ཤང་དུ་ཡོད་པའི་དམག་ལོག་རྙིང་པ (ཞེས་པ་ནི་1937ལོའི་ཟླ་7 ཚེས་6ནས་1954 ལོའི་ཟླ་10ཚེས་31 ཉིན་བར་འོས་འགན་དམག་ཞབས་ཚོད་ལྟ་མ་བྱས་གོང་པཱ་ལུའུ་ཅུན་དང་ཤིན་སི་ཅུན་བྱང་ཤར་རི་འགོག་མཉམ་འབྲེལ་དམག་དཔུང། ཀྲུང་གོ་གུང་ཁྲན་ཏང་གིས་འགོ་ཁྲིད་བྱས་པའི་ལས་བྲལ་ངེས་མེད་རྒོལ་རྡུང་རུ་ཁག བཅིངས་འགྲོལ་དམག ཀྲུང་གོ་མི་དམངས་དང་བླངས་དམག་སོགས་ལ་ཞུགས་ཤིང་། དམག་ལོག་ལག་ཁྱེར་རམ་རྩ་འཛུགས་ནས་ས་གནས་སུ་ལོག་རྒྱུའི་ཆོག་མཆན་ཐོབ་པའི་ཤང་དུ་ཡོད་པའི་མི་སྣར་ཟེར )ཟླ་རེར་འཚོ་བའི་ཁ་གསབ་རོགས་དངུལ་སྒོར་472ཡོད (བོད་དམངས་སྤེལ [2002]ཡིག་ཨང་220པ་གཞིར་བཟུང་2002ལོར་ཟླ་རེའི་རོགས་དངུལ་ཚད་གཞི་སྒོར་ 70 ཡིན་པ་དང་དེའི་རྨང་གཞིའི་ཐོག་ལོ་རིམ་པ་བྱས་ནས་སྤར་བ་ཁྱོན་སྒོར་402ཡིན་པས་བསྡོམས་ན་སྒོར་472ཡོད )དམངས་སྤེལ [2012]ལོའི་ཡིག་ཨང་163པའི་དགོངས་དོན་གཞིར་བཟུང་ནས་ཤང་དུ་ལོག་པའི་དམག་ལོག་དང་། གྲོང་གསེབ་དང་གྲོང་རྡལ་དུ་ལས་ཀའི་ཚན་པ་མེད་པའི་ཐོག་ཁྱིམ་ཚང་གི་འཚོ་བར་དཀའ་ངལ་ཡོད་པའི་དམག་ལ་ཞུགས་ནས་དམག་ཞབས་ཐིམས་པའི་དམག་མི། དབང་སྐྱོན་ལ་མ་ཚུད་པ་དང་ན་ནས་ཤང་དུ་ལོག་པའི་དམག་ལོག་གི་འཚོ་བའི་ཁ་གསབ་སྤྲོད་རྒྱུའི་ཆ་རྐྱེན་མ་ཚང་ཡང་ནད་ཀྱི་མནར་བའམ་ཡང་ན། འཚོ་བར་དཀའ་ངལ་ཡོད་པའི་གྲོང་གསེབ་ཀྱི་དམག་ལོག་བཅས་ལ་མི་རེར་ཟླ་རེར་འཚོ་སྣོན་ཚད་གཞི་སྒོར་285 ལས་མི་ཉུང་བ་སྤྲོད་རྒྱུ།