(2014ལོའི་ཟླ་4ཚེས་25ཉིན )
2009ལོར་རང་སྐྱོང་ལྗོངས་ཀྱི་སྐབས་གསུམ་པའི་ངལ་རྩོལ་དཔེ་བཟང་བ་དང་སྔོན་ཐོན་ལས་དོན་པར་གཟེངས་བསྟོད་བྱེད་པའི་ཚོགས་ཆེན་འཚོགས་པ་དང་ལྷག་པར་དུ་རང་སྐྱོང་ལྗོངས་ཀྱི་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བརྒྱད་པ་འཚོགས་ཚུན་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སྲ་བརྟན་འགྱུར་མེད་ཀྱི་འགོ་ཁྲིད་འོག་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་ཀྱིས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་དར་ཆ་མཐོན་པོར་སྒྲེང་བ་དང་ཏེང་ཞའོ་ཕིང་གི་རིགས་པའི་གཞུང་ལུགས་དང་། “མཚོན་བྱེད་གསུམ ”གྱི་དགོངས་པ་གལ་ཆེན། ཚན་རིག་དང་མཐུན་པའི་གོང་འཕེལ་ལྟ་བ་བཅས་མཛུབ་ཁྲིད་དུ་བྱས་ནས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་དང་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་གསུམ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་གསུང་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན་དང་ལྷག་པར་དུ “རྒྱལ་ཁབ་སྐྱོང་བར་ངེས་པར་དུ་མཐའ་མཚམས་སྐྱོང་དགོས་པ་དང་མཐའ་མཚམས་སྐྱོང་བར་སྔོན་ལ་བོད་བརྟན་ལྷིང་ཡོང་བ་བྱེད་དགོས་པའི ”འཐབ་ཇུས་གལ་ཆེན་གྱི་དགོངས་པ་དང “འབད་བརྩོན་ཆེན་པོས་བོད་རྒྱུན་སྲིང་བརྟན་ལྷིང་དང་། ཡུན་རིང་བརྟན་ལྷིང་།
ཁྱོན་ཡོངས་ནས་བརྟན་ལྷིང་བཅས་ཡོང་བ་བྱེད་དགོས་པ ”དང “བོད་ཡུན་རིང་བདེ་འཁོད་ཡོང་རྒྱུའི་འགན་ལེན་དང་མཐའ་མཚམས་ས་ཁུལ་བདེ་འཇགས་བརྟན་ལྷིང་ཡོང་རྒྱུའི་འགན་ལེན་བྱེད་དགོས ”ཞེས་པའི་མཛུབ་སྟོན་གལ་ཆེན་ལག་བསྟར་དོན་འཁྱོལ་བྱེད་པ། ཀྲུའུ་ཞི་ཡུས་ཀྲེང་ཧྲེང་གི “ཁྲིམས་ལྟར་བོད་བཅོས་སྐྱོང་བྱེད་པ་དང་། ཡུན་རིང་བོད་འཛུགས་སྐྲུན་བྱེད་པ། མི་སེམས་ཐོབ་པ་བྱེད་པ། རྨང་གཞི་བརྟན་པོ་འདིང་བ ”བཅས་ཀྱི་མཛུབ་སྟོན་བླང་བྱ་ལག་བསྟར་དོན་འཁྱོལ་བྱས་ནས “ལྟེ་བ་གཅིག་དང་། དོན་ཆེན་གཉིས། འགན་ལེན་བཞི ”བཅས་ལ་དམ་པོར་དམིགས་ཏེ་ཐབས་བརྒྱ་ཇུས་སྟོང་གིས་འཕེལ་རྒྱས་ལ་དམ་འཛིན་དང་། ནུས་ཤུགས་ཡོད་རྒུས་བརྟན་ལྷིང་འགན་ལེན། སེམས་ནུས་གང་ཡོད་ཀྱིས་དམངས་འཚོར་ཁེ་ཕན་སྐྲུན་པ་བཅས་བྱས་པས་རང་ལྗོངས་ཀྱི་ཚན་རིག་དང་མཐུན་པའི་འཕེལ་རྒྱས་དང་། ཞི་མཐུན་བརྟན་ལྷིང་། དམངས་འཚོ་ལེགས་གཏོང་། མི་རིགས་མཐུན་སྒྲིལ། ཆོས་ལུགས་འཆམ་མཐུན། རིག་གནས་དར་རྒྱས། སྣོད་བཅུད་བཟང་པོ། ཏང་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་བཅས་ཀྱི་རྣམ་པ་གསར་པ་ཞིག་གཏོད་པ་དང་སྤྱི་ཚོགས་རིང་ལུགས་ཀྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱེད་པའི་དུས་རབས་ཀྱི་ལེའུ་གསར་པ་ཞིག་བརྩམས་པ་རེད། རང་ལྗོངས་ཀྱི་འབྱོར་འབྲིང་སྤྱི་ཚོགས་སྒོ་ཀུན་ནས་སྐྲུན་ཐུབ་པ་བྱེད་པ་དང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་ལ་སྐུལ་འདེད་མགྱོགས་སུ་གཏོང་བའི་རླབས་ཆེན་ལག་ལེན་ཁྲོད་ལས་རིགས་ཁག་ཏུ་ལངས་ཕྱོགས་བརྟན་པོ་དང་། སྤྱོད་ཚུལ་བཟང་པོ། ལས་གཅེས་ལས་བཀུར། དཀའ་སྤྱད་འབད་འཐབ། མཐུན་སྒྲིལ་འབད་འབུངས། གསར་གཏོད་བྱེད་ཕོད་པ་བཅས་མ་ཟད། གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ་དང་ལེགས་སྐྱེས་མངོན་གསལ་དོད་པོ་འབུལ་ལ་དུས་རབས་ཀྱི་ཁྱད་ཆོས་ཀྱང་ལྡན་པའི་སྔོན་ཐོན་དང་དཔེ་བཟང་གི་མི་སྣ་འབོར་ཆེན་ཐོན་ཡོད།
སྔོན་ཐོན་ལ་གཟེངས་བསྟོད་བྱེད་པ་དང་མིག་དཔེ་གཏོད་ནས་ངལ་རྩོལ་དཔེ་བཟང་གི་སྙིང་སྟོབས་དར་སྤེལ་གཏོང་བ་དང་དྲང་ནུས་ཧ་ཅང་ཆེན་པོ་བརྒྱུད་སྤྲོད་བྱས་ཏེ་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་ངལ་རྩོལ་སྤྲོ་སེམས་དང་གསར་གཏོད་ཀྱི་སྤྲོ་སེམས་སྔར་བས་སྐུལ་སློང་གིས་སྒྱུར་བཅོས་ལ་རྒྱབ་སྐྱོར་ཧུར་ཐག་དང་། འཕེལ་རྒྱས་ལ་སྐུལ་གཏོང་ཧུར་ཐག བརྟན་ལྷིང་སྲུང་སྐྱོང་མཐའ་གཅིག་ཏུ་བཅས་བྱས་ཐོག་བོད་ཀྱི་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་དང་ཡུན་རིང་བདེ་འཁོད་ལ་སྐུལ་འདེད་གཏོང་ཕྱིར་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་བུ་བསོད་ནམས་སོགས་བློ་མཐུན་107ལ “བོད་རང་སྐྱོང་ལྗོངས་ཀྱི་སྐབས་བཞི་པའི་ངལ་རྩོལ་དཔེ་བཟང ”གི་མཚན་སྙན་དང་། བདེ་སྐྱིད་གཡང་འཛོམས་སོགས་བློ་མཐུན་43ལ “བོད་རང་སྐྱོང་ལྗོངས་ཀྱི་སྐབས་བཞི་པའི་སྔོན་ཐོན་ལས་དོན་པའི ”མཚན་སྙན་སྤྲོད་རྒྱུའི་གཏན་འབེབས་བྱས་པ་རེད། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་རང་སྐྱོང་ལྗོངས་ཀྱི་སྐབས་བཞི་པའི་ངལ་རྩོལ་དཔེ་བཟང་བ་དང་སྔོན་ཐོན་ལས་དོན་པའི་གཟི་བརྗིད་མཚན་སྙན་ཐོབ་མཁན་བློ་མཐུན་ཚོས་ཁེངས་སྐྱུང་གཟབ་ནན་དང་། ཡང་འབད་བསྐྱར་འབད། ལས་གཅེས་ལས་བཀུར། སྒེར་སེམས་མེད་པར་ལེགས་སྐྱེས་འབུལ་བ་བཅས་བྱས་ཏེ་ཐོག་མཐའ་བར་གསུམ་དུ་ཀྲུང་གོའི་ལམ་བུ་མཐའ་འཁྱོངས་བྱེད་མཁན་རྐང་འཛིན་དང་། ཀྲུང་གོའི་སྙིང་སྟོབས་དར་སྤེལ་གཏོང་མཁན་མིག་དཔེ། ཀྲུང་གོའི་སྟོབས་ཤུགས་གཅིག་སྒྲིལ་བྱེད་མཁན་ཀ་བ་ལྟ་བུ་བཅས་བྱེད་པ་དང་། ཐོག་མཐའ་བར་གསུམ་དུ་ཀྲུང་གོའི་ཁྱད་ཆོས་དང་བོད་ཀྱི་དམིགས་བསལ་ཁྱད་ཆོས་ལྡན་པའི་འཕེལ་རྒྱས་ཀྱི་ལམ་བུའི་ཐོག་བསྐྱོད་དེ་བོད་ཀྱི་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་དང་ཡུན་རིང་བདེ་འཁོད་ལ་སྐུལ་འདེད་ཤུགས་ཆེན་གཏོང་མཁན་ལག་ལེན་པ་དང་སྐུལ་གཏོང་པ་བྱ་རྒྱུ་མཐའ་འཁྱོངས་བྱས་ནས་དཔེ་བཟང་གི་དཔེ་སྟོན་ནུས་པ་མུ་མཐུད་འདོན་སྤེལ་བྱེད་པ་དང་རྒྱུན་ཆད་མེད་པར་སྔར་ལས་ལྷག་པའི་ལེགས་སྐྱེས་གསར་པ་འབུལ་དགོས་པའི་རེ་བ་ཡོད།
རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ལ་ངལ་རྩོལ་དཔེ་བཟང་བ་དང་སྔོན་ཐོན་ལས་དོན་པ་མིག་དཔེར་བྱས་ནས་ཁོང་ཚོའི་ལངས་ཕྱོགས་བརྟན་པོ་དང་དད་སེམས་བརྟན་པོའི་ཆབ་སྲིད་ཀྱི་ཀུན་སྤྱོད་ལ་སློབ་སྦྱོང་བྱས་ནས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་བུའི་རང་ཡིད་རང་ཆེས་དང་། རིགས་པའི་གཞུང་ལུགས་ཀྱི་རང་ཡིད་རང་ཆེས། ལམ་ལུགས་ཀྱི་རང་ཡིད་རང་ཆེས་བཅས་རྒྱུན་ཆད་མེད་པར་ཆེ་རུ་བཏང་ཐོག་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་སྲ་བརྟན་འགྱུར་མེད་ཀྱི་དད་ལྡན་པ་ཞིག་བྱ་རྒྱུའི་བརྩོན་ལེན་བྱེད་པ་དང་། ཁོང་ཚོའི་སྤྱོད་བཟང་ལ་དད་མོས་དང་། དགེ་ལས་སྒྲུབ་པ། ལེགས་སྐྱེས་འབུལ་བར་འདོད་པ་བཅས་ཀྱི་བླ་ན་མེད་པའི་གཤིས་རྒྱུད་ལ་སློབ་སྦྱོང་བྱས་ནས་འབྱོར་ཕྱུག་དང་། དམངས་གཙོ། ཤེས་དཔལ། ཞི་མཐུན་བཅས་དང་། རང་མོས་དང་། འདྲ་མཉམ། གཞུང་དྲང་། ཁྲིམས་སྐྱོང་བཅས་དང་། རྒྱལ་གཅེས་དང་། ལས་བཀུར། ཁ་དན་ཚིག་གནས། མཛའ་གྲོགས་འཆམ་མཐུན་བཅས་རྒྱུན་འཛིན་ཧུར་ཐག་བྱས་ནས་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བའི་ལག་ལེན་པ་ཞིག་བྱ་རྒྱུའི་བརྩོན་ལེན་བྱེད་པ། ཁོང་ཚོའི་དུས་བསྟུན་འཕེལ་རྒྱས་དང་གསར་གཏོད་བྱེད་ཕོད་པའི་གསར་གཏོད་སྙིང་སྟོབས་ལ་སློབ་སྦྱོང་བྱས་ནས་རི་གཤགས་ལམ་གཏོད་ཀྱི་ངར་ཤུགས་དང་སྟོབས་ཤུགས་ཡོད་རྒུ་འདོན་པའི་སྙིང་སྟོབས་ཐོག་ནས་སྒྱུར་བཅོས་ཁག་ནང་ཧུར་ཐག་ཞུགས་ཏེ་བོད་ཀྱི་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་ཀྱི་སྐུལ་གཏོང་པ་ཞིག་བྱ་རྒྱུའི་བརྩོན་ལེན་བྱེད་པ། ཁོང་ཚོའི་དར་ཆ་གསལ་སྟོན་དང་འཐབ་རྩོད་བྱེད་ཕོད་པའི་འགན་ཁུར་འདུ་ཤེས་ལ་སློབ་སྦྱོང་བྱས་ནས་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་རྩ་དོན་གྱི་གནད་དོན་གལ་ཆེན་དེའི་མདུན་དུ་ཐོག་མཐའ་བར་གསུམ་དུ་དར་ཆ་གསལ་སྟོན་དང་། ལངས་ཕྱོགས་བརྟན་པོ། ངོས་འཛིན་གཅིག་གྱུར། ཕྱི་ནང་གཅིག་མཚུངས། རྣམ་འགྱུར་སྲ་བརྟན། གོམ་སྟབས་གཅིག་མཐུན་བཅས་བྱས་ནས་བོད་ཀྱི་ཡུན་རིང་བདེ་འཁོད་དང་མཐའ་མཚམས་ས་ཁུལ་གྱི་བདེ་འཇགས་བརྟན་ལྷིང་གི་སྲུང་སྐྱོབ་པ་ཞིག་བྱ་རྒྱུའི་བརྩོན་ལེན་བྱེད་པ། ཁོང་ཚོའི་ལས་གཅེས་ལས་བཀུར་དང་རྩེ་གྲས་གཏོད་རྒྱུའི་བརྩོན་ལེན་བྱེད་པའི་ཏན་ཏིག་གི་སྤྱོད་ཚུལ་ལ་སློབ་སྦྱོང་བྱས་ནས་གང་བྱས་དེ་དགའ་དང་ལས་ལ་བརྩོན་ལ་བྱང་ཆུབ་པ་ཡོང་བ་བྱས་ཏེ་དངོས་སྒྲུབ་བོད་དར་གྱི་ལས་གཏོད་པ་བྱ་རྒྱུའི་བརྩོན་ལེན་བྱེད་པ། ཁོང་ཚོའི་དཀའ་སྤྱད་འབད་འཐབ་དང་བློ་ཁོག་ཆེན་པོས་ཡར་རྒྱས་བརྩོན་ལེན་བྱེད་པའི་ཉམས་འགྱུར་བཟང་པོར་སློབ་སྦྱོང་བྱས་ནས་ཆབ་སྲིད་ལ་ཁྱད་པར་སྣང་ཆེན་དང་། གསར་གཏོད་ཁྱད་པར་ཐུབ་པ། སྡུག་བསྲན་ཁྱད་པར་ཐེག་པ། འགན་འཁྲི་ཁྱད་པར་འཁུར་བ། ལེགས་སྐྱེས་ཁྱད་པར་འབུལ་བ་བཅས་བྱས་ཏེ “བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས ”ཀྱི་རྒྱུན་འཛིན་པ་ཞིག་བྱ་རྒྱུའི་བརྩོན་ལེན་བཅས་བྱས་ཐོག་བློ་མཐུན་ཞིས་ཅིན་ཕིང་གིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་དམ་ཟབ་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་གསུང་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན་དང་། ལྷག་དོན་དུ་བོད་ཀྱི་ལས་དོན་སྐོར་གྱི་འཐབ་ཇུས་གལ་ཆེན་གྱི་དགོངས་པ་དང་། ལས་ཀའི་དམིགས་ཚད་གལ་ཆེན། མཛུབ་ཁྲིད་བྱེད་ཕྱོགས་གལ་ཆེན་བཅས་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ནས་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་འགོ་ཁྲིད་འོག་སྔར་བས་སྲ་བརྟན་གྱི་ཕུགས་བསམ་དད་སེམས་དང་། སྔར་བས་རང་དོན་རྒྱབ་བསྐྱུར་གྱི་ངལ་རྩོལ་སྤྲོ་སེམས། སྔར་བས་དངོས་སྒྲུབ་ཀྱི་ལས་ཀའི་སྤྱོད་ཚུལ་བཅས་ཀྱི་ཐོག་ནས་བློ་གཅིག་སེམས་གཅིག་ངང་འབྱོར་ཕྱུག་དང་། ཞི་མཐུན། བདེ་སྐྱིད། ཁྲིམས་སྐྱོང་། ཤེས་དཔལ། མཛེས་སྡུག་ལྡན་པ་བཅས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱེད་པ་དང་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་ཡོང་བ་བྱེད་པའི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་ཡོང་བ་བྱ་ཕྱིར་འབད་འཐབ་ལྷོད་མེད་བྱེད་དགོས་པའི་འབོད་སྐུལ་བྱས་པ་རེད།