དབུ་ཤོག>སྲིད་དོན།>སྲིད་གཞུང་ཡིག་ཆ།
  • སློབ་གྲྭ་ཆེ་མོའི་དམིགས་བསལ་དབུལ་པོའི་སློབ་མར་སྡེབ་གཅིག་ལ་རོགས་དངུལ་སྤྲོད་རྒྱུའི་སྲིད་ཇུས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།   |     སྤེལ་དུས།  2015-05-09

        མཐོ་རིམ་སློབ་ཆེན་དུ་ཡིག་རྒྱུགས་ལོན་པའི་ཞིང་པ་དང་འབྲོག་པའི་དམིགས་བསལ་དབུལ་པོའི་དུད་ཚང་གི་བུ་ཕྲུག་དང་། གྲོང་རྡལ་གྱི་མ་མཐའི་འཚོ་བའི་འགན་སྲུང་གི་ཐོབ་ཐང་ཡོད་པའི་དུད་ཚང་གི་བུ་ཕྲུག ཁེ་ལས་ཀྱི་དམིགས་བསལ་དབུལ་པོའི་ལས་བཟོའི་བུ་ཕྲུག་བཅས་ལ་སྡེབ་གཅིག་ལ་རོགས་དངུལ་སྤྲོད་རྒྱུ་ཡིན། དེའི་ནང་ནས་ལྗོངས་ཕྱིའི་གཙོ་གནད་སློབ་ཆེན་དུ་ཡིག་རྒྱུགས་ལོན་པའི་དངོས་ཚན་སློབ་མར་སྡེབ་གཅིག་ལ་རོགས་དངུལ་སྒོར་5000སྤྲོད་རྒྱུ་དང་། ལྗོངས་ཕྱིའི་སྤྱིར་བཏང་མཐོ་རིམ་སློབ་ཆེན་གྱི་དངོས་ཚན་དང་ཆེད་ཚན་གྱི་སློབ་མར་སྡེབ་གཅིག་ལ་རོགས་དངུལ་སྒོར་4000སྤྲོད་རྒྱུ། ལྗོངས་ནང་ཁུལ་གྱི་མཐོ་རིམ་སློབ་ཆེན་དུ་ཡིག་རྒྱུགས་ལོན་པའི་དངོས་ཚན་དང་ཆེད་ཚན་གྱི་སློབ་མར་སྡེབ་གཅིག་ལ་རོགས་དངུལ་སྒོར་1000 སྤྲོད་རྒྱུ་བཅས་ཡིན།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།