(2014ལོའི་ཟླ་10པར )
ཀྲང་གོ་ཧྭ་ནི་ང་ཚོས་མིག་ལྟོས་བྱ་ཡུལ་བཟང་པོ་ཞིག་ཡིན། ངེད་དང་དམག་དཔོན་ཀྲང་གོ་ཧྭ་ཐོག་མར་ངོ་ཤེས་དུས་ནི་ལོ་60ཡི་སྔོན་ལ་ཡིན་པ་དང་རྗེས་ལ་མཉམ་དུ་ལས་ཀ་ལོ་17བྱེད་རིང་། ཁོང་གིས་ཏང་ལ་ལྷག་བསམ་རྣམ་དག་ངང་དཀའ་ཚེགས་ཆེ་བའི་ལས་འགན་དང་ལེན་ཐོག་ལེགས་པར་སྒྲུབ་པ་དང་། ཁོང་གིས་དཔའ་ངར་ཞུམ་མེད་ངང་དམག་འཐབ་བྱས་ནས་དཀའ་ཚེགས་ཆེ་བའི་ཕྱག་ལས་ལ་ལོ་བཅུ་གྲངས་ཉིན་གཅིག་ལྟར་རྒྱུན་བསྐྱངས་ནས་གནོང་འགྱོད་གཏན་ནས་མེད་པ། ཁོང་གིས་མི་དམངས་ལ་བློ་གཅིག་སེམས་གཅིག་གིས་ཞབས་འདེགས་ཞུས་ཏེ་མི་དམངས་ཀྱི་ཁེ་ཕན་དུས་དང་རྣམ་པ་ཀུན་ཏུ་ཨང་དང་པོར་བཞག་ནས་རང་ཉིད་ཀྱི་བདེ་སྡུག་ལ་བསམ་བློ་གཏན་ནས་མི་གཏོང་བ། ཁོང་གིས་བློ་མཐུན་གཞན་ལ་མཐུན་སྒྲིལ་དང་། ལས་བྱེད་པར་གཅེས་སྐྱོང་། སྒྲིག་འཛུགས་དང་འགོ་ཁྲིད་བྱེད་མཁས་པོའི་སྒོ་ནས་ཕྱོགས་ཚང་མའི་ཧུར་སེམས་སྐུལ་སློང་བྱེད་པ། ཁོང་གིས་བོད་ཀྱི་ལས་དོན་སྐོར་གྱི་ཀྲུང་དབྱང་གི་སྲིད་ཇུས་དང་བྱེད་ཕྱོགས་ཆེ་མོ་དོན་འཁྱོལ་མཐའ་གཅིག་ཏུ་བྱས་ནས་ཏང་གི་མི་རིགས་འཐབ་ཕྱོགས་གཅིག་གྱུར་དང་ཆོས་ལུགས་སྲིད་ཇུས་ལག་བསྟར་བྱ་རྒྱུར་མིག་དཔེ་བསྟན་ནས་མི་རིགས་ཀྱི་ལས་བྱེད་པ་འཚར་ལོངས་ཡོང་བར་དོ་ཁུར་ཆེན་པོ་བྱས་པ། ཁོང་གིས་སློབ་སྦྱོང་ལ་མཐོང་ཆེན་དང་ལག་ལེན་ནང་ཟབ་ཞུགས་ཀྱིས་དངོས་ཐོག་བདེན་འཚོལ་ཐོག་རྙོག་འཛིང་གི་གནད་དོན་སྣ་ཚོགས་ཐག་གཅོད་འོས་འཚམ་ཡོང་བ་བྱས་པ་བཅས་ཀྲུང་གོའི་གསར་བརྗེ་དང་ལྷག་པར་དུ་བོད་ཀྱི་གསར་བརྗེ་དང་འཛུགས་སྐྲུན་བྱ་གཞག་ལ་སུབ་ཐབས་མེད་པའི་བྱས་རྗེས་བཞག་པ་དང་ཁོང་གིས་བཏོད་པའི “བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས ”ལས་མི་རྣམས་ལ་སྤྱི་ཚོགས་རིང་ལུགས་ཀྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱ་རྒྱུར་འབད་པ་ལྷོད་མེད་བྱེད་པར་སྐུལ་མ་རྒྱུན་མི་ཆད་པར་གཏོང་བཞིན་ཡོད།
དམག་དཔོན་ཀྲང་གོ་ཧྭ་ནམ་ཡང་ང་ཚོའི་སེམས་ནང་དུ་གནས་ཡོད།