས་སྤྱོད་པ་དང་འབྲུ་རིགས་གཞི་ཁྱོན་ཅན་གྱི་ཐོན་སྐྱེད་འཕེལ་རྒྱས་གཏོང་རྒྱུར་གཙོ་གནད་ཐོག་རྒྱབ་སྐྱོར་བྱེད་དགོས། གཉིས་པ། གྲོང་གསེབ་ཀྱི་ས་ཞིང་འགན་གཙང་འབྲེལ་བ་བརྟན་པོ་དང་འཐུས་ཚང་དུ་གཏོང་དགོས། (གསུམ )ས་ཞིང་འགན་གཙང་གཉེར་སྐྱོང་དབང་ཆའི་ཐོ་འགོད་ལམ་ལུགས་འཐུས་ཚང་དུ་གཏོང་དགོས། འགན་གཙང་གན་རྒྱའི་ཁེ་དབང་དང་། ཟིན་ཐོའི་ཐོ་འགོད་ཁེ་དབང་། དཔང་ཡིག་གི་དཔང་རྟགས་ཁེ་དབང་བཅས་ཐོབ་པའི་ས་ཞིང་འགན་གཙང་གཉེར་སྐྱོང་དབང་ཆའི་ཐོ་འགོད་ལམ་ལུགས་བཟོ་བ་དང་འཐུས་ཚང་དུ་གཏོང་རྒྱུ་དེ་གྲོང་གསེབ་ཀྱི་ས་ཞིང་འགན་གཙང་འབྲེལ་བ་བརྟན་པོ་དང་། ས་ཞིང་གཉེར་སྐྱོང་དབང་ཆ་བརྒྱུད་བཤུག་གཏོང་རྒྱུར་སྐུལ་འདེད་གཏོང་བ། གཞི་ཁྱོན་འོས་འཚམ་ངང་གཉེར་སྐྱོང་འཕེལ་རྒྱས་ཀྱི་རྨང་གཞིའི་རང་བཞིན་གྱི་ལས་དོན་གལ་ཆེན་བཅས་རེད། འགན་གཙང་གན་རྒྱ་འཐུས་ཚང་དུ་གཏོང་བ་དང་། ཟིན་ཐོའི་དེབ་འཐུས་ཚང་དུ་གཏོང་བ། དབང་ཁོངས་དཔང་ཡིག་སྤྲོད་པ། ས་ཞིང་འགན་གཙང་གཉེར་སྐྱོང་དབང་ཆའི་དངོས་པོའི་བདག་དབང་སྲུང་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ཏེ་ས་ཞིང་བརྒྱུད་བཤུག་གཏོང་བ་དང་། ས་ཞིང་གི་རྩོད་གཞི་འདུམ་འགྲིག་ཐག་གཅོད་བྱེད་པ། ཁ་གསབ་སྲིད་ཇུས་འཐུས་ཚང་དུ་གཏོང་བ། ས་ཞིང་བསྡུ་སྤྱོད་སྐྱིན་གསབ་དང་གཏའ་འཇོག་ཁག་ཐེག་བཅས་བྱ་རྒྱུར་གཞི་འཛིན་ས་མཁོ་འདོན་བྱེད་དགོས། ས་ཞིང་འགན་གཙང་གཉེར་སྐྱོང་དབང་ཆའི་ཆ་འཕྲིན་བཀོལ་སྤྱོད་སྟེགས་བུ་འཛུགས་པ་དང་འཐུས་ཚང་དུ་བཏང་སྟེ་མང་ཚོགས་ཀྱིས་འཚོལ་རྒྱུར་སྟབས་བདེ་བསྐྲུན་པ་དང་ཞབས་ཞུའི་དོ་དམ་ལ་ཕན་ཐོགས་ཡོང་བ་བྱེད་དགོས། ས་ཞིང་འགན་གཙང་གཉེར་སྐྱོང་དབང་ཆ་གཏན་འཁེལ་གྱི་ཐོ་འགོད་བྱ་རྒྱུ་དེ་རྩ་དོན་ཐོག་ནས་དུད་ཚང་དང་ས་ཞིང་ཐོག་གཏན་འཁེལ་བྱེད་པ་དང་ཞིང་པའི་འདོད་འདུན་ལ་བརྩི་འཇོག་ཞུ་བའི་སྔོན་འགྲོའི་འོག་དབང་ཆ་དང་རྐང་འཛིན་གཏན་འཁེལ་བྱེད་པ་ལས་ས་ཞིང་གཏན་འཁེལ་མ་བྱས་ནའང་འགྲིག་པ་དང་བུད་མེད་ཀྱི་ས་ཞིང་འགན་གཙང་ཁེ་དབང་ལ་སྲུང་སྐྱོང་ཏན་ཏིག་བྱེད་དགོས།
(བཞི )ས་ཞིང་འགན་གཙང་གཉེར་སྐྱོང་དབང་ཆའི་དབང་ཆ་གཏན་འཁེལ་གྱི་ཐོ་འགོད་དང་ལག་འཁྱེར་སྤྲོད་པའི་ལས་དོན་ལ་སྐུལ་འདེད་གཏོང་དགོས། ཀྲུང་དབྱང་གི་གཅིག་གྱུར་བཀོད་སྒྲིག་དང་ས་གནས་ཀྱིས་སྒོ་ཀུན་ནས་འགན་ཁུར་བའི་བླང་བྱ་གཞིར་བཟུང་ཚོད་ལྟ་བྱེད་རྒྱ་བརྟན་པོའི་ངང་ཆེ་རུ་གཏོང་བའི་རྨང་གཞིའི་ཐོག་ལོ་ལྔ་ཙམ་གྱི་དུས་ཚོད་སྤྱད་དེ་ས་ཞིང་འགན་གཙང་གཉེར་སྐྱོང་དབང་ཆའི་དབང་ཆ་གཏན་འཁེལ་གྱི་ཐོ་འགོད་དང་ལག་འཁྱེར་སྤྲོད་པའི་ལས་དོན་སྤྱིར་ན་ལེགས་གྲུབ་ཐུབ་པ་བྱེད་པ་དང་ཞིང་དུད་ཀྱིས་འགན་གཙང་བླངས་པའི་ས་ཞིང་གི་གཞི་ཁྱོན་གསལ་པོ་མེད་པ་དང་མུ་ཁའི་དབྱེ་མཚམས་གསལ་པོ་མེད་པ་སོགས་ཀྱི་གནད་དོན་ཐག་གཅོད་འོས་འཚམ་བྱེད་དགོས། ལས་དོན་ཁྲོད་ས་གནས་ཁག་གིས་འགན་གཙང་ལེན་པའི་འབྲེལ་བ་བརྟན་པོ་ཡོང་བ་རྒྱུན་འཁྱོངས་ཀྱིས་ད་ཡོད་ཀྱི་འགན་གཙང་རྩིས་ཁྲ་དང་། གན་རྒྱ། ལག་འཁྱེར་བཅས་གཞི་འཛིན་སར་བྱས་ནས་འགན་གཙང་སྤྲད་པའི་ས་ཞིང་གི་གཏོགས་ཁོངས་གཏན་འཁེལ་བྱེད་པ་དང་། ཁྲིམས་ལྟར་ཚད་ལྡན་ངང་བཀོལ་སྤྱོད་བྱ་རྒྱུ་མཐའ་འཁྱོངས་ཀྱིས་སྲིད་ཇུས་ལག་བསྟར་ནན་པོ་བྱས་ཏེ་གཏན་འཁེལ་བྱས་པའི་ནང་དོན་དང་གོ་རིམ་གཞིར་བཟུང་ལས་དོན་སྤེལ་བ། ཞིང་པ་མང་ཚོགས་ཀྱི་ཧུར་བརྩོན་རང་བཞིན་སྐུལ་སློང་གང་ལེགས་བྱེད་པ་དང་གྲོང་མིས་དམངས་གཙོའི་གྲོས་མོལ་བྱེད་པར་བརྟེན་ནས་རང་བདག་ངང་འགལ་བ་དང་རྩོད་གཞི་ཐག་གཅོད་བྱེད་པ། དོན་དངོས་དང་བསྟུན་ནས་གྲོང་གསེབ་ཀྱི་མཉམ་སྡེབ་ས་ཞིང་བདག་དབང་གི་དབང་ཆ་གཏན་འཁེལ་བྱ་རྒྱུ་དེ་རྨང་གཞི་དང་རྒྱལ་ཡོངས་ཀྱི་ས་ཆ་བརྟག་དཔྱད་ཐེངས་གཉིས་པའི་གྲུབ་འབྲས་གཞི་འཛིན་སར་བྱས་ནས་ཚད་དང་མཐུན་ལ་ཚད་ལྡན་ཡིན་པ་དང་ཞིང་པ་མང་ཚོགས་ཀྱིས་ཁས་ལེན་བྱེད་པའི་ལག་རྩལ་གྱི་ཐབས་ལ་བརྟེན་པ། རིམ་དབྱེ་འགན་ཁུར་བྱ་རྒྱུ་མཐའ་འཁྱོངས་ཀྱིས་རྫོང་དང་ཤང་རིམ་གཉིས་ཀྱི་འགན་འཁྲི་ཤུགས་ཆེར་གཏོང་བ་དང་ཏང་ཨུད་དང་སྲིད་གཞུང་གི་གཅིག་གྱུར་འགོ་ཁྲིད་དང་། སྡེ་ཚན་ཁག་དབར་གཞོགས་འདེགས་དམ་ཟབ། མང་ཚོགས་རྒྱ་ཁྱབ་ངང་ཞུགས་པ་བཅས་ཀྱི་ལས་ཀའི་ལམ་སྲོལ་བཟོ་བ་དང་འཐུས་ཚང་དུ་གཏོང་བ། ཚན་རིག་དང་མཐུན་པའི་ངང་ལས་ཀའི་ཇུས་གཞི་བཟོ་བ་དང་དུས་ཚོད་རེའུ་མིག་དང་ལམ་ཐིག་རི་མོ་གསལ་པོ་བཟོས་ནས་ལས་ཀའི་སྤུས་ཚད་འགན་ལེན་བཅས་བྱེད་དགོས། འབྲེལ་ཡོད་སྡེ་ཚན་གྱིས་བརྟག་དཔྱད་ཞིབ་འཇུག་བྱ་རྒྱུར་ཤུགས་སྣོན་བརྒྱབ་ནས་དམིགས་སའི་རང་བཞིན་ངང་བཀོལ་སྤྱོད་རང་བཞིན་གྱི་སྲིད་ཇུས་དང་བསམ་འཆར་དང་ཞིབ་ཕྲའི་ལས་དོན་གྱི་མཛུབ་ཁྲིད་བསམ་འཆར་འདོན་དགོས། ས་ཞིང་འགན་གཙང་གཉེར་སྐྱོང་དབང་ཆའི་དབང་ཆ་གཏན་འཁེལ་གྱི་ཐོ་འགོད་དང་ལག་འཁྱེར་སྤྲོད་པའི་ལས་ཀའི་འགྲོ་གྲོན་དེ་ས་གནས་ཀྱི་ནོར་སྲིད་སྔོན་རྩིས་ནང་འཇུག་དགོས་པ་དང་ཀྲུང་དབྱང་ནོར་སྲིད་ཀྱིས་ཁ་གསབ་བྱེད་དགོས། གསུམ། གྲོང་གསེབ་ཀྱི་ས་ཞིང་གཉེར་སྐྱོང་དབང་ཆ་གོ་རིམ་ལྡན་པའི་ངང་བརྒྱུད་བཤུག་བྱ་རྒྱུ་ཚད་ལྡན་བཟོ་བ་དང་སྣེ་ཁྲིད་བྱེད་དགོས། (ལྔ )ས་ཞིང་བརྒྱུད་བཤུག་བྱེད་སྟངས་གསར་གཏོད་བྱ་རྒྱུར་ལྕག་སྐུལ་བྱེད་དགོས། འགན་གཙང་ལེན་མཁན་ཞིང་དུད་ཀྱིས་ཁྲིམས་ལྟར་འགན་ལེན་གཞན་སྤྲོད་དང་། བོགས་གཏོང་། བརྗེ་རེས། ནང་བཤུག་བཅས་དང་དེ་བཞིན་མ་རྐང་ནང་ཞུགས་པ་སོགས་ཀྱི་ཐབས་ལ་བརྟེན་ནས་འགན་གཙང་བླངས་པའི་ས་ཞིང་བརྒྱུད་བཤུག་བྱ་རྒྱུར་ལྕག་སྐུལ་བྱེད་དགོས། ཆ་རྐྱེན་ཡོད་པའི་ས་གནས་ཀྱིས་རོགས་སྐྱོར་སྲིད་ཇུས་བཟོས་ནས་ཞིང་དུད་ཀྱིས་འགན་གཙང་བླངས་པའི་ས་ཞིང་ཡུན་རིང་བརྒྱུད་བཤུག་བྱེད་པར་ལྕག་སྐུལ་བྱེད་པ་དང་འབྲེལ་དེས་གཞན་སྒྱུར་ལས་ཞུགས་བྱེད་པར་སྐུལ་འདེད་གཏོང་དགོས། ཞིང་པས་རང་མོས་ཀྱི་སྔོན་འགྲོའི་ཆ་རྐྱེན་འོག་ས་ཞིང་བརྗེ་རེས་དང་ཟླ་སྒྲིལ་གཏོང་བའི་ཐབས་ལ་བརྟེན་ནས་འགན་གཙང་བླངས་པའི་ས་ཞིང་གི་གནད་དོན་རྩག་རྩིག་ཐག་གཅོད་བྱ་རྒྱུར་ལྕག་སྐུལ་བྱེད་དགོས། ཆ་རྐྱེན་གཅིག་མཚུངས་འོག་མཉམ་སྡེབ་དཔལ་འབྱོར་རྩ་འཛུགས་དེའི་ཁོངས་མིར་ས་ཞིང་སྔོན་དུ་བརྒྱུད་བཤུག་བྱེད་པའི་དབང་ཆ་ལོངས་སྤྱོད་བྱེད་དབང་ཡོད། ནང་བཤུག་གི་ཐབས་ལ་བརྟེན་ནས་འགན་གཙང་བླངས་པའི་ས་ཞིང་བརྒྱུད་བཤུག་བྱས་ཚེ་རྩ་དོན་ཐོག་མཉམ་སྡེབ་དཔལ་འབྱོར་རྩ་འཛུགས་དེའི་ཁོངས་མིའི་དབར་བྱེད་དགོས་པ་མ་ཟད་འགན་གཙང་སྤྲོད་ལེན་བྱེད་མཁན་གྱི་མོས་མཐུན་ཐོབ་དགོས། བྱེད་ཐབས་གཞན་གྱི་ཐོག་ནས་བརྒྱུད་བཤུག་བྱས་ཚེ་ཁྲིམས་ལྟར་འགན་གཙང་སྤྲོད་ལེན་བྱེད་མཁན་ཕྱོགས་ཐོ་འགོད་བྱ་རྒྱུའི་སྙན་སེང་ཞུ་དགོས། མཉམ་སྡེབ་ལ་དབང་བའི་ལམ་ལུགས་དང་། ཞིང་དུད་ཀྱི་འགན་གཙང་ལེན་དབང་། ས་ཞིང་གཉེར་སྐྱོང་དབང་ཆ་བཅས་དེ་ས་ཞིང་བརྒྱུད་བཤུག་བྱེད་རིང་གི་ཕན་ཚུན་གྱི་ཁེ་དབང་འབྲེལ་བ་དང་ཞིབ་ཕྲའི་མངོན་འགྱུར་བྱེད་ཐབས་དུས་ཚོད་དམ་འཛིན་གྱིས་ཞིབ་འཇུག་དང་འཚོལ་ཞིབ་བྱེད་དགོས། རྒྱལ་ཡོངས་ཀྱི་གཅིག་གྱུར་བཀོད་སྒྲིག་གཞིར་བཟུང་ས་ཞིང་གཉེར་སྐྱོང་དབང་ཆ་གཏའ་འཇོག་དང་ཁག་ཐེག་བྱེད་པའི་ཚོད་ལྟར་བརྟན་པོའི་ངང་སྐུལ་འདེད་གཏོང་བ་དང་གཅིག་གྱུར་དང་ཚད་ལྡན་གྱི་ལག་བསྟར་བྱེད་ཐབས་ཞིབ་འཇུག་བྱས་ནས་བཟོས་ཏེ་གཏའ་འཇོག་རྒྱུ་ནོར་ཐག་གཅོད་བྱེད་པའི་ལམ་སྲོལ་འཚོལ་ཞིབ་ངང་བཟོ་དགོས། (དྲུག )ས་ཞིང་བརྒྱུད་བཤུག་བྱེད་པའི་བྱ་སྤྱོད་ཚན་ལྡན་ཡོང་བ་བྱེད་དགོས། ས་ཞིང་འགན་གཙང་གཉེར་སྐྱོང་དབང་ཆ་ཞིང་པའི་ཁྱིམ་དུད་ལ་གཏོགས་པས་ས་ཞིང་བརྒྱུད་བཤུག་བྱེད་མེད་དང་། རིམ་གོང་ཇི་ལྟར་བྱེད་མེད། བྱེད་སྟངས་གདམ་ག་ཇི་ལྟར་བྱེད་མེད་བཅས་ནི་འགན་གཙང་ལེན་མཁན་ཞིང་དུད་ཀྱིས་རང་བདག་ངང་གཏན་འཁེལ་བྱེད་དགོས་པ་དང་བརྒྱུད་བཤུག་གི་ཁེ་ཕན་དེ་འགན་གཙང་ལེན་མཁན་ཞིང་དུད་ལ་དབང་ཡོད། བརྒྱུད་བཤུག་དུས་མཚམས་ནི་བརྒྱུད་བཤུག་བྱེད་མཁན་ཕྱོགས་གཉིས་པོས་བཅའ་ཁྲིམས་ནང་གཏན་འབེབས་བྱས་པའི་ཁྱབ་ཁོངས་ནང་གྲོས་མོལ་བྱས་ནས་གཏན་འཁེལ་བྱེད་དགོས། ཞིང་དུད་ཀྱིས་ཡིག་ཐོག་མངགས་བཅོལ་མ་བྱས་ཚེ་གྲོང་གསེབ་ཀྱི་གཞི་རིམ་རྩ་འཛུགས་ཀྱིས་བྱེད་ཐབས་གང་རུང་ཐོག་ནས་ཞིང་དུད་ཀྱིས་འགན་གཙང་བླངས་པའི་ས་ཞིང་བརྒྱུད་བཤུག་བྱ་རྒྱུའི་གཏན་འཁེལ་བྱེད་དབང་མེད་ལ་ཉུང་བས་མང་བར་བརྩི་སྲུང་ཞུ་བའི་མིང་ཐོག་ནས་གྲོང་ཚོ་ཧྲིལ་པོ་དང་ཚོགས་ཆུང་ཧྲོལ་པོའི་ཞིང་དུད་ཀྱིས་འགན་གཙང་བླངས་པའི་ས་ཞིང་གཅིག་སྡུད་ཐོག་ཕྱི་ཕྱོགས་ལ་ཚོང་སྒུག་གཉེར་སྐྱོང་དེ་བས་བྱེད་མི་རུང་། གཞི་རིམ་གྱི་ལས་བྱེད་པ་ཉུང་ཤས་ཀྱིས་སྒེར་དུ་དང་ལེན་བྱེད་པ་དང་སྒེར་ཕན་རག་པ་བྱ་རྒྱུ་སྔོན་འགོག་བྱེད་དགོས། ལས་འགན་གཏན་འཁེལ་དང་དམིགས་ཚོད་གཤམ་སྤྲོད་བྱེད་པའམ་ཡང་ན་བརྒྱུད་བཤུག་གཞི་ཁྱོན་དང་བརྒྱུད་བཤུག་བསྡུར་ཚད་དེ་བྱས་རྗེས་ལ་དཔྱད་ཞིབ་བྱེད་པའི་ནང་འཇུག་པ་སོགས་ཀྱི་བྱེད་ཐབས་ཐོག་ནས་ས་ཞིང་བརྒྱུད་བཤུག་ལ་སྐུལ་མ་གཏོང་རྒྱུ་གཏན་འགོག་བྱེད་དགོས། (བདུན )ས་ཞིང་བརྒྱུད་བཤུག་ལ་དོ་དམ་དང་ཞབས་ཞུ་བྱ་རྒྱུར་ཤུགས་སྣོན་རྒྱག་དགོས། འབྲེལ་ཡོད་སྡེ་ཚན་གྱིས་བརྒྱུད་བཤུག་ཁྲོམ་ར་འཁོར་སྐྱོད་ཚད་ལྡན་ཡོང་བའི་བྱེད་ཐབས་ཞིབ་འཇུག་བྱས་ནས་བཟོ་བ་དང་རྣམ་པ་འདྲ་མིན་སྣ་ཚོགས་ཀྱི་ས་ཞིང་གཉེར་སྐྱོང་དབང་ཆ་བརྒྱུད་བཤུག་གི་ཁྲོམ་ར་གང་མགྱོགས་འཕེལ་རྒྱས་གཏོང་དགོས། གྲོང་གསེབ་ཀྱི་གཉེར་སྐྱོང་དོ་དམ་སྒྲིག་གཞིར་བརྟེན་ནས་ས་ཞིང་བརྒྱུད་བཤུག་གི་ཞབས་ཞུའི་སྟེགས་བུ་འཐུས་ཚང་དུ་གཏོང་བ་དང་། རྫོང་དང་། ཤང་། གྲོང་ཚོ་བཅས་རིམ་གསུམ་གྱི་ཞབས་ཞུ་དང་དོ་དམ་དྲ་བ་འཐུས་ཚང་དུ་གཏོང་བ། ས་ཞིང་བརྒྱུད་བཤུག་གི་ལྟ་ཞིབ་ཚད་ལེན་ལམ་ལུགས་བཟོ་བ་བཅས་བྱས་ནས་བརྒྱུད་བཤུག་བྱེད་མཁན་ཕྱོགས་གཉིས་པོར་ཆ་འཕྲིན་ཁྱབ་སྤེལ་དང་སྲིད་ཇུས་བློ་འདྲི་སོགས་ཀྱི་ཞབས་འདེགས་ཞུ་དགོས། ས་ཞིང་བརྒྱུད་བཤུག་གི་ཞབས་ཞུའི་གཙོ་གཟུགས་ཀྱིས་ཆ་འཕྲིན་འབྲེལ་མཐུད་དང་བརྒྱུད་བཤུག་མངགས་བཅོལ་སོགས་ཀྱི་ཞབས་འདེགས་ཞུ་ཆོག་ཀྱང་རིམ་པ་རེ་རེ་བཞིན་འགན་ལེན་གཞན་སྤྲོད་བྱས་ནས་དེའི་ཁྲོད་ནས་ཁེ་བཟང་རག་པ་བྱ་རྒྱུ་བཀག་འགོག་བྱེད་དགོས། ས་ཞིང་དེ་གྲོང་ཚོ (ཚོགས་ཆུང )དེ་གའི་མཉམ་སྡེབ་ཀྱི་ཁོངས་མི་མིན་པར་བརྒྱུད་བཤུག་བྱེད་པའམ་ཡང་ན་གྲོང་ཚོའི (ཚོགས་ཆུང )མཉམ་སྡེབ་ཀྱིས་ཞིང་དུད་ཀྱི་མངགས་བཅོལ་གཞིར་བཟུང་གཅིག་གྱུར་ངང་བརྒྱུད་བཤུག་བྱེད་པ་དང་འབྲེལ་མཉམ་སྡེབ་ཀྱི་མ་དངུལ་བེད་སྤྱད་དེ་ས་རྒྱུ་དང་ས་བཅུད་ལེགས་སུ་བཏང་ཚེ་ཞིང་ཁའི་གཞི་རྩའི་འཛུགས་སྐྲུན་ནམ་ཡང་ན་སྤྱི་ཕན་རང་བཞིན་གྱི་འགྲོ་གྲོན་གཞན་གཏོང་རྒྱུར་མཉམ་སྡེབ་དཔལ་འབྱོར་རྩ་འཛུགས་དེ་ཕུད་པའི་བརྒྱུད་བཤུག་ཕྱོགས་ནས་རྨང་གཞིའི་སྒྲིག་བཀོད་བེད་སྤྱོད་གཏོང་བའི་འགྲོ་གྲོན་དང་ས་ཞིང་བརྒྱུད་བཤུག་གི་དོ་དམ་དང་ཞབས་ཞུའི་འགྲོ་གྲོན་བསྡུ་ཆོག འགན་གཙང་ལེན་མཁན་ཞིང་དུད་ཀྱིས་བརྒྱུད་བཤུག་ཕྱོགས་དང་ཡིག་ཐོག་བརྒྱུད་བཤུག་གན་རྒྱ་འཇོག་པ་དང་འབྲེལ་གཅིག་གྱུར་གྱི་ཞིང་ཆེན་རིམ་པའི་གན་རྒྱའི་དཔེ་སྟོན་ཡིག་སྨར་བེད་སྤྱོད་གཏོང་རྒྱུའི་སྣེ་ཁྲིད་བྱེད་དགོས། བརྒྱུད་བཤུག་ཕྱོགས་ཀྱི་ས་ཞིང་གཉེར་སྐྱོང་བྱེད་དབང་ཁྲིམས་ལྟར་སྲུང་སྐྱོང་བྱེད་པ་དང་བརྒྱུད་བཤུག་གན་རྒྱའི་དུས་མཚམས་སླེབས་རྗེས་གཅིག་མཚུངས་ཀྱི་ཆ་རྐྱེན་འོག་བརྒྱུད་བཤུག་ཕྱོགས་ཀྱིས་སྔོན་ལ་ཆིངས་མཐུད་བྱེད་ཆོག གྲོང་གསེབ་ཀྱི་ས་ཞིང་འགན་གཙང་གཉེར་སྐྱོང་གི་རྩོད་གཞི་བར་འདུམ་དང་འདུམ་གཅོད་བྱེད་པའི་མ་ལག་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་དང་རྩོད་གཞི་འདུམ་གཅོད་ལམ་སྲོལ་འཐུས་ཚང་དུ་བཏང་ནས་ས་ཞིང་འགན་གཙང་བླངས་ཏེ་གཉེར་སྐྱོང་དང་འདུམ་གཅོད་བྱེད་པའི་རྩོད་གཞི་འོས་འཚམ་ངང་ཐག་གཅོད་བྱེད་དགོས། (བརྒྱད )ས་ཞིང་གཉེར་སྐྱོང་གི་གཞི་ཁྱོན་ལུགས་མཐུན་ངང་གཏན་འཁེལ་བྱེད་དགོས། རང་བྱུང་ཆ་རྐྱེན་དང་། གྲོང་གསེབ་ཀྱི་ངལ་ནུས་སྤོ་སྒྱུར་གྱི་གནས་ཚུལ། ཞིང་ལས་འཕྲུལ་ཆས་ཅན་གྱི་ཆུ་ཚད་སོགས་རྒྱུ་རྐྱེན་གཞིར་བཟུང་ས་ཁུལ་དེ་རང་གི་ས་ཞིང་གཞི་ཁྱོན་གཉེར་སྐྱོང་དང་འཚམ་པའི་ཚད་གཞི་ཞིབ་འཇུག་བྱས་ནས་གཏན་འཁེལ་བྱེད་དགོས། དོན་དངོས་དང་མི་མཐུན་པ་དང་ཞིང་པའི་འདོད་བློ་དང་འགལ་བ་དང་དེ་བཞིན་ཕྱོགས་རེའི་སྒོ་ནས་གཞི་ཁྱོན་གཉེར་སྐྱོང་ལས་འགལ་བའི་སྣང་ཚུལ་འགོག་དགོས། ད་ཆའི་དུས་མཚམས་སུ་ས་ཞིང་གཉེར་སྐྱོང་གི་གཞི་ཁྱོན་དེ་ས་གནས་དེ་གའི་དུད་ཚང་གིས་ས་ཞིང་འགན་གཙང་བླངས་པའི་རྒྱ་ཁྱོན་གྱི་ལྡབ་10ནས་ལྡབ་15བར་དང་མཚུངས་པ་དང་ཞིང་ལས་ཡོང་འབབ་དེ་ས་གནས་ཀྱི་ཐོན་ལས་གཉིས་པ་དང་གསུམ་པའི་ལས་སྒོའི་ཡོང་འབབ་དང་མཚུངས་རིགས་ལ་གཙོ་གནད་ཐོག་རོགས་སྐྱོར་བྱེད་དགོས། གཞི་ཁྱོན་གཉེར་སྐྱོང་བྱེད་ཐབས་གསར་གཏོད་བྱས་ཏེ་ས་ཞིང་ཐོན་ཁུངས་གཅིག་སྡུད་འོས་འཚམ་ལ་ཁྲིད་སྟོན་བྱེད་པ་དང་ཆབས་ཅིག་ཞིང་པའི་མཉམ་ལས་མཉམ་འབྲེལ་དང་སྤྱི་ཚོགས་ཅན་གྱི་ཞབས་ཞུ་སྤེལ་བ་སོགས་བྱེད་ཐབས་སྣ་མང་ཐོག་ནས་ཞིང་ལས་གཞི་ཁྱོན་ཅན་གྱི་གཉེར་སྐྱོང་ཆུ་ཚད་མཐོ་རུ་གཏོང་དགོས། (དགུ )འབྲུ་རིགས་གཞི་ཁྱོན་ཅན་གྱི་ཐོན་སྐྱེད་ལ་རྒྱབ་སྐྱོར་བྱེད་དགོས། འབྲུ་རིགས་ཐོན་སྐྱེད་ལ་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་བཏང་ནས་སྔར་ཡོད་ཀྱི་འབྲུ་རིགས་ཐད་གསབ་དང་། སོན་འདེབས་ཁ་གསབ། ཞིང་སྤྱོད་རྒྱུ་ནོར་ཕྱོགས་བསྡུས་ཁ་གསབ་བཅས་ཚང་མ་འགན་གཙང་ལེན་མཁན་ཞིང་དུད་དང་རྒྱུག་སའི་ཕྱོགས་དང་གྲོས་མོལ་གཏན་འཁེལ་བྱེད་པའི་ཁོངས་སུ་གཏོགས་པ་དང་གསར་དུ་འཕར་བའི་ཆ་དེ་འབྲུ་རིགས་ཐོན་སྐྱེད་གཞི་ཁྱོན་གཉེར་སྐྱོང་གི་གཙོ་གཟུགས་ལ་ཕྱོགས་དགོས། ཆ་རྐྱེན་འཛོམས་པའི་ས་གནས་སུ་འབྲུ་རིགས་འདེབས་འཛུགས་ཀྱི་རྒྱ་ཁྱོན་ནམ་ཡང་ན་ཐོན་ཚད་གཞིར་བཟུང་ཐོན་སྐྱེད་བྱེད་མཁན་ལ་ཁ་གསབ་བྱེད་པའི་ཚོད་ལྟའི་ལས་དོན་དགོས། འབྲུ་རིགས་གཞི་ཁྱོན་ཅན་གྱི་ཐོག་ནས་ཐོན་སྐྱེད་བྱེད་མཁན་ཞིང་པའི་མཉམ་ལས་ཁང་དང་ཁྱིམ་ཚང་ཞིང་ར་སོགས་གཉེར་སྐྱོང་གཙོ་གཟུགས་དག་ཞིང་འཕྲུལ་ཉོ་སྒྲུབ་ཀྱི་ཁ་གསབ་ཆ་རྐྱེན་དང་འཚམ་རིགས་སྔོན་ལ་བཀོད་སྒྲིག་བྱེད་དགོས། འཁོར་སྐྱོད་ཚད་ལྡན་གྱི་འབྲུ་རིགས་ཐོན་སྐྱེད་གཞི་ཁྱོན་གཉེར་སྐྱོང་གཙོ་གཟུགས་སུ་དམིགས་ཚད་རིན་གོང་གི་འགན་བཅོལ་ཚོད་ལྟའི་ལས་དོན་སྤེལ་རྒྱུ་འཚོལ་ཞིབ་དང་གདམ་ག་བྱེད་དགོས། འབྲུ་རིགས་ཐོན་སྐྱེད་གཞི་ཁྱོན་གཉེར་སྐྱོང་གཙོ་གཟུགས་ཀྱི་གཉེར་ཚོང་ཐད་དངུལ་བུན་གཡར་བའི་ཚོད་ལྟའི་ལས་དོན་སྤེལ་རྒྱུ་དམ་འཛིན་བྱས་ཏེ་འབྲུ་རིགས་སྐྱེ་དངོས་དང་། ཐོན་སྐྱེད། ལྷན་སྦྱར་གཞོགས་སྣོན་སྒྲིག་བཀོད་བཅས་སྤྱད་ནས་གཏའ་འཇོག་དང་མ་དངུལ་བསྡུ་སྒྲིལ་བྱེད་དུ་འཇུག་དགོས། འབྲུ་རིགས་སྣ་ཁའི་འགན་བཅོལ་ཐད་འབྲུ་རིགས་ཐོན་སྐྱེད་གཞི་ཁྱོན་གཉེར་སྐྱོང་གཙོ་གཟུགས་ཀྱིས་འགན་བཅོལ་བྱེད་འདོད་མཁན་ལ་འགན་བཅོལ་བྱེད་པ་དང་འབྲེལ་འབྲུ་རིགས་ཐོན་ཁུལ་རྫོང་ཆེན་གྱི་ཤུལ་ལྡན་འབྲས་དང་། གྲོ མ་རྨོས་ལོ་ཏོག་བཅས་འབྲུ་རིགས་སྣ་ཁ་གསུམ་གྱི་འགན་བཅོལ་གྱི་ཁ་གསབ་བསྡུར་གཞི་འོས་འཚམ་ངང་སྤོར་དགོས། ས་ཁུལ་ཁག་དང་འབྲེལ་ཡོད་སྡེ་ཚན་ཁག་གིས་དེ་མཚུངས་ཀྱི་ལྷན་སྦྱར་བྱེད་ཐབས་ཞིབ་འཇུག་བྱས་ནས་བཟོས་ཏེ་འབྲུ་རིགས་ཐོན་སྐྱེད་ཀྱི་གཞི་ཁྱོན་གཉེར་སྐྱོང་གཙོ་གཟུགས་ལ་དེ་བས་ལེགས་པའི་སྒོ་ནས་རྒྱབ་སྐྱོར་དང་ཞབས་འདེགས་ཞུ་དགོས། (བཅུ )ས་ཞིང་བརྒྱུད་བཤུག་བེད་སྤྱོད་ཀྱི་དོ་དམ་ལམ་ལུགས་ལ་ཤུགས་སྣོན་རྒྱག་དགོས། ཆེས་ནན་པའི་རྨོ་ཞིང་སྲུང་སྐྱོང་ལམ་ལུགས་མཐའ་འཁྱོངས་བྱས་ནས་གཞི་རྩའི་ཞིང་ཁ་སྲུང་སྐྱོང་ཏན་ཏིག་བྱེད་དགོས། ས་ཞིང་བརྒྱུད་བཤུག་བྱེད་རྒྱུར་ཁ་གཡར་ནས་ཞིང་ལས་མིན་པའི་འཛུགས་སྐྲུན་གཉེར་རྒྱུ་གཏན་འགོག་བྱེད་དགོས། བརྒྱུད་བཤུག་བྱས་པའི་ཞིང་ཁའི་ཐོག་ཡུལ་སྐོར་སྤྲོ་སྐྱིད་གྲོང་ཚོ་དང་། ཀོར་ཧྥུ་སྤོ་ལོ་རྒྱག་ས། སྤྲོ་ཁང་། སྒེར་གྱི་འདུ་འཛོམས་ཁང་སོགས་བསྐྲུན་རྒྱུ་གཏན་འགོག་བྱེད་དགོས། གཞི་རྩའི་ཞིང་ཁ་བཟུང་ནས་ཡུར་བུ་འདྲུ་བ་དང་ཤིང་འཛུགས་པ་དང་དེ་བཞིན་འདེབས་འཛུགས་ཆ་རྐྱེན་ལ་གཏོར་བཤིག་གཏོང་བའི་དེ་མིན་བྱེད་སྤྱོད་གཏན་འགོག་བྱེད་དགོས། བེད་མེད་དུ་ལུས་པའི་རྨོ་ཞིང་ལ་གཏོར་སྐྱོན་གཏོང་བ་དང་། སྦགས་བཙོག་བཟོ་བ། ར་བ་སྐོང་ནས་ས་ཞིང་བཟུང་བ་བཅས་དང་ཞིང་ཁའི་རྨང་གཞིའི་སྒྲིག་བཀོད་ལ་གཏོར་སྐྱོན་གཏོང་བ་སོགས་ཀྱི་བྱེད་སྤྱོད་གཏན་འགོག་བྱེད་དགོས། “བོགས་གཏོང་ལ་བརྟེན་ནས་ཚབ་བསྡུ་བྱེད་པའི ”བྱེད་ཐབས་ལ་བརྟེན་ནས་ཁྲིམས་འགལ་སྒྲིག་འགལ་གྱི་ཐོག་ནས་ཞིང་ལས་མིན་པའི་འཛུགས་སྐྲུན་བྱེད་པའི་བྱ་སྤྱོད་ཞིབ་བཤེར་ཐག་གཅོད་མཐའ་གཅིག་ཏུ་བྱེད་དགོས་པ་དང་། རང་དགར་རྨོ་ཞིང “ཞིང་ལས་ཅན་མིན་པའི ”ཐོག་སྤྱོད་རྒྱུ་གཏན་འགོག་མཐའ་གཅིག་ཏུ་བྱེད་དགོས། འཆར་འགོད་དང་ཚད་གཞི་སྤྱད་ནས་སྒྲིག་བཀོད་ཞིང་ལས་འཕེལ་རྒྱས་ལ་ཁྲིད་སྟོན་དང་སྒྲིག་བཀོད་ཞིང་ལས་ས་སྤྱོད་ཀྱི་བེད་སྤྱོད་དང་དོ་དམ་ལམ་ལུགས་ལ་ཤུགས་སྣོན་རྒྱག་དགོས། བྱེད་ཐབས་སྤྱད་ནས་བརྒྱུད་བཤུག་གི་ས་ཞིང་ཞིང་ལས་ཐོན་སྐྱེད་ཐད་སྤྱོད་རྒྱུ་འགན་ལེན་བྱེད་པ་དང་འབྲུ་རིགས་ཐད་གསབ་དང་། སོན་འདེབས་ཁ་གསབ། ཞིང་སྤྱོད་རྒྱུ་ནོར་གྱི་ཕྱོགས་བསྡུས་ཁ་གསབ་བཅས་སྤྲོད་མཚམས་འཇོག་པའི་བྱེད་ཐབས་ཐོག་ནས་ས་ཞིང་བེད་མེད་དུ་འཇོག་པའི་བྱེད་སྤྱོད་གཏན་འགོག་བྱེད་དགོས། འབྲུ་རིགས་ཐོན་ཁུལ་གཙོ་བོ་དང་། འབྲུ་རིགས་ཐོན་སྐྱེད་ས་ཁུལ་གཙོ་བོ། ཐོན་མཐོའི་གསར་གཏོད་རྣམ་གྲངས་ལག་བསྟར་ཁུལ་བཅས་སུ་ཐོན་ལས་འཆར་འགོད་ཀྱི་གཉེར་སྐྱོང་བྱ་སྤྱོད་དང་མི་འཚམ་པའི་རིགས་འབྲེལ་ཡོད་ཞིང་ལས་ཐོན་སྐྱེད་རོགས་སྐྱོར་སྲིད་ཇུས་ལོངས་སུ་སྤྱོད་མི་ཆོག་པ་དང་། འབྲུ་རིགས་བརྒྱུད་བཤུག་གི་རིན་གོང་ཐད་ལུགས་མཐུན་ངང་ཁྲིད་སྟོན་བྱེད་པ་དང་། འབྲུ་རིགས་ཐོན་སྐྱེད་ཀྱི་མ་གནས་ཆུང་དུ་བཏང་ནས་འབྲུ་རིགས་འདེབས་ཁྱོན་བརྟན་དུ་གཏོང་དགོས།
བཞི། ཞིང་ལས་གཉེར་སྐྱོང་གི་གཙོ་གཟུགས་གསར་པ་མགྱོགས་མྱུར་སྐྱེད་སྲིང་བྱེད་དགོས། (བཅུ་གཅིག ) ཁྱིམ་ཚང་གཉེར་སྐྱོང་གི་རྨང་གཞིའི་ནུས་པ་འདོན་སྤེལ་བྱེད་དགོས། སླད་ཕྱིན་གྱི་དུས་སྐབས་རིང་པོ་ཞིག་གི་ནང་ཞིང་དུས་དཀྱུས་མས་སྔར་བཞིན་གྲངས་འབོར་ངེས་ཅན་ཞིག་བཟུང་རྒྱུ་ཡིན་པས་ཞིང་ལས་ཐོན་སྐྱེད་འཕེལ་རྒྱས་གཏོང་རྒྱུར་མུ་མཐུད་མཐོང་ཆེན་དང་རྒྱབ་སྐྱོར་བྱེད་དགོས། ཁྱིམ་ཚང་གི་ཁོངས་མི་ངལ་རྩོལ་ནུས་ཤུགས་གཙོ་བོ་བྱེད་པ་དང་། ཞིང་ལས་ལ་བརྟེན་ནས་ཡོང་འབབ་གསོག་མཁན་གཙོ་གནད་ཐོག་སྐྱེད་བསྲིང་བྱས་ཏེ་ཆེད་ལས་ཅན་དང་། ལེགས་བསྡུས་ཞིབ་གཉེར་ཅན་གྱི་ཞིང་ལས་ཐོན་སྐྱེད་གཉེར་མཁན་ཁྱིམ་ཚང་ཞིང་ར་གཉེར་དུ་བཅུག་ནས་འོས་འཚམ་གྱི་གཞི་ཁྱོན་གཉེར་སྐྱོང་དང་དེང་རམཉམ་འགུལ་ཅན་གྱི་ཞིང་ལས་འཕེལ་རྒྱས་གཏོང་རྒྱུར་ཁྲིད་སྟོན་བྱེད་མཁན་གྱི་གསོན་ཤུགས་སུ་འགྱུར་བ་བྱེད་དགོས། རིམ་དབྱེའི་ཐོག་ནས་དཔེ་སྟོན་ཁྱིམ་ཚང་གི་ཞིང་རའི་མིང་ཐོ་བཟོ་བ་དང་དོ་དམ་ཞབས་ཞུའི་ལམ་ལུགས་འཐུས་ཚང་དུ་བཏང་ནས་དཔེ་སྟོན་ཁྲིད་སྟོནལ་ཤུགས་སྣོན་རྒྱག་དགོས། ས་ཁུལ་ཁག་གིས་ཞིང་ལས་དང་འབྲེལ་བའི་མ་དངུལ་བསྡུ་སྒྲིལ་བྱས་ཏེ་ཡུག་འབྲེལ་དང་ཚད་གཞི་མཐོ་བའི་ཞིང་ཁ་སྐྲུན་རྒྱུར་སྐུལ་ལྕག་བྱེད་པ་དང་འབྲེལ་ཁྱིམ་ཚང་ཞིང་ར་དང་ཆེད་ལས་དུད་ཆེན་སོགས་གཞི་ཁྱོན་གཉེར་སྐྱོང་གི་ཞིང་དུད་ལ་སྔོན་ལ་ཕྱོགས་དགོས།
(བཅུ་གཉིས )མཉམ་སྡེབ་གཉེར་སྐྱོང་བྱེད་ཐབས་གསར་པ་འཚོལ་ཞིབ་བྱེད་དགོས། མཉམ་སྡེབ་དཔལ་འབྱོར་རྩ་འཛུགས་ཀྱིས་ས་ཞིང་འགན་གཙང་ལེན་མཁན་ཞིང་དུད་ལ་རྣམ་པ་སྣ་ཚོགས་ཀྱི་ཐོན་སྐྱེད་ཞབས་འདེགས་ཞུས་ཏེ་གཅིག་གྱུར་ཐོག་ཞབས་འདེགས་ཞུས་པ་བརྒྱུད་ཐོན་སྐྱེད་ཀྱི་མ་གནས་དམའ་རུ་དང་ཐོན་སྐྱེད་ལས་ཕྱོད་ཆེ་རུ་གཏོང་དགོས། ཆ་རྐྱེན་འཛོམས་པའི་ས་ཁུལ་གྱིས་ཞིང་པའི་འདོད་མོས་ལ་གཞིགས་ནས་གཅིག་གྱུར་དང་ཡུག་འབྲེལ་གྱི་ཐོག་ནས་རྨོ་ཞིང་བཅོས་སྒྲིག་བྱས་ཏེ་ས་ཞིང་མ་རྐང་དུ་ཕབ་པ་དང་དབང་ཆ་དུད་ཚང་ལ་སྤྲོད་པའི་འགན་ལེན་གྱིས་གཉེར་སྐྱོང་ཐད་ཐོན་པའི་ཕན་འབྲས་མ་རྐང་ལྟར་བགོ་བཤའ་རྒྱག་ཆོག་ལ་ཞིང་པས་འགན་གཙང་ས་ཞིང་མ་རྐང་འཇོག་པའི་ཐབས་ཤེས་ལ་བརྟེན་ནས་ས་ཞིང་མ་རྐང་མཉམ་ལས་རྩ་འཛུགས་འཛུགས་གཉེར་བྱ་རྒྱུར་ཁྲིད་སྟོན་ཡང་བྱེད་ཆོག་པ་དང་། རང་བརྟེན་གཉེར་སྐྱོང་ངམ་ཡང་ན་མངགས་བཅོལ་གཉེར་སྐྱོང་སོགས་ཀྱི་བྱ་ཐབས་ལ་བརྟེན་ནས་ཞིང་ལས་གཞི་ཁྱོན་ལྡན་པའི་ངང་གཉེར་སྐྱོང་ཐུབ་པ་བྱེད་དགོས། ས་ཁུལ་ཁག་གིས་དོན་དངོས་དང་ཟུང་འབྲེལ་གྱིས་མཉམ་སྡེབ་དཔལ་འབྱོར་གཉེར་སྐྱོང་བྱ་ཐབས་འཚོལ་ཞིབ་དང་ཕུན་སུམ་ཚོགས་སུ་གཏོང་དགོས། (བཅུ་གསུམ )ཞིང་དུད་དབར་གྱི་མཉམ་ལས་གཉེར་སྐྱོང་བྱེད་མགྱོགས་སུ་གཏོང་དགོས། འགན་གཙང་ལེན་མཁན་ཞིང་དུད་ཀྱིས་ཞིང་ལས་འཕྲུལ་ཆས་མཉམ་སྤྱོད་དང་མཉམ་འབྲེལ་གཉེར་སྐྱོང་བྱེད་པའི་ཐབས་ཤེས་ཀྱི་ཐོག་ནས་དུད་སྦྲེལ་གཉེར་སྐྱོང་བྱེད་དགོས། རྣམ་པ་སྣ་ཚོགས་ཀྱི་ཞིང་པའི་མཉམ་ལས་རྩ་འཛུགས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་ལྕག་བྱས་ནས་དཔེ་སྟོན་མཉམ་ལས་ཁང་གཏོད་འཛུགས་བྱེད་སྒོ་གཏིང་ཟབ་སྤེལ་ཏེ་ཞིང་པའི་མཉམ་ལས་ཁང་ཚད་དང་ལྡན་པའི་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས། དོ་དམ་དམངས་གཙོ་དང་། འཁོར་སྐྱོད་ཚད་ལྡན། སྣེ་ཁྲིད་བྱེད་ནུས་ཆེ་བ་བཅས་ཀྱི་ཞིང་པའི་མཉམ་ལས་ཁང་དང་མཁོ་སྤྲོད་མཉམ་ལས་ཁང་གི་རྨང་གཞིའི་ཐོག་གྲོང་གསེབ་ཀྱི་མཉམ་ལས་དངུལ་རྩ་སྐྱེད་སྲིང་དང་འཕེལ་རྒྱས་ཐུབ་པ་བྱེད་དགོས། ཞིང་པའི་ཆེད་ལས་མཉམ་ལས་ཁང་གི་མཉམ་འབྲེལ་ཁང་འཕེལ་རྒྱས་འགྲོ་རྒྱུར་ཁྲིད་སྟོན་བྱས་ནས་ཞིང་པའི་མཉམ་ལས་ཁང་གིས་ཞིང་དུད་འབྲེལ་མཐུད་ཐུབ་རྒྱུར་རྒྱབ་སྐྱོར་བྱེད་དགོས། ཞིང་པས་གཉེར་སྐྱོང་དབང་ཆ་འགན་གཙང་བླངས་ནས་མ་རྐང་འཇོག་ཐབས་ལ་བརྟེན་ཏེ་ཞིང་ལས་ཅན་གྱི་གཉེར་སྐྱོང་འཕེལ་རྒྱས་གཏོང་དགོས། ཞིང་དུད་ཀྱིས་མ་རྐང་འཇོག་པའི་བྱ་ཐབས་ལ་བརྟེན་ནས་ས་ཞིང་ཐོན་སྐྱེད་བྱེད་ནུས་ལ་དཔྱད་དཔོག་བྱེད་པའི་ལམ་ལུགས་འཚོལ་ཞིབ་དང་འཛུགས་པ་དང་རྨོ་ཞིང་གི་གྲངས་འབོར་དང་སྤུས་ཚད་ལ་གཞིགས་པ་དང་ཡུལ་དེ་གའི་ས་ཞིང་གཉེར་སྐྱོང་བྱེད་དབང་བརྒྱུད་བཤུག་གཏོང་བའི་རིན་གོང་རྩིས་སྟངས་ལྟར་མ་རྐང་ལ་འབེབས་དགོས། (བཅུ་བཞི )ཁེ་ལས་ཅན་གྱི་གཉེར་སྐྱོང་དང་འཚམ་པའི་དེང་རབས་འདེབས་འཛུགས་དང་གསོ་ཚགས་ལས་རིགས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་ལྕག་བྱེད་དགོས། ཞིང་ལས་ཐོན་ལས་ཅན་གྱི་སྣེ་འདྲེན་ཁེ་ལས་སོགས་ཞིང་འབྲེལ་ཁེ་ལས་ཀྱིས་གཙོ་གནད་ཐོག་ཞིང་ཞོར་ཐོན་རྫས་ལས་སྣོན་འགྲོ་རྒྱུག་དང་ཞིང་ལས་སྤྱི་ཚོགས་ཅན་གྱི་ཞབས་འདེགས་ཞུ་མཁན་ལ་སྐུལ་ལྕག་བྱས་ནས་ཞིང་དུད་དང་ཞིང་པའི་མཉམ་ལས་ཁང་འཕེལ་རྒྱས་ཀྱི་གཞི་ཁྱོན་གཉེར་སྐྱོང་ལ་ཁྲིད་སྟོན་བྱེད་དགོས། བཟོ་ཚོང་མ་རྩར་བརྟེན་ནས་སོན་བཟང་དང་མྱུག་སོན་གསོ་འཕེལ་དང་ཚད་གཞི་མཐོ་བའི་སྒྲིག་བཀོད་ཞིང་ལས་དང་གཞི་ཁྱོན་ཅན་གྱི་གསོ་ཚགས་སོགས་ཞིང་ལས་ཅན་གཉེར་སྐྱོང་དང་འཚམ་པའི་དེང་རབས་འདེབས་འཛུགས་དང་གསོ་ཚགས་ལས་རིགས་འཕེལ་རྒྱས་གཏོང་བ་དང་། གྲོང་གསེབ་ཀྱི “དཀོན་པ་བཞིའི ”ཐོན་ཁུངས་གསར་སྤེལ་བྱས་ནས་སྣ་མང་གཉེར་སྐྱོང་འཕེལ་རྒྱས་གཏོང་དགོས། ཞིང་ལས་ཁེ་ལས་ཀྱིས་ཞིང་དུད་དང་ཞིང་པའི་མཉམ་ལས་ཁང་དང་མཉམ་དུ་འབྲེལ་བ་དམ་ཟབ་ཀྱི་ཁེ་ཕན་མཉམ་འབྲེལ་ལམ་སྲོལ་བཙུགས་ནས་ལུགས་མཐུན་ལས་བགོས་དང་གཉིས་ཁེ་གཉིས་ཕན་ཡོང་བ་བྱེད་དགོས། དཔལ་འབྱོར་དར་རྒྱས་ཆེ་བའི་ས་ཁུལ་གྱིས་ཞིང་ལས་དཔེ་སྟོན་གླིང་ལ་བརྟེན་ནས་རིགས་ཁག་གི་གཉེར་སྐྱོང་གཙོ་གཟུགས་ཀྱིས་མཉམ་དུ་མ་རྩ་འདོན་པ་དང་ཕན་ཚུན་མ་རྐང་བཟུང་སྟེ་རྣམ་པ་སྣ་ཚོགས་ཀྱི་ཞིང་ལས་མཉམ་འདྲེས་དབང་བའི་ལམ་ལུགས་ཀྱི་དཔལ་འབྱོར་འཕེལ་རྒྱས་གཏོང་དགོས། (བཅོ་ལྔ ) ཞིང་ལས་གཉེར་སྐྱོང་གཙོ་གཟུགས་གསར་པར་རྒྱབ་སྐྱོར་བྱ་ཤུགས་ཆེ་རུ་གཏོང་དགོས། ས་གནས་ཀྱིས་ཁྱིམ་ཚང་ཞིང་ར་དང་། ཆེད་ལས་དུད་ཆེན། ཞིང་པའི་མཉམ་ལས་ཁང་། སྣེ་འདྲེན་ཁེ་ལས། ཞིང་ལས་སྤྱི་ཚོགས་ཅན་གྱི་ཞབས་ཞུའི་རྩ་འཛུགས་བཅས་ལ་མ་དངུལ་ཐད་ནས་རྒྱབ་སྐྱོར་བྱེད་པ་གཞི་ཁྱོན་ཆེ་རུ་གཏོང་རྒྱུར་སྐུལ་ལྕག་བྱེད་དགོས། ཆ་རྐྱེན་དང་འཚམ་པའི་ཞིང་ལས་གཉེར་སྐྱོང་གཙོ་གཟུགས་གསར་པས་ཞིང་འབྲེལ་རྣམ་གྲངས་སྔོན་ལ་འགན་འཁུར་རྒྱུར་རྒྱབ་སྐྱོར་བྱས་ཏེ་གསར་སྣོན་ཞིང་ལས་ཁ་གསབ་མ་དངུལ་ཞིང་པའི་གཉེར་སྐྱོང་གཙོ་གཟུགས་གསར་པར་ཕྱོགས་དགོས། ནོར་སྲིད་རྣམ་གྲངས་མ་དངུལ་ཆ་རྐྱེན་དང་འཚམ་པའི་མཉམ་ལས་ཁང་ལ་ཐད་ཀར་གཏོང་བ་དང་ནོར་སྲིད་རོགས་དངུལ་ལས་ཆགས་པའི་རྒྱུ་ནོར་དེ་མཉམ་ལས་ཁང་གིས་ཉར་རྒྱུར་སྤྲོད་པ་དང་ལྟ་སྐྱོང་བྱེད་པའི་དོ་དམ་ལམ་ལུགས་འཛུགས་མགྱོགས་སུ་གཏོང་དགོས། ཞིང་ཆེན (རང་སྐྱོང་ལྗོངས་དང་ཐད་སྐྱོང་གྲོང་ཁྱེར )ཁག་གིས་དོན་དངོས་གནས་ཚུལ་གཞིར་བཟུང་ལོ་འཁོར་གྱི་འཛུགས་སྐྲུན་ས་ཆའི་དམིགས་ཚད་ནང་བསྡུར་ཚད་ངེས་ཅན་ཞིག་བཀོད་སྒྲིག་བྱས་ཏེ་ཆེད་མངགས་ཞིང་ལས་གཉེར་སྐྱོང་གཙོ་གཟུགས་གསར་པ་འཛུགས་སྐྲུན་གྱི་ལྷན་སྦྱར་རམ་འདེགས་སྒྲིག་བཀོད་ཐད་སྤྱོད་པ་དང་འབྲེལ་གཏན་འབེབས་གཞིར་བཟུང་འབྲེལ་ཡོད་དཔྱ་ཁྲལ་ཆག་ཡང་དང་རྩ་ཆག་གཏོང་དགོས། དངུལ་ལོར་དང་ནོར་ཁྲལ་སྲིད་ཇུས་ཀྱི་ཡོ་བྱད་ཕྱོགས་བསྡུས་ཐོག་བེད་སྤྱོད་བཏང་ནས་དངུལ་རྩའི་སྒྲིག་གཞིས་ཞིང་ལས་གཉེར་སྐྱོང་གཙོ་གཟུགས་གསར་པར་དམིགས་པའི་ཡིད་རྟོན་དངུལ་བུན་དང་འགན་བཅོལ་རྒྱབ་སྐྱོར་ལམ་སྲོལ་འཛུགས་པ་དང་འཐུས་ཚང་དུ་གཏོང་བ་དང་། དངུལ་རྩའི་ཐོན་རྫས་དང་ཞབས་ཞུ་གསར་གཏོད་བྱེད་པ། ཡིད་རྟོན་དངུལ་བུན་གྱི་རྒྱབ་སྐྱོར་བྱ་ཤུགས་ཆེ་རུ་གཏོང་བ། གཞི་ཁྱོན་ཆེ་བའི་གཉེར་སྐྱོང་གི་ཉེན་ཁ་ཆུང་དུ་གཏོང་བ་བཅས་བྱེད་དགོས། ཆ་རྐྱེན་དང་འཚམ་པའི་ཞིང་ལས་ཐོན་ལས་ཅན་གྱི་སྣེ་འདྲེན་ཁེ་ལས་ཀྱིས་དུས་ཐུང་གི་མ་རྩ་མཉམ་འདྲེས་ཀྱི་དངུལ་འཛིན་དང་། དུས་འབྲིང་གི་འཛིན་ཤོག ཁེ་ལས་འབྲིང་ཆུང་གི་གཅིག་སྒྲིལ་འཛིན་ཤོག་སོགས་བྱ་ཐབས་སྣ་ཚོགས་འདོན་རྒྱུར་སྐུལ་ལྕག་བཏང་སྟེ་མ་དངུལ་བསྡུ་སྒྲིལ་གྱི་ཐབས་ལམ་རྒྱ་ཆེར་གཏོང་དགོས། མ་དངུལ་བསྡུ་སྒྲིལ་ཁག་ཐེག་སྒྲིག་གཞིས་ཞིང་ལས་གཉེར་སྐྱོང་གཙོ་གཟུགས་གསར་པར་མ་དངུལ་བསྡུ་སྒྲིལ་ཁག་ཐེག་གི་ཞབས་འདེགས་ཞུ་བ་དང་ཆ་རྐྱེན་འཛོམས་པའི་ས་གནས་ཀྱིས་མ་དངུལ་མཉམ་འདྲེས་ཀྱི་ཁག་ཐེག་ཆེད་དོན་མ་དངུལ་དང་ཁག་ཐེག་ཉེན་ཁའི་ཁ་གསབ་ཐེབས་རྩ་སོགས་འཛུགས་པ་བརྒྱུད་རྒྱབ་སྐྱོར་བྱ་ཤུགས་ཆེ་རུ་གཏོང་རྒྱུར་སྐུལ་ལྕག་གཏོང་དགོས། འབྲེལ་ཡོད་ཁྲལ་འབབ་ཀྱི་གཟིགས་སྐྱོང་སྲིད་ཇུས་དོན་འཁྱོལ་དང་འཐུས་ཚང་དུ་བཏང་ནས་ཞིང་པའི་མཉམ་ལས་ཁང་གིས་ཞིང་ཞོར་ཐོན་ཟོག་ལས་སྣོན་འགྲོ་རྒྱུག་བྱ་རྒྱུར་རྒྱབ་སྐྱོར་བྱེད་དགོས། (བཅུ་དྲུག ) བཟོ་ཚོང་ཁེ་ལས་ཀྱིས་ཞིང་དུད་ཀྱི་འགན་གཙང་ས་ཞིང་བོགས་མར་ལེན་རིགས་ལ་ལྟ་སྐུལ་དོ་དམ་དང་ཉེན་ཁ་འགོག་ཤུགས་ཆེ་རུ་གཏོང་དགོས། ས་གནས་ཁག་གིས་བཟོ་ཚོང་ཁེ་ལས་ཀྱིས་དུས་ཡུན་རིང་བ་དང་གཞི་ཁྱོན་ཆེན་པོ་ལྡན་པའི་ཞིང་དུད་ཀྱི་འགན་གཙང་ས་ཞིང་བོགས་མར་ལེན་པའི་ཐད་ཁ་གསལ་བའི་ཚད་གཞི་འདོན་པ་དང་ཚོད་འཛིན་བྱེད་དགོས་པ་དང་། ཐོབ་ཐང་ཞིབ་བཤེར་དང་། རྣམ་གྲངས་ཞིབ་དཔྱད། ཉེན་ཁའི་འགན་ལེན་མ་དངུལ་བཅས་ཀྱི་ལམ་ལུགས་འཛུགས་པ་དང་འཐུས་ཚང་དུ་བཏང་ནས་བོགས་ལེན་ས་ཆའི་ཆ་རྐྱེན་དང་། གཉེར་སྐྱོང་གཞི་ཁྱོན། སྒྲིག་འགལ་ཆད་གཅོད་སོགས་ཀྱི་ཐད་གཏན་འབེབས་བཟོས་ཡོད། བཟོ་ཚོང་ཁེ་ལས་ཀྱིས་ཞིང་དུད་ཀྱི་འགན་གཙང་ས་ཞིང་བོགས་མར་ལེན་སྐབས་རྒྱ་ཁྱོན་གཞིར་བཟུང་རིམ་དབྱེ་ཐོ་འགོད་བྱེད་པ་དང་། འཇུག་འཐུས་ཚད་གཞི་ནན་དུ་གཏོང་བ། བྱ་བ་སྒྲུབ་སྐབས་དང་བསྒྲུབས་རྗེས་ཀྱི་ལྟ་སྐུལ་དོ་དམ་བྱ་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ཏེ་ས་ཞིང་ཐོན་ཁུངས་འཕྲོ་བརླག་མི་འགྲོ་བ་དང་ཞིང་པའི་ས་ཞིང་ཁེ་དབང་ལ་གནོད་འཚེ་མི་ཕོག་པ་བྱས་ཏེ་འགན་གཙང་ལེན་མཁན་ཞིང་དུད་ལ་གན་རྒྱ་འཇོག་མཁན་གྱིས་གན་དོན་ལས་འགལ་བའམ་ཡང་ན་གཉེར་སྐྱོང་ཡག་པོ་མ་བྱུང་བའི་དབང་གིས་གནོད་འཚེ་མི་ཕོག་པ་བྱེད་དགོས། དུས་བཀག་ནང་ས་ཞིང་བོགས་མར་ལེན་མཁན་ཁེ་ལས་ཀྱི་ཞིང་ལས་གཉེར་སྐྱོང་བྱེད་ནུས་དང་། ས་ཞིང་སྤྱོད་ཡུལ། ཉེན་ཁ་སྔོན་འགོག་བྱེད་ནུས་སོགས་ཐད་ལྟ་སྐུལ་ཞིབ་བཤེར་དང་ས་ཞིང་བེད་སྤྱོད་དང་གན་རྒྱ་སྒྲུབ་ཚུལ་སོགས་ཀྱི་གནས་ཚུལ་བརྟག་དཔྱད་ཞིབ་བཤེར་བྱས་ཏེ་སྒྲིག་འགལ་ཁྲིམས་འགལ་བྱེད་སྤྱོད་དུས་ཐོག་ཏུ་ཞིབ་བཤེར་ཐག་གཅོད་དང་ཡོ་བསྲང་བྱས་ནས་བླང་བྱ་དང་མཐུན་རིགས་ལ་སྲིད་ཇུས་ཐད་ནས་རྒྱབ་སྐྱོར་བྱེད་དགོས། འབྲེལ་ཡོད་སྡེ་ཚན་གྱིས་དོ་དམ་བྱ་ཐབས་བཟོ་རྒྱུར་དམ་འཛིན་བྱེད་པ་དང་འབྲེལ་ས་གནས་ཁག་གི་དོན་འཁྱོལ་གནས་ཚུལ་ལ་ལྟ་སྐུལ་ཞིབ་བཤེར་བྱ་ཤུགས་ཆེ་རུ་གཏོང་དགོས།
ལྔ། ཞིང་ལས་སྤྱི་ཚོགས་ཅན་གྱི་ཞབས་ཞུའི་མ་ལག་འཐུས་སྒོ་ཚང་དུ་གཏོང་དགོས། (བཅུ་བདུན )སྤྱི་ཚོགས་ཅན་གྱི་ཞབས་ཞུའི་རྩ་འཛུགས་མང་པོ་སྐྱེད་སྲིང་བྱེད་དགོས། ཤང་གྲོང་གི་ཞིང་འབྲེལ་སྤྱི་པའི་ཞབས་ཞུའི་སྒྲིག་གཞིའི་རྨང་གཞིའི་ཆ་རྐྱེན་འཛུགས་སྐྲུན་གྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་དགོས། ཞིང་ལས་ལག་རྩལ་ཁྱབ་གདལ་དང་། སྲོག་ཆགས་དང་རྩི་ཤིང་གི་རིམས་འགོག ཞིང་ལས་ཐོན་རྫས་ཀྱི་སྤུས་ཀའི་བདེ་འཇགས་ལྟ་སྐུལ་དོ་དམ་སོགས་སྤྱི་པའི་ཞབས་ཞུའི་སྒྲིག་གཞིས་ཞིང་ལས་གཞི་ཁྱོན་འོས་འཚམས་ངང་གཉེར་སྐྱོང་འཕེལ་རྒྱས་ཀྱི་ཞབས་ཞུའི་ཁྱབ་ཁོངས་རྒྱ་ཆེར་གཏོང་རྒྱུར་སྐུལ་མ་གཏོང་དགོས། གཉེར་སྐྱོང་རང་བཞིན་གྱི་ཞབས་ཞུའི་རྩ་འཛུགས་སྣ་ཚོགས་སྐྱེད་སྲིང་ཤུགས་ཆེན་བྱེད་པ་དང་། སོན་བཟང་སོན་མྱུག་གསོ་སྤེལ་དང་། གཅིག་གྱུར་འགོག་བཅོས། ས་དཔྱད་ལུད་སྦྱོར་ལུད་རྒྱག བཙོག་ཆུ་གཅིག་སྡུད་གཙང་སེལ་སོགས་ཞིང་ལས་ཐོན་སྐྱེད་རང་བཞིན་གྱི་ཞབས་ཞུའི་ལས་རིགས་འཕེལ་རྒྱས་ཧུར་ཐག་གཏོང་བ། ཞིང་ལས་ཐོན་རྫས་གློག་རྡུལ་ཚོང་དོན་སོགས་དེང་རབས་འཁོར་རྒྱུག་ཞབས་ཞུའི་ལས་རིགས་འཕེལ་རྒྱས་ཤུགས་ཆེན་གཏོང་བ། འབྲུ་རིགས་སྲོ་སྐམ་དང་། ཞིང་འཕྲུལ་ར་བའི་མཛོད་གུར། མཛོད་ཉར་ཟོག་འགྲེམས་སོགས་ལེ་ལག་ཚང་བའི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་བྱ་རྒྱུར་རྒྱབ་སྐྱོར་བྱེད་དགོས། ཞིང་ལས་ཐོན་རྫས་ལས་སྣོན་རགས་ཙམ་དང་ཞིང་ལས་ཆུ་འདྲེན་གློག་སྤྱོད་ཐད་ཞིང་ལས་ཐོན་སྐྱེད་གློག་སྤྱོད་རིན་གོང་ལག་བསྟར་བྱེད་དགོས། རྫོང་ཚན་པར་བྱས་ནས་ཞིང་ལས་སྤྱི་ཚོགས་ཅན་གྱི་ཞབས་ཞུའི་དཔེ་སྟོན་གསར་གཏོད་བྱེད་སྒོ་སྤེལ་རྒྱུར་སྐུལ་མ་གཏོང་དགོས། སྲིད་གཞུང་གིས་ཞིང་ལས་སྤྱི་ཕན་རང་བཞིན་གྱི་ཞབས་ཞུའི་ཚོད་ལྟ་བྱས་ཏེ་གཉེར་སྐྱོང་རང་བཞིན་གྱི་ཞབས་ཞུའི་རྩ་འཛུགས་ལ་ལྟ་སྐུལ་བྱེད་བདེ་བ་དང་ཚད་འབེབས་ཆོག་པའི་སྤྱི་ཕན་རང་བཞིན་གྱི་ཞབས་ཞུ་ཉོ་རྒྱུར་སྐུལ་མ་གཏོང་དགོས། སྲིད་གཞུང་གིས་ཞིང་ལས་སྤྱི་ཕན་རང་བཞིན་གྱི་ཞབས་ཞུ་ཉོ་བའི་མཛུབ་ཁྲིད་རང་བཞིན་གྱི་དཀར་ཆག་ཞིབ་འཇུག་བྱས་ནས་བཟོ་བ་དང་། ཞབས་ཞུ་ཉོ་བའི་ཚད་གཞིའི་གན་རྒྱ་དང་། ཚད་ལྡན་གོ་རིམ། ལྟ་སྐུལ་ལམ་སྲོལ་བཅས་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་དགོས། ཞིང་དུད་ཀྱི་འགན་གཙང་འབྲེལ་བ་མི་འགྱུར་ལ་ས་ཞིང་འདེབས་མཁན་ཡོད་པའི་ཚབ་གཉེར་ཞབས་ཞུ་བྱེད་སྟངས་འགན་ལེན་བྱེད་པ། འབྲུ་འདེབས་དུད་ཆེན་དང་། ཞིང་འཕྲུལ་དུད་ཆེན། ཞིང་འཕྲུལ་མཉམ་ལས་ཁང་བཅས་ཀྱིས་འགོ་ནས་མཇུག་བར་ཚབ་གཉེར་རམ་ཡང་ན་ཐོན་སྐྱེད་ལྷུ་ཚིགས་གཙོ་བོ་ཚབ་གཉེར་བྱ་རྒྱུར་སྐུལ་མ་བཏང་ནས་གཅིག་གྱུར་རྨོ་ལས་དང་གཞི་ཁྱོན་ཅན་གྱི་ཐོན་སྐྱེད་མངོན་འགྱུར་ཡོང་བ་བྱེད་དགོས། (བཅོ་བརྒྱད ) ལས་རིགས་གསར་པའི་ཞིང་པར་སློབ་གསོ་གསོ་སྦྱོང་བྱེད་དགོས། ཆེད་དོན་འཆར་འགོད་དང་སྲིད་ཇུས་བཟོས་ནས་ལས་རིགས་གསར་པའི་ཞིང་པའི་དཔུང་ཁག་སྟོབས་ཆེར་གཏོང་དགོས། སློབ་གསོ་གསོ་སྦྱོང་གི་ཐོན་ཁུངས་བསྡུ་སྒྲིལ་དང་། ཞིང་ལས་ལས་རིགས་སློབ་གྲྭ་དང་སློབ་གྲྭ་གཞན་དག་གི་ཞིང་འབྲེལ་ཆེད་ལས་ཀྱི་སློབ་གཉེར་ཆ་རྐྱེན་ལེགས་སུ་གཏོང་བ། ཞིང་ལས་ལས་རིགས་སློབ་གསོ་འཕེལ་རྒྱས་མགྱོགས་སུ་གཏོང་བ། དེང་རབས་ཞིང་ལས་ཀྱི་རྒྱང་རིང་སློབ་གསོ་འཕེལ་རྒྱས་ཤུགས་ཆེན་གཏོང་བ་བཅས་བྱེད་དགོས། ལས་རིགས་གསར་པའི་ཞིང་པ་གསོ་སྦྱོང་འདུ་འགོད་ལག་བསྟར་དང་། གཙོ་ཁྲིད་ཐོན་ལས་ལ་དམིགས་ནས་ཞིང་ལས་རྩལ་ནུས་དང་གཉེར་སྐྱོང་གི་ནུས་པ་གསོ་སྐྱོང་དང་གསོ་སྦྱོང་བྱེད་པ། གྲོང་གསེབ་ཀྱི་དངོས་སྤྱོད་ཤེས་ལྡན་སྣེ་ཁྲིད་པ་དཔེ་སྟོན་གསོ་སྐྱོང་གསོ་སྦྱོང་གི་གཞི་ཁྱོན་ཆེ་རུ་གཏོང་བ། ཆེད་ལས་དུད་ཆེན་དང་། ཁྱིམ་ཚང་གི་ཞིང་ར་གཉེར་སྐྱོང་མཁན། ཞིང་པའི་མཉམ་ལས་ཁང་གི་སྣེ་ཁྲིད་པ། ཞིང་ལས་ཁེ་ལས་གཉེར་སྐྱོང་དོ་དམ་མི་སྣ། ཞིང་ལས་སྤྱི་ཚོགས་ཅན་གྱི་ཞབས་ཞུའི་མི་སྣ། ཕ་ཡུལ་དུ་ཕྱིར་ལོག་བྱས་པའི་ཞིང་པ་ལས་མི་གསོ་སྐྱོང་གསོ་སྦྱོང་བྱེད་ཤུགས་བཅས་ཆེ་རུ་བཏང་ནས་གཞོན་ནུ་ཞིང་པ་རྣམས་རྒྱལ་ཁབ་ཀྱི་དངོས་སྤྱོད་ཤེས་ལྡན་པའི་གསོ་སྐྱོང་འཆར་གཞིའི་ནང་འཇོག་དགོས། ལས་རིགས་གསར་པའི་ཞིང་པ་དང་གྲོང་གསེབ་ཀྱི་དངོས་སྤྱོད་ཤེས་ལྡན་པ་གསོ་སྐྱོང་དང་། ཁས་ལེན། རོགས་སྐྱོར་བཅས་ཀྱི་མ་ལག་ཧུར་ཐག་འཛུགས་པ་དང་སྤྱི་ཕན་རང་བཞིན་གྱི་ཞིང་པ་གསོ་སྐྱོང་གསོ་སྦྱོང་ལམ་ལུགས་བཙུགས་ཏེ་ལས་རིགས་གསར་པའི་ཞིང་པ་སྐྱེད་སྲིང་གི་ལམ་ལུགས་འཛུགས་རྒྱུ་འཚོལ་ཞིབ་བྱེད་དགོས། (བཅུ་དགུ )སྒྲུབ་ཚོང་མཉམ་ལས་ཁང་གི་ལེགས་ཆ་དང་ནུས་པ་འདོན་སྤེལ་བྱེད་དགོས། སྒྲུབ་ཚོང་མཉམ་ལས་ཁང་གི་ཕྱོགས་བསྡུས་སྒྱུར་བཅོས་ཚོད་ལྟ་སྐུལ་འདེད་ཏན་ཏིག་གཏོང་བ་དང་། རང་ཉིད་སྒྱུར་བཀོད་དང་ཞིང་པར་ཞབས་འདེགས་ཞུ་བའི་བླང་བྱར་གཞིགས་ནས་སྒྲུབ་ཚོང་མཉམ་ལས་ཁང་དེ་ཉིད་ཞིང་པའི་ཐོན་སྐྱེད་དང་འཚོ་བར་ཞབས་འདེགས་ཞུ་བའི་སྐྱེ་སྟོབས་དམག་དང་ཕྱོགས་བསྡུས་སྟེགས་བུ་ཞིག་སྐྲུན་དགོས། སྒྲུབ་ཚོང་མཉམ་ལས་ཁང་གི་ཞིང་ལས་རྒྱུ་ཆ་གཉེར་སྐྱོང་ཐབས་ལམ་སྤྱོད་པ་དང་། ལས་རིགས་ཀྱི་མཉམ་ལས་གཏིང་ཟབ་ཏུ་གཏོང་བ། རྩལ་དངོས་ཟུང་འབྲེལ་བྱ་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱས་ཏེ་ཞིང་ལས་གཉེར་སྐྱོང་གི་གཙོ་གཟུགས་གསར་པར་ཞབས་འདེགས་ཞུ་དགོས། སྒྲུབ་ཚོང་མཉམ་ལས་ཁང་གི་ཞིང་ལས་ཐོན་རྫས་འཁོར་རྒྱུག་ཁེ་ལས་དང་། ཞིང་ཞོར་ཐོན་རྫས་སྡེབ་ཚོང་ཁྲོམ་ར། དྲ་ཐོག་ཞིང་ལས་གཉེར་སྐྱོང་གཙོ་གཟུགས་གསར་པ་དང་མཐུད་འབྲེལ་བྱ་རྒྱུར་སྐུལ་འདེད་བཏང་ནས་ཞིང་ལས་ཐོན་རྫས་ཐོན་སྐྱེད་དང་། ལས་སྣོན། འཁོར་རྒྱུག་བཅས་ལ་ཞབས་འདེགས་ཞུ་དགོས། གཞི་རིམ་གྱི་སྒྲུབ་ཚོང་མཉམ་ལས་ཁང་གིས་ཞིང་ལས་ཐོན་སྐྱེད་ཀྱི་ལྷུ་ཚིགས་གལ་ཆེན་ལ་དམིགས་ནས་ཞིང་པ་དང་ཞབས་ཞུའི་གྲོས་མཐུན་འཇོག་པ་དང་། མཉམ་ལས་རྣམ་པ་དང་མངགས་ཉོའི་རྣམ་པའི་ཞབས་ཞུ་སྤེལ་བ། ཞབས་ཞུའི་གཞི་ཁྱོན་ཅན་གྱི་ཆུ་ཚད་མཐོ་རུ་གཏོང་བ་བཅས་བྱ་རྒྱུར་སྐུལ་མ་གཏོང་དགོས། ས་ཞིང་གི་གནད་དོན་ནི་ཞིང་པ་དུང་ཕྱུར་མང་པོའི་བདེ་རྩར་ཐུག་པའི་ཁེ་ཕན་དང་འབྲེལ་བ་ཡོད་ལ་སྤྱི་ཡོངས་དང་འབྲེལ་བའང་ཡོད། རིམ་ཁག་ཏང་ཨུད་དང་སྲིད་གཞུང་གིས་གྲོང་གསེབ་ཀྱི་ས་ཞིང་གཉེར་སྐྱོང་དབང་ཆ་གོ་རིམ་ལྡན་པའི་ངང་བརྒྱུད་བཤུག་གཏོང་བ་དང་ཞིང་ལས་གཞི་ཁྱོན་འོས་འཚམ་ངང་གཉེར་སྐྱོང་འཕེལ་རྒྱས་ལ་ཁྲིད་སྟོན་བྱེད་པའི་གལ་ཆེའི་རང་བཞིན་དང་། རྙོག་འཛིང་རང་བཞིན། ཡུན་རིང་རང་བཞིན་བཅས་ལ་ངོས་འཛིན་གང་ལེགས་བྱེད་པ་དང་། རྩ་འཛུགས་ཀྱི་འགོ་ཁྲིད་ལ་ཤུགས་སྣོན་ཏན་ཏིག་རྒྱག་པ། ཀྲུང་དབྱང་གི་སྲིད་ཇུས་དང་རྒྱལ་ཁབ་ཀྱི་བཅའ་ཁྲིམས་དང་ཁྲིམས་སྲོལ་ལ་ནན་པོར་གཞིགས་ཏེ་ལས་དོན་སྒྲུབ་པ། ཁྲིམས་འགལ་སྒྲིག་འགལ་གྱི་བྱེད་སྤྱོད་དུས་ཐོག་ཏུ་ཞིབ་བཤེར་ཐག་གཅོད་ཐུབ་པ་བཅས་བྱེད་དགོས། དོན་དངོས་དང་བསྟུན་རྒྱུ་མཐའ་འཁྱོངས་དང་། བརྟག་དཔྱད་ཞིབ་འཇུག་ལ་ཤུགས་སྣོན། རིགས་དབྱེའི་མཛུབ་ཁྲིད་ཡག་པོ་བྱེད་པ། གྲོང་གསེབ་ཀྱི་སྒྱུར་བཅོས་ཚོད་ལྟ་ཁུལ་དང་དེང་རབས་ཞིང་ལས་དཔེ་སྟོན་ཁུལ་སོགས་བེད་སྤྱོད་གང་ལེགས་བྱས་ནས་ཚོད་ལྟ་བྱེད་པ། གཞི་རིམ་དང་ཞིང་པ་མང་ཚོགས་ཀྱིས་གསར་གཏོད་བྱས་པའི་ཉམས་མྱོང་བཟང་པོ་དང་བྱེད་སྟངས་བཟང་པོ་ཕྱོགས་སྡོམ་ནན་ཏན་བཅས་བྱེད་དགོས། སྲིད་ཇུས་ཀྱི་དྲིལ་བསྒྲགས་བྱེད་ཤུགས་ཆེ་རུ་གཏོང་བ་དང་། སྲིད་ཇུས་ཀྱི་འདུ་ཤེས་བརྟན་པོ་འཛུགས་པ། སྲིད་ཇུས་ཀྱི་བླང་བྱ་སྟངས་འཛིན་གནད་འཁེལ་བྱེད་པ། སྒྱུར་བཅོས་དང་འཕེལ་རྒྱས་ཀྱི་ཁོར་ཡུག་ལེགས་པོ་ཞིག་སྐྲུན་པ་བཅས་བྱེད་དགོས། གྲོང་གསེབ་ཀྱི་གཉེར་སྐྱོང་དོ་དམ་མ་ལག་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་དང་། བབ་བསྟུན་སྒྲིག་གཞིས་གྲོང་གསེབ་ཀྱི་གཉེར་སྐྱོང་ལས་ཀའི་འགན་འཁུར་རྒྱུ་ཁ་གསལ་བཟོས་ནས་བྱ་བ་སྒྲུབ་མཁན་ཡོད་པ་དང་འགན་འཁུར་མཁན་ཡོད་པའི་འགན་ལེན་བྱེད་དགོས། འབྲེལ་ཡོད་སྡེ་ཚན་ཁག་གིས་འགན་འཁྲི་ལས་བགོས་གཞིར་བཟུང་འབྲེལ་ཡོད་ཀྱི་བཅའ་ཁྲིམས་དང་ཁྲིམས་སྲོལ་བཟོ་བཅོས་རྒྱག་པ་དང་འཐུས་ཚང་དུ་གཏོང་རྒྱུ་དམ་འཛིན་བྱེད་པ་དང་། ལས་ཀའི་མཛུབ་ཁྲིད་དང་ཞིབ་བཤེར་ལྟ་སྐུལ་ལམ་ལུགས་འཛུགས་པ། ཁུར་མཉམ་ལེན་དང་དོན་སྤྱི་སྒྲུབ་ཀྱི་ལས་ཀའི་ལམ་སྲོལ་འཐུས་ཚང་དུ་གཏོང་བ། གྲོང་གསེབ་ཀྱི་ས་ཞིང་གཉེར་སྐྱོང་དབང་ཆ་གོ་རིམ་ལྡན་པའི་ངང་བརྒྱུད་བཤུག་བྱ་རྒྱུར་ཁྲིད་སྟོན་བྱེད་པ། ཞིང་ལས་གཞི་ཁྱོན་འོས་འཚམ་ངང་གཉེར་སྐྱོང་དང་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་མ་གཏོང་བ་བཅས་བྱེད་དགོས།
འགན་འཁུར་རྩོམ་སྒྲིག་པ། admin
བོད་ལྗོངས་ཉིན་རེའི་ཚགས་པར་གྱི་པར་དབང་རང་བདག་ཡིན་པས་གན་རྒྱ་དང་དབང་ཆ་སྤྲད་མེད་ཚེ་དྲ་ཐོག་ནས་ཕབ་མི་ཆོག
སྡོད་གནས། བོད་རང་སྐྱོང་ལྗོངས་ལྷ་ས་གྲོང་ཁྱེར་རྡོ་སེང་གེ་ལམ་སྒོ་ཨང་༣༦ སྦྲག་ཨང། ༨༥༠༠༠༠ ཁ་པར། ༠༨༩༡-༦༣༣༡༠༨༩ བརྙན་སྐྱེལ། ༠༨༩༡-༦༣༣༡༠༨༩
བཟོ་མཁན་ལས་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།
ཐོ་བདག་ཨང་། བོད་ICPཐོ་ཨང་༠༩༠༠༠༧༣༣