དབུ་ཤོག>སྲིད་དོན།>སྲིད་གཞུང་ཡིག་ཆ།
  • གྲོང་ཚོ་རིམ་པའི་སྲོག་ཆགས་ཀྱི་རིམས་འགོག་སྨན་པའི་ཁ་གསབ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།   |     སྤེལ་དུས།  2015-05-09

        1. གཞི་རྩའི་གླ་ཆ། མི་རེར་ཟླ་རེར་སྒོར་300དང (དེ་སྔའི་ཁ་གསབ་གྲངས་ཚུད )ལོ་ཧྲིལ་པོར་སྒོར་3600ཡིན།

        2. གྲོང་ཚོ་རིམ་པའི་སྲོག་ཆགས་ཀྱི་རིམས་འགོག་སྨན་པའི་ཞབས་ཞུ་བྱ་དགའི་ཁ་གསབ་རོགས་དངུལ་ནི། འགན་འཁྲི་ནན་ཏན་འཁུར་མཁན་དང་སྲོག་ཆགས་རིམས་འགོག་ཞབས་ཞུའི་ལས་ཀ་ཡག་པོ་སྒྲུབ་མཁན་གྲོང་ཚོ་རིམ་པའི་སྲོག་ཆགས་ཀྱི་རིམས་འགོག་སྨན་པར་དཔྱད་བསྡུར་བྱས་ནས་ཚད་གཞི་ལོན་རྗེས། རང་སྐྱོང་ལྗོངས་ཀྱི་གཤམ་སྤྲོད་བྱས་པའི་སྤྱིར་བཏང་རང་བཞིན་གྱི་མ་དངུལ་སྒྱུར་སྤྲོད་བྱས་པའི་ནང་ནས་ཞིང་ལས་རྫོང (ས་མ་འབྲོག་གི་རྫོང་ཚུད )དང་འབྲོག་ལས་ཁེར་རྐྱང་རྫོང་རིགས་གཉིས་སུ་དབྱེ་ནས་ཁག་སོ་སོར་ཞིང་འབྲོག་མང་ཚོགས་མི་རེར་ཆ་སྙོམས་སྒོར་2དང་སྒོར་4ལ་གཞིགས་ནས་གྲོང་ཚོ་རིམ་པའི་སྲོག་ཆགས་ཀྱི་རིམས་འགོག་སྨན་པའི་ཞབས་ཞུའི་བྱ་དགའི་ཁ་གསབ་མ་དངུལ་བཀོད་སྒྲིག་བྱས་ཐོག་ལོ་མཇུག་ཏུ་ཐེངས་གཅིག་རང་ལ་བྱ་དགའི་ཁ་གསབ་གྲོང་ཚོ་རིམ་པའི་སྲོག་ཆགས་ཀྱི་རིམས་འགོག་སྨན་པར་སྤྲོད་རྒྱུ།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།