དབུ་ཤོག>སྲིད་དོན།>སྲིད་གཞུང་ཡིག་ཆ།
  •  བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ལས་དོན་སྙན་སྒྲོན།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།   |     སྤེལ་དུས།  2015-05-09
    བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན། པད་མ་འཕྲིན་ལས།

        རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་པད་མ་འཕྲིན་ལས་ཀྱིས་རྒྱུན་ལས་ཨུ་ལྷན་གྱི་ལས་དོན་སྙན་སྒྲོན་གནང་བའི་གནས་ཚུལ་ཡིན་པ།

        འཐུས་མི་རྣམ་པ།

        རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་བཀའ་མངགས་ལྟར་ངས་ཚོགས་ཆེན་ལ་ལས་དོན་སྙན་སྒྲོན་ཞུ་རྒྱུ་ཡིན་པས་གྲོས་ཞིབ་གནང་རོགས། 2013ལོར་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱིས་ལྗོངས་ཏང་ཨུད་ཀྱི་ཡང་དག་པའི་དབུ་ཁྲིད་འོག ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་དར་ཆ་མཐོན་པོར་བསྒྲེངས་ནས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་དང་། སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་གསུམ་པའི་དགོངས་དོན་སློབ་སྦྱོང་ལག་བསྟར་གཏིང་ཟབ་བྱས་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞིའི་ཅིན་ཕིང་གི་གལ་ཆེའི་གསུང་བཤད་རབ་དང་རིམ་པ་དང་། བོད་ཀྱི་ལས་དོན་སྐོར་གྱི་གལ་ཆེའི་མཛུབ་སྟོན་རབ་དང་རིམ་པའི་དགོངས་དོན། ལྷག་པར་དུ “རྒྱལ་ཁབ་སྐྱོང་བར་ངེས་པར་དུ་མཐའ་མཚམས་སྐྱོང་དགོས་པ་དང་། མཐའ་མཚམས་སྐྱོང་བར་སྔོན་ལ་བོད་ལྗོངས་བརྟན་ལྷིང་ཡོང་བ་བྱེད་དགོས་པའི ”གལ་ཆེའི་ཐབས་ཇུས་ཀྱི་དགོངས་པ་སློབ་སྦྱོང་ལག་བསྟར་ནན་ཏན་བྱས་པ། ཀྲུའུ་ཞི་ཡུས་ཀྲེང་ཧྲེང་གི “བོད་ལྗོངས་ཁྲིམས་བཞིན་སྐྱོང་བ་དང་བོད་ལྗོངས་ཡུན་རིང་འཛུགས་སྐྲུན་བྱེད་རྒྱུའི ”མཛུབ་སྟོན་བླང་བྱ་སློབ་སྦྱོང་ལག་བསྟར་བཅས་བྱས་ཏེ་ཏང་གི་མང་ཚོགས་ལམ་ཕྱོགས་ཀྱི་སློབ་གསོ་ལག་ལེན་བྱེད་སྒོ་གཏིང་ཟབ་སྤེལ་བ་དང་། ཀྲུང་དབྱང་གི་དགོངས་དོན་དང་ལྗོངས་ཏང་ཨུད་ཀྱི་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་མཐའ་གཅིག་ཏུ་བྱས་ཏེ་གོང་འཕེལ་དང་བརྟན་ལྷིང་ལ་དམིགས་ཐོག ཁྲིམས་ལྟར་འགན་དབང་སྤྱད་དེ་ལམ་བཤངས་གསར་གཏོད་ཟམ་མི་ཆད་པ་བྱས་པས་ལས་དོན་ཁག་ལ་གོང་འཕེལ་གསར་པ་བྱུང་བ་དང་མཆོང་སྐྱོད་ལྟ་བུའི་གོང་འཕེལ་དང་ཡུན་རིང་བདེ་འཁོད་ཡོང་བར་འགན་ལེན་ཤུགས་ཆེ་བྱས་ཡོད།

        གཅིག ཆབ་སྲིད་ཀྱི་ཁ་ཕྱོགས་བརྟན་བཟུང་གིས་དམངས་གཙོ་ཁྲིམས་ལུགས་འཛུགས་སྐྱོང་བྱེད་རྒྱུར་སྐུལ་འདེད་བཏང་བ། རྒྱུན་ལས་ཨུ་ལྷན་གྱིས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་དང་། སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་གསུམ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་རྒྱུ་དང་ཟུང་འབྲེལ་དམ་ཟབ་བྱས་ཏེ་མང་ཚོགས་ལམ་ཕྱོགས་ཀྱི་སློབ་གསོ་ལག་ལེན་བྱེད་སྒོ་གཏིང་ཟབ་སྤེལ་བ་དང་། བོད་ཀྱི་དོན་དངོས་དང་མི་དམངས་འཐུས་ཚོགས་ཀྱི་གནས་བབ་ལ་བསྟུན་ཏེ་མི་དམངས་འཐུས་ཚོགས་ཀྱི་ལས་ཀའི་སྤྱིའི་བླང་བྱ་དང་། དམིགས་ཚད། ལས་འགན་བཅས་སྔར་བས་ཁ་གསལ་བཟོས་ཐོག དེས་མི་དམངས་འཐུས་ཚོགས་སྐབས་བཅུ་པའི་ལས་དོན་ཁག་ལ་སྤྱི་འདོམས་བྱས་ནས་ཐོག་མཐའ་བར་གསུམ་དུ་ཡང་དག་པའི་ཆབ་སྲིད་ཀྱི་ཁ་ཕྱོགས་བརྟན་པོ་མཐའ་འཁྱོངས་ཀྱིས་དམངས་གཙོ་ཁྲིམས་ལུགས་འཛུགས་སྐྱོང་བྱེད་རྒྱུར་སྐུལ་འདེད་ཟམ་མི་ཆད་པ་བཏང་ནས་མི་དམངས་རང་ཁྱིམ་རང་བདག་བྱེད་པའི་དབང་ཆ་མངོན་གྱུར་ཡོང་བ་བྱས་ཡོད།

        གཅིག་ནི་ཏང་གི་འགོ་ཁྲིད་མཐའ་འཁྱོངས་བྱས་པ། རང་རྟོགས་ངང་ཏང་ཨུད་ཀྱི་འགོ་ཁྲིད་མཐའ་འཁྱོངས་དང་དེར་རྒྱབ་བརྟེན་བཅོལ་རྒྱུ་དེ་མི་དམངས་འཐུས་ཚོགས་དང་དེའི་རྒྱུན་ལས་ཨུ་ལྷན་གྱིས་འགན་དབང་ལག་བསྟར་བྱེད་རྒྱུའི་གནས་བབ་ཨང་དང་པོར་བཞག་པ་དང་། མི་དམངས་འཐུས་ཚོགས་ཀྱི་ལས་དོན་དེ་ལྗོངས་ཏང་ཨུད་ཀྱི་ལས་དོན་སྤྱི་ཡོངས་ནང་བཞག་ནས་འཆར་འགོད་དང་སྐུལ་འདེད་བཏང་ཐོག ཀྲུང་དབྱང་དང་ལྗོངས་ཏང་ཨུད་ཀྱི་ཐབས་ཇུས་བཀོད་སྒྲིག་ཁག་ལག་བསྟར་དོན་འཁྱོལ་མཐའ་གཅིག་ཏུ་བྱས་ནས་གལ་ཆེའི་གནས་ཚུལ་དང་གནད་དོན། དེ་བཞིན་གལ་ཆེའི་ལས་དོན་བཀོད་སྒྲིག་བྱེད་རྒྱུ་བཅས་དུས་ཐོག་ཏུ་ལྗོངས་ཏང་ཨུད་ལ་དགོངས་སྐོར་སྙན་སེང་ཞུ་རྒྱུ་མཐའ་འཁྱོངས་དང་། ཏང་གིས་ལས་བྱེད་པར་དོ་དམ་བྱེད་པའི་རྩ་དོན་དང་མི་དམངས་འཐུས་ཚོགས་ཀྱིས་ཁྲིམས་བཞིན་མི་དོན་བསྐོ་འཐེན་བྱེད་རྒྱུ་ཟུང་འབྲེལ་ནུས་ལྡན་མཐའ་འཁྱོངས་བ་བྱས་ཏེ་ཏང་གི་འདོད་ཚུལ་དེ་ཁྲིམས་འཁོད་གོ་རིམ་བརྒྱུད་ནས་རྒྱལ་ཁབ་ཀྱི་དགོངས་དོན་དང་མི་དམངས་ཀྱི་བསམ་འདུན་དུ་གྱུར་བ་དང་། ཏང་རྩ་འཛུགས་ཀྱིས་འོས་སྦྱོར་བྱས་པའི་འོས་མི་དེ་ཁྲིམས་འཁོད་གོ་རིམ་བརྒྱུད་ནས་ས་གནས་ཀྱི་རྒྱལ་ཁབ་དབང་འཛིན་ལས་ཁུངས་ཀྱི་འགོ་ཁྲིད་མི་སྣར་གྱུར་བའི་འགན་ལེན་བྱས་ཡོད། ལོ་གཅིག་རིང་རྒྱལ་ཁབ་ལས་ཁུངས་ཀྱི་ལས་བྱ་བསྡོམས་མི་གྲངས (ཐེངས )330བསྐོ་འཐེན་བྱས་ཡོད།

        གཉིས་ནི་མང་ཚོགས་ལམ་ཕྱོགས་ལག་བསྟར་བྱས་པ། མང་ཚོགས་ལམ་ཕྱོགས་དེ་མཐའ་མཚམས་སྐྱོང་ཞིང་བོད་ལྗོངས་བརྟན་ལྷིང་ཡོང་བ་དང་། མི་དམངས་འཐུས་ཚོགས་ཀྱི་འགན་འཁྲི་སྒྲུབ་པའི་སྲོག་རྩ་དང་གཞི་རྩའི་ལས་ཀའི་ལམ་ཕྱོགས་སུ་བརྩིས་ནས་སློབ་གསོ་ལག་བསྟར་བྱེད་སྒོ་གཏིང་ཟབ་སྤེལ་ཞིང་། གཏན་འཁེལ་གྱི་བྱེད་སྒོ་འཕྱུགས་མེད་སྤེལ་བ་དང་རང་འདེམས་བྱེད་སྒོར་ཁྱད་ཆོས་ལྡན་པ་བྱས་ཏེ་མང་ཚོགས་ཀྱི་དོ་ཁུར་ཆེ་བའི་དཀའ་ངལ་དང་གནད་དོན་རིགས་40ལྷག་ཙམ་མཐུན་སྦྱོར་བྱས་ནས་ཐག་གཅོད་བྱས་པ་དང་། སྤྱོད་ཚུལ་དང་སྒྲིག་སྲོལ་དམ་ནན་དུ་བཏང་ཞིང་ནུས་པ་རྒྱུན་ཐོན་གྱི་ལམ་སྲོལ་འཐུས་ཚང་དུ་བཏང་བ་བཅས་བྱས་པས་གལ་ཆེའི་ལག་ལེན་གྱི་གྲུབ་འབྲས་དང་། ལམ་ལུགས་ཀྱི་གྲུབ་འབྲས། རིགས་པའི་གཞུང་ལུགས་ཀྱི་གྲུབ་འབྲས་བཅས་ཐོབ་ཡོད། མི་རྩ་བར་འཛིན་རྒྱུ་དང་བློ་གཅིག་སེམས་གཅིག་གིས་མི་དམངས་ལ་ཞབས་འདེགས་ཞུ་རྒྱུ་མཐའ་འཁྱོངས་བྱས་ཏེ་མང་ཚོགས་ཀྱིས་དོ་ཁུར་བྱེད་པའི་གླེང་ཆ་ཆེ་བ་དང་དཀའ་གནད་ཆེ་བའི་གནད་དོན་ཐག་གཅོད་བྱེད་རྒྱུ་དེ་མི་དམངས་འཐུས་ཚོགས་ལས་དོན་གྱི་གལ་ཆེའི་ནང་དོན་དུ་བརྩིས་པ་དང་། དམངས་འཚོར་དོ་ཁུར་དང་དམངས་ཀྱི་ཁེ་ཕན་སྲུང་སྐྱོང་བྱེད་རྒྱུ་དེ་ལས་ཀའི་བརྒྱུད་རིམ་ཧྲིལ་པོའི་ནང་དོན་འཁྱོལ་བྱས་ནས་སུའི་ཆེད་དུ་ཁྲིམས་བཟོ་བ་དང་། སུའི་ཚབ་བྱས་ནས་ལྟ་སྐུལ་བྱེད་པ། སུ་ལ་བརྟེན་ནས་དབང་ཆ་སྤྱོད་པ་བཅས་ཀྱི་གནད་དོན་ཐག་གཅོད་ནན་ཏན་བྱས་ཏེ་དམངས་གཙོའི་ཁྲིམས་བཟོར་ཤུགས་སྣོན་རྒྱག་པ་དང་། དམངས་འཚོ་ལེགས་བཅོས་ལ་སྐུལ་འདེད། འཐུས་མིའི་ནུས་པ་འདོན་སྤེལ་བཅས་བྱས་ནས་མི་དམངས་འཐུས་ཚོགས་ཀྱིས་མང་ཚོགས་དང་འབྲེལ་བ་དམ་ཟབ་བྱེད་པའི་ལེགས་ཆ་འདོན་སྤེལ་ཡག་པོ་བྱེད་རྒྱུ་དང་མི་དམངས་རང་ཁྱིམ་རང་བདག་བྱེད་པའི་དབང་འཛིན་ལས་ཁུངས་ཤིག་ཡིན་པའི་མི་དམངས་འཐུས་ཚོགས་དང་དེའི་རྒྱུན་ལས་ཨུ་ལྷན་གྱི་ནུས་པ་འདོན་སྤེལ་ཡག་པོ་བྱས་ཡོད།

        གསུམ་ནི་བོད་ལྗོངས་ཁྲིམས་བཞིན་སྐྱོང་བར་སྐུལ་འདེད་བཏང་བ། རྒྱལ་ཁབ་ཁྲིམས་བཞིན་སྐྱོང་རྒྱུའི་གཞི་རྩའི་ཐབས་ཇུས་མཐའ་འཁྱོངས་དང་། རྩ་ཁྲིམས་དང་བཅའ་ཁྲིམས་ཀྱི་དབང་གྲགས་སྲུང་སྐྱོང་བྱེད་རྒྱུ་དེ་མི་དམངས་འཐུས་ཚོགས་དང་དེའི་རྒྱུན་ལས་ཨུ་ལྷན་གྱི་གལ་ཆེའི་ལས་འགན་ལ་བརྩིས་ཡོད། བོད་ལྗོངས་ཁྲིམས་བཞིན་སྐྱོང་རྒྱུ་དང་ཁྲིམས་སྐྱོང་གི་བོད་ལྗོངས་སྐྲུན་རྒྱུ་དམ་བཟུང་གིས་ཁྲིམས་བཟོ་དང་། ལྟ་སྐུལ། གཏན་འབེབས། བསྐོ་འཐེན་སོགས་ཀྱི་འགན་དབང་ཁྲིམས་ལྟར་སྤྱད་ཐོག ལོ་ལྔའི་ཁྲིམས་བཟོའི་འཆར་འགོད་དང་། ལོ་འཁོར་ཁྲིམས་བཟོའི་ལས་དོན་གྱི་འཆར་གཞི། ལྟ་སྐུལ་ལས་དོན་གྱི་འཆར་གཞི་བཅས་བཟོས་ནས་དོན་འཁྱོལ་བྱས་པ་དང་། རྒྱལ་ཡོངས་དང་མཉམ་དུ་འབྱོར་འབྲིང་སྤྱི་ཚོགས་ཕྱོགས་ཡོངས་ནས་སྐྲུན་ཐུབ་པའི་བརྗིད་ཆེའི་དམིགས་ཚད་ལ་དམ་པོར་དམིགས་ཏེ་ཁྲིམས་བཟོའི་ལས་དོན་འཆར་འགོད་བྱེད་པ་དང་དེར་སྐུལ་འདེད་བཏང་བ་དང་། ལྟ་སྐུལ་ལས་དོན་ལ་ཤུགས་སྣོན་བརྒྱབ་ཅིང་ལེགས་སུ་བཏང་ཡོད། ན་ནིང་ཁྲིམས་སྲོལ་འཆར་ཟིན་11ལ་གྲོས་ཞིབ་བྱས་པའི་ནང་ནས་9གྲོས་འཆམ་བྱུང་བ་དང་། ལྟ་སྐུལ་ལས་དོན་ཁག་31སྤེལ་ནས་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་ཡོང་བ་དང་ཞི་མཐུན་བརྟན་ལྷིང་ལ་སྐུལ་འདེད་གཏོང་རྒྱུར་དགེ་མཚན་ལྡན་པའི་ལེགས་སྐྱེས་ཕུལ་ཡོད།

        གཉིས། གཙོ་གནད་ཁྲིམས་བཟོར་ཤུགས་སྣོན་བརྒྱབ་སྟེ་ལྗོངས་ཡོངས་ཀྱི་ལས་དོན་སྤྱི་ཡོངས་ལ་ཞབས་འདེགས་ཞུས་པ།

        ལོ་གཅིག་རིང་རྒྱུན་ལས་ཨུ་ལྷན་གྱིས་ས་གནས་རང་བཞིན་གྱི་ཁྲིམས་སྲོལ་8ལ་བཟོ་བཅོས་དང་2ལ་ཐོག་མའི་གྲོས་ཞིབ་བྱས་ནས་1ལ་གྲོས་ཞིབ་ཆོག་མཆན་སྤྲད་པ་དང་། ཚད་ལྡན་རང་བཞིན་གྱི་ཡིག་ཆ་10ལ་སྙན་དཔོད་ཞིབ་བཤེར་བྱས་ཏེ་ཁྲིམས་བཟོའི་ཁྲིད་སྟོན་དང་སྐུལ་འདེད་ཀྱི་ནུས་པ་འདོན་སྤེལ་གང་ལེགས་ཐུབ་ཡོད། དེ་བཞིན་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་བཅའ་ཁྲིམས་འཆར་ཟིན་6གི་བསམ་འཆར་བསྡུ་ལེན་ལས་དོན་ལེགས་སྒྲུབ་བྱས་ཡོད།

        (གཅིག )ཚན་རིག་དང་མཐུན་པའི་ངང་ཁྲིམས་བཟོའི་འཆར་འགོད་བཟོས་པ། ཁྲིམས་བཟོའི་ལས་དོན་ཐད་འཕྲད་པའི་དུས་བབ་གསར་པར་ངོས་འཛིན་གང་ལེགས་བྱས་ཏེ་མཆོང་སྐྱོད་ལྟ་བུའི་གོང་འཕེལ་དང་ཡུན་རིང་བདེ་འཁོད་ཡོང་བར་སྐུལ་འདེད་གཏོང་རྒྱུའི་ཐོག་ནས་ཁྲིམས་བཟོའི་ལས་དོན་ལ་བཏོན་པའི་བླང་བྱ་གསར་པར་ངེས་བཟུང་ཡང་དག་བྱས་ཏེ་ཕྱོགས་གང་ཅིའི་ཐད་ཀྱི་ཁྲིམས་བཟོའི་དགོས་མཁོར་དབྱེ་ཞིབ་གཏིང་ཟབ་བྱས་ཐོག “ལྟེ་བ་གཅིག ”དང་། “དོན་ཆེན་གཉིས ” “འགན་སྲུང་བཞི ”བཅས་ལ་དམ་པོར་དམིགས་ནས་ཁྲིམས་བཟོའི་ལས་དོན་གྱི་མཛུབ་ཁྲིད་བསམ་བློ་དང་། དམིགས་ཚད་ལས་འགན། ལས་ཀའི་བླང་བྱ། དོན་འཁྱོལ་བྱ་ཐབས་བཅས་ཁ་གསལ་བཟོས་པ་དང་། གལ་ཆེ་ཆུང་དང་དལ་བྲེལ་དབྱེ་བ་ཕྱེ་ཞིང་། ཁྲིམས་བཟོའི་གཙོ་གནད་མངོན་ཆེར་བཟུང་ནས་སྐབས་འདིའི་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ལོ་ལྔའི་ཁྲིམས་བཟོའི་འཆར་འགོད་ཚན་རིག་དང་མཐུན་པའི་ངང་བཟོས་ནས་ཁྲིམས་བཟོའི་རྣམ་གྲངས་39གཏན་འཁེལ་བྱས་པ་དང་། ཁྲིམས་བཟོའི་འཆར་འགོད་དེ་བས་ཚན་རིག་དང་མཐུན་ཞིང་ལུགས་མཐུན་ཡོང་བ་བྱས་ཏེ་ཁྲིམས་བཟོའི་འཕེལ་རིམ་དེ་རང་ལྗོངས་ཀྱི་བསྒྱུར་འཕེལ་བརྟན་གསུམ་གྱི་འཕེལ་རིམ་དང་འཚམ་མཐུན་ཡོང་བའི་འབད་བརྩོན་བྱས་པ་དང་། ཁྲིམས་བཟོ་བ་བརྒྱུད་ནས་རང་སྐྱོང་ལྗོངས་ཀྱི་གལ་ཆེའི་ཐབས་ཇུས་བཀོད་སྒྲིག་ཁག་ལག་བསྟར་དོན་འཁྱོལ་ཐུབ་པའི་འགན་སྲུང་བྱས་ཡོད།

        (གཉིས )གཙོ་གནད་ཁྱབ་ཁོངས་ཀྱི་ཁྲིམས་བཟོར་ཤུགས་སྣོན་བརྒྱབ་པ། གཅིག་ནི་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་འགྲོ་བར་སྐུལ་འདེད་བཏང་བ། ཆུའི་བཅའ་ཁྲིམས་ལག་བསྟར་བྱ་ཐབས་དང་ས་ཆུ་སྲུང་འཛིན་བཅའ་ཁྲིམས་ལག་བསྟར་བྱ་ཐབས་ལ་དག་བཅོས་བྱས་ཏེ་ཆུའི་ཐོན་ཁུངས་འཆར་འགོད་དང་། བེད་སྤྱོད། སྲུང་སྐྱོབ། ས་ཆུ་ཤོར་བར་སྔོན་འགོག བཅོས་སྐྱོང་། ལྟ་སྐུལ་སོགས་བྱེད་རྒྱུའི་གཏན་འབེབས་སྔར་བས་འཐུས་ཚང་དུ་བཏང་བས་ཐོན་ཁུངས་སྲུང་སྐྱོང་དང་ལུགས་མཐུན་བེད་སྤྱོད་དང་། འབྱུང་ཁམས་ཁོར་ཡུག་ལེགས་སུ་འགྲོ་བ། དཔལ་འབྱོར་དང་སྤྱི་ཚོགས་རྒྱུན་མཐུད་གོང་འཕེལ་གཏོང་རྒྱུ་བཅས་ལ་ཕན་པ་བྱུང་བ་དང་། ལྷ་ས་གྲོང་ཁྱེར་གྱི་གྲོང་ཁུལ་རྙིང་པའི་སྲུང་སྐྱོབ་སྲོལ་ཡིག་ལ་ཞིབ་བཤེར་ཆོག་མཆན་སྤྲད་དེ་གྲོང་ཁུལ་རྙིང་པ་སྲུང་སྐྱོབ་དང་། བེད་སྤྱོད། དོ་དམ་བཅས་ཀྱི་ལས་དོན་དེ་ཁྲིམས་ལུགས་ཅན་གྱི་ལམ་དུ་བཅུག་པ། མངོན་མིན་རིག་གནས་ཤུལ་བཞག་བཅའ་ཁྲིམས་ལག་བསྟར་བྱ་ཐབས་དང་སྐུད་མེད་གློག་འཕྲིན་དོ་དམ་སྲོལ་ཡིག་གི་འཆར་ཟིན་གཉིས་ལ་ཐོག་མའི་ཞིབ་དཔྱད་བྱས་ཡོད། གཉིས་ནི་དམངས་འཚོ་འགན་སྲུང་དང་ལེགས་སུ་བཏང་བ། དབང་པོ་སྐྱོན་ཅན་འགན་སྲུང་བཅའ་ཁྲིམས་ཀྱི་ལག་བསྟར་བྱ་ཐབས་དག་བཅོས་བྱས་ཏེ་དབང་པོ་སྐྱོན་ཅན་གྱི་ཆབ་སྲིད་དང་། རིག་གནས། སློབ་གསོ། ལས་ཞུགས། སྤྱི་ཚོགས་འགན་སྲུང་། འགོག་རྐྱེན་མེད་པའི་ཁོར་ཡུག་སྐྲུན་རྒྱུ་སོགས་ཐད་ཀྱི་ལམ་ལུགས་གཏན་འབེབས་འཐུས་ཚང་དུ་བཏང་བ་དང་། ས་གནས་ཀྱི་ཁྱད་ཆོས་དང་བཀོལ་སྤྱོད་རང་བཞིན་ཤུགས་ཆེ་རུ་བཏང་བས་དབང་པོ་སྐྱོན་ཅན་གྱི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་དང་། དབང་པོ་སྐྱོན་ཅན་གྱི་བྱ་གཞག་གོང་འཕེལ་གཏོང་བ། སྤྱི་ཚོགས་འཚོ་བའི་ནང་དབང་པོ་སྐྱོན་ཅན་འདྲ་མཉམ་ངང་ཞུགས་ནས་དངོས་པོ་དང་རིག་གནས་ཀྱི་འབྲས་བུ་མཉམ་སྤྱོད་ཐུབ་རྒྱུ་བཅས་ལ་ཕན་ཐོགས་བྱུང་ཡོད། གསུམ་ནི་ཁྲིམས་བཞིན་སྲིད་འཛིན་བྱས་ཏེ་ལས་ཁུངས་ཁུ་བསྡུ་དང་དབང་ཆ་གཤམ་སྤྲོད་བྱེད་རྒྱུར་སྐུལ་འདེད་བཏང་བ། སྲིད་གཞུང་གི་སྒྲིག་སྲོལ་ནང་བཟོས་པའི་དངུལ་ཆད་ཀྱི་བཅད་གྲངས་སྐོར་གྱི་གཏན་འབེབས་དག་བཅོས་བྱས་ནས་དངུལ་ཆད་བཅད་གྲངས་ཀྱི་ཚད་གཞི་མཐོ་རུ་བཏང་བ་དང་། སྲིད་འཛིན་ཆད་གཅོད་ཀྱི་བྱ་སྤྱོད་ཚད་ལྡན་དུ་བཏང་སྟེ་ཁྲིམས་བཞིན་སྲིད་འཛིན་བྱེད་རྒྱུར་སྐུལ་འདེད་བཏང་བ། སྲིད་འཛིན་ཞིབ་མཆན་དོན་གནད་ཁུ་བསྡུ་དང་ལེགས་སྒྲིག་བྱེད་རྒྱུའི་དགོས་མཁོ་དང་འཚམ་པ་བྱེད་ཆེད་ཁོར་ཡུག་སྲུང་སྐྱོབ་སྲོལ་ཡིག་དང་། ཨར་སྐྲུན་ཁྲོམ་རའི་དོ་དམ་སྲོལ་ཡིག རིག་གནས་ཁྲོམ་རའི་དོ་དམ་སྲོལ་ཡིག ཡིག་ཚགས་བཅའ་ཁྲིམས་ལག་བསྟར་བྱ་ཐབས་བཅས་ཀྱི་ནང་འབྲེལ་ཡོད་ཐོ་འགོད་དང་། སྙན་དཔོད། བཀའ་འཁྲོལ་སོགས་ཀྱི་ནང་དོན་ལ་དག་བཅོས་བྱས་ནས་སྲིད་འཛིན་ཞིབ་མཆན་ཉུང་འཁྲི་དང་ཚད་ལྡན་དུ་བཏང་བས་ཁྲོམ་རས་ཐོན་ཁུངས་བགོ་སྒྲིག་བྱེད་པའི་འགག་རྩའི་ནུས་པ་སྔར་བས་འདོན་སྤེལ་ཐུབ་རྒྱུར་སྐུལ་འདེད་ཐེབས་ཡོད།

        (གསུམ )ཁྲིམས་བཟོའི་སྤུས་ཚད་མཐོ་རུ་ཧུར་ཐག་བཏང་བ། གཅིག་ནི་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་སྟེ་ཚན་རིག་དང་མཐུན་པའི་ཁྲིམས་བཟོ་རྒྱུར་སྣང་ཆེན་བྱས་པ། མི་དམངས་འཐུས་ཚོགས་ཀྱིས་གཙོ་ཁྲིད་བྱེད་པ་དང་། སྡེ་ཚན་གྱིས་འཆར་ཟིན་བཟོ་བ། རིགས་གཅིག་མཁས་དབང་གིས་རིགས་སྒྲུབ་ཁུངས་སྐྱེལ་བྱེད་པ། མང་ཚོགས་ཐེ་ཞུགས་བྱེད་པ་བཅས་ཀྱི་ཁྲིམས་བཟོའི་ལས་ཀའི་ལམ་སྲོལ་སྔར་བས་འཐུས་སྒོ་ཚང་དུ་བཏང་བ་དང་། ཁྲིམས་བཟོ་རྒྱུར་བརྟག་ཞིབ་དང་། ཚོད་སྐོར། བློ་འདྲི། རིགས་སྒྲུབ་ཁུངས་སྐྱེལ་བཅས་ཀྱི་ལས་དོན་གཏིང་ཟབ་སྤེལ་ཐོག སྔ་སྣུར་དུ་ཞུགས་པ་དང་། གཙོ་གནད་ཁོང་དུ་ཆུད་པ། དཀའ་གནད་ཐག་གཅོད་བཅས་བྱས་པ་དང་། རྩོད་གཞི་ཆེ་བའི་ནང་དོན་དང་བསམ་འཆར་མི་འདྲ་བར་ཞིབ་འཇུག་དང་གྲོས་མོལ་ཡང་ཡང་བྱས་ཤིང་། ཁེ་ཕན་གྱི་འབྲེལ་བ་མཐུན་སྦྱོར་དང་ས་གནས་ཀྱི་ཁྱད་ཆོས་མངོན་གསལ་དོད་པོ་ཡོང་བ་བྱས་ནས་ཁྲིམས་སྲོལ་གྱི་ལག་ལེན་བསྟར་འཐུས་རང་བཞིན་ཆེ་རུ་བཏང་ཡོད། དབང་ཆ་དང་འགན་འཁྲི་དང་། ཁེ་དབང་དང་འོས་འགན་ལུགས་མཐུན་ཚད་ལྡན་བཟོས་ཏེ་སྡེ་ཚན་གྱི་ཁེ་ཕན་ཁྲིམས་ལུགས་ཅན་དུ་འགྱུར་བའི་ཕྱོགས་ལྷུང་མི་ཡོང་སྔོན་འགོག་དང་ཁྱད་བསད་བྱས་ཡོད། བློ་འདྲིའི་ཨུ་ཡོན་གདན་འདྲེན་ཞུས་ཏེ་ཁྲིམས་བཟོ་མཁན་ལས་ཁུངས་དང་རིགས་གཅིག་མཁས་དབང་ཟུང་འབྲེལ་ནུས་ལྡན་བྱས་ཡོད། རྒྱ་ལམ་འགྲིམ་འགྲུལ་བདེ་འཇགས་སྲོལ་ཡིག་བཟོས་རྗེས་ཀྱི་ཚོད་སྐོར་ལས་དོན་དངོས་སུ་སྤེལ་འགོ་བཙུགས་ཡོད། གཉིས་ནི་བློ་བསྡུས་དགེ་འཚོལ་གྱིས་དམངས་གཙོའི་ཁྲིམས་བཟོ་བྱེད་རྒྱུར་སྣང་ཆེན་བྱས་པ། ཁྲིམས་དོན་དམངས་ལ་འདྲི་རྒྱུ་རྒྱུན་འཁྱོངས་བྱས་ཏེ་མི་དམངས་གོ་རིམ་ལྡན་པའི་ངང་ཁྲིམས་བཟོ་བའི་ནང་ཞུགས་རྒྱུའི་ཐབས་ལམ་རྒྱ་ཆེར་བཏང་ཞིང་། དམངས་འདུན་གསལ་ཞུའི་ཐབས་ལམ་འཁོན་ཐོགས་མེད་པ་བཟོ་བ་དང་། ཁྲིམས་སྲོལ་འཆར་ཟིན་ནང་གི་གཙོ་གནད་དང་དཀའ་གནད་ལ་དམིགས་ཏེ་ཕྱོགས་ཁག་སྒྲིག་འཛུགས་ཀྱིས་གྲོས་བསྡུར་གཏིང་ཟབ་བྱས་པ་དང་། མི་དམངས་མང་ཚོགས་དང་མི་དམངས་འཐུས་ཚོགས་ཀྱི་འཐུས་མིས་ཁྲིམས་སྲོལ་འཆར་ཟིན་བཟོ་བའི་ཐད་བཏོན་པའི་བསམ་འཆར་བསྡུ་ལེན་དང་ཞིབ་འཇུག་ནན་ཏན་བྱས་ཐོག སྤྱི་ཚོགས་ཀྱིས་དོ་འཁུར་བྱེད་དོན་ལ་བརྡ་ལན་ཧུར་ཐག་སྤྲད་པས་ཁྲིམས་བཟོ་བའི་ནང་རྒྱ་ཆེའི་མི་དམངས་མང་ཚོགས་ཀྱི་བསམ་འདུན་གང་ལེགས་མཚོན་པར་བྱས་ཡོད། ལོ་གཅིག་རིང་ཁྱོན་བསྡོམས་ཁྲིམས་བཟོའི་བཞུགས་མོལ་ཚོགས་འདུ་ཐེངས་50ལྷག་ཙམ་དང་རིགས་གཅིག་མཁས་དབང་གི་རིགས་སྒྲུབ་ཁུངས་སྐྱེལ་ཚོགས་འདུ་ཐེངས་10ལྷག་ཙམ་སྐོང་ཚོགས་བྱས་པ་དེས་དམངས་ཀྱི་ཞུ་རེ་གང་ལེགས་མཚོན་པར་བྱས་ཡོད།

        གསུམ། ལྟ་སྐུལ་གྱི་ཕན་འབྲས་ཤུགས་ཆེར་བཏང་སྟེ་གལ་ཆེའི་ཐབས་ཇུས་དོན་འཁྱོལ་བྱེད་རྒྱུར་སྐུལ་འདེད་བཏང་བ།

        ལོ་གཅིག་རིང་ཁྱོན་བསྡོམས་འབྲེལ་ཡོད་སྙན་ཞུ་ཁག་10ཉན་ནས་གྲོས་ཞིབ་བྱས་པ་དང་། བཅའ་ཁྲིམས་དང་ཁྲིམས་སྲོལ་ཁག་9ལག་བསྟར་བྱས་ཚུལ་ལ་ཁྲིམས་སྒྱུར་ཞིབ་བཤེར་བྱས་པ། ཆེད་དོན་བརྟག་ཞིབ་ཁག་11བྱས་པ། “བོད་དུ་ཀྲུང་ཧྭ་ཡི་ཁོར་ཡུག་སྲུང་སྐྱོབ་བྱེད་པའི་དུས་རབས་ལས་སྒོ་སྤེལ་བ ”བཅས་བྱས་པས་ལྗོངས་ཏང་ཨུད་ཀྱི་གལ་ཆེའི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་བྱེད་རྒྱུར་སྐུལ་འདེད་བཏང་བ་དང་མི་དམངས་ཀྱི་རྩ་བའི་ཁེ་ཕན་སྲུང་སྐྱོབ་ཐུབ་ཡོད།

        (གཅིག )འབྱོར་ཕྱུག་ལྡན་པའི་བོད་ལྗོངས་སྐྲུན་རྒྱུར་སྐུལ་འདེད་བཏང་བ། གཙོ་དོན་དང་གཙོ་རྐང་ལག་བསྟར་བྱེད་རྒྱུ་རྒྱུན་འཁྱོངས་བྱས་ཏེ་ཚན་རིག་དང་མཐུན་པའི་གོང་འཕེལ་ལ་སྐུལ་འདེད་ཤུགས་ཆེ་བཏང་ཡོད། འཆར་གཞི་དང་སྔོན་རྩིས་ལག་བསྟར་བྱས་ཚུལ་གྱི་སྙན་སྒྲོན་དང་། རྩིས་བཤེར་ལས་དོན་སྙན་སྒྲོན། དགོས་མཁོ་ཡོངས་ཀྱི་སྔོན་རྩིས་དོ་དམ་བསྒྱུར་བཅོས་བྱས་ཚུལ་གྱི་སྙན་སྒྲོན་བཅས་ཉན་ནས་གྲོས་ཞིབ་བྱས་ཤིང་། སྔོན་རྩིས་ཀྱི་འགྱུར་བ་བཟོ་སྐྱོར་གྱིས་རྒྱལ་ཁབ་ཀྱི་གཞི་ཆེའི་སྟངས་འཛིན་སྲིད་ཇུས་ལག་བསྟར་དོན་འཁྱོལ་ནན་ཏན་བྱེད་པ་དང་། དཔལ་འབྱོར་གོང་འཕེལ་གཏོང་སྟངས་ལ་འགྱུར་བ་གང་མགྱོགས་གཏོང་བ། ཐོན་ལས་གྲུབ་ཆ་ལེགས་སྒྱུར་རིམ་སྤོར་ལ་སྐུལ་འདེད་གཏོང་བ། སྤྱི་པའི་ནོར་སྲིད་སྔོན་རྩིས་དོ་དམ་བྱེད་ཐབས་གཏིང་ཟབ་ཏུ་གཏོང་བ། ནོར་སྲིད་མ་དངུལ་བེད་སྤྱོད་བྱེད་རྒྱུའི་ཕན་འབྲས་ཆེ་རུ་གཏོང་བ་བཅས་བྱས་ཏེ་དཔལ་འབྱོར་འཕར་སྣོན་གྱི་མགྱོགས་ཚད་དང་། སྤུས་ཚད། ཕན་འབྲས་བཅས་གཅིག་གྱུར་ཡོང་བ་བྱེད་དགོས་པའི་བླང་བྱ་བཏོན་ཡོད། “ལོ་ལྔ་ཚན་བཅུ་གཉིས་པའི ”འཆར་འགོད་ལག་བསྟར་དང་དུས་དཀྱིལ་གྱི་ཚོད་སྐོར་བྱེད་པའི་ཁྲོད་ཐོན་པའི་གནད་དོན་ལ་དམིགས་ཏེ་ཁྲོམ་རའི་འཕེལ་ཤུགས་ལ་སྐུལ་སྤེལ་གང་ལེགས་གཏོང་བ་དང་། ཚན་རྩལ་གསར་གཏོད་བྱེད་ཤུགས་ཆེ་རུ་གཏོང་བ། གོང་འཕེལ་གྱི་ཁོར་ཡུག་ལེགས་སུ་གཏོང་བ། རྣམ་གྲངས་ཀྱི་ཕན་འབྲས་འདོན་སྤེལ་བྱེད་པ། ཁྱད་ལྡན་ཐོན་ལས་གོང་འཕེལ་གཏོང་བ་བཅས་བྱས་ཏེ་འཆར་འགོད་རྩ་གནད་ནང་གཏན་འབེབས་བྱས་པའི་དམིགས་ཚད་ལས་འགན་ཁག་ལེགས་སྒྲུབ་ཡོང་བ་བྱེད་རྒྱུའི་བླང་བྱ་བཏོན་ཡོད། ཡུལ་སྐོར་སྲོལ་ཡིག་ལ་ཁྲིམས་སྒྱུར་ཞིབ་བཤེར་བྱས་ཏེ་ཡུལ་སྐོར་གོང་འཕེལ་གཏོང་རྒྱུར་གཅིག་གྱུར་འཆར་འགོད་དང་། ཁྱད་ལྡན་རྟགས་ལེགས་བཟོ་འདོན་བྱེད་རྒྱུར་སྐུལ་འདེད་གང་ཆེ་གཏོང་བ། ཡུལ་སྐོར་ཁོར་ཡུག་འཛུགས་སྐྱོང་བྱེད་རྒྱུར་མཐུན་སྦྱོར་ངང་སྐུལ་འདེད་བཅས་བཏང་སྟེ། ཡུལ་སྐོར་ཁྲོམ་ར་རྒྱུན་མཐུད་སྐྱོན་བྲལ་ངང་གོང་འཕེལ་ཡོང་བར་སྐུལ་འདེད་བཏང་ནས་ཡུལ་སྐོར་ཐོན་ཁུངས་ཀྱི་ཁྱད་ཡོན་དེ་དཔལ་འབྱོར་གྱི་དགེ་སྟོབས་ལ་སྒྱུར་ཐུབ་པ་བྱེད་དགོས་པའི་ནན་བཤད་བྱས་ཡོད། ལྗོངས་ཡོངས་སུ་ནུབ་རྒྱུད་ཐོན་འབྱེད་ཆེ་མོའི་འཐབ་ཇུས་ལག་བསྟར་བྱས་པའི་གནས་ཚུལ་དང་ན་ནིང་གི་དུས་ཚིགས་གོང་མ་གསུམ་གྱི་དཔལ་འབྱོར་འཁོར་སྐྱོད་གནས་ཚུལ་ལ་བརྟག་ཞིབ་བྱས་ཏེ་འཐབ་ཇུས་ཀྱི་གོ་སྐབས་དམ་འཛིན་བྱེད་རྒྱུ་དང་། གཟིགས་སྐྱོང་སྲིད་ཇུས་བེད་སྤྱོད་ཡག་པོ་བྱེད་རྒྱུ། དགེ་མཚན་ཆེ་རིགས་འདོན་སྤེལ་ཐུབ་པར་སྣང་ཆེན་བྱེད་རྒྱུ། དཔལ་འབྱོར་འཕར་སྣོན་གྱི་སྤུས་ཚད་མཐོ་རུ་གཏོང་རྒྱུ། དེ་བཞིན་རྒྱལ་ཁབ་ནས་མ་དངུལ་རག་ཐབས་བྱེད་རྒྱུ། ཟོག་གོང་གཞི་རྩའི་ཆར་བརྟན་པོ་ཡོང་བ་བྱེད་རྒྱུ། གྲོང་མིའི་འཛད་སྤྱོད་བྱེད་ནུས་ཆེ་རུ་གཏོང་རྒྱུ། ཁེ་ལས་འབྲིང་ཆུང་ཕྲན་གསུམ་ལ་རོགས་སྐྱོར་བྱེད་རྒྱུ་སོགས་ཀྱི་ཐད་བསམ་འཆར་དང་གྲོས་འཆར་བཏོན་ནས་དཔལ་འབྱོར་གོང་འཕེལ་ཡོང་བར་སྐུལ་འདེད་བཏང་ཡོད།

        (གཉིས )ཞི་མཐུན་ལྡན་པའི་བོད་ལྗོངས་སྐྲུན་རྒྱུར་སྐུལ་འདེད་བཏང་བ། བརྟན་ལྷིང་ནི་མཐའ་དག་ལས་ལྷག་པ་བྱེད་རྒྱུ་རྒྱུན་འཁྱོངས་བྱས་ཏེ་ཞི་མཐུན་བརྟན་ལྷིང་སྲུང་སྐྱོང་བྱེད་རྒྱུར་ཤུགས་བརྒྱབ་པ། རྒྱལ་ཁབ་ཀྱི་གསང་སྲུང་བཅའ་ཁྲིམས་ལ་ཁྲིམས་སྒྱུར་ཞིབ་བཤེར་བྱས་ཏེ་དྲིལ་བསྒྲགས་སློབ་གསོར་ཤུགས་སྣོན་རྒྱུན་ཆད་མེད་པ་བརྒྱབ་ཐོག་ཁ་ཕྲལ་ལ་ངོ་རྒོལ་གྱི་འཐབ་རྩོད་བྱེད་པའི་བོད་ཀྱི་ཛ་དྲག་དུས་བབ་ཀྱིས་གསང་སྲུང་ལས་དོན་ཐད་བཏོན་པའི་བླང་བྱ་གསར་པར་ངོས་འཛིན་གཏིང་ཟབ་བྱས་ཐོག གསང་སྲུང་གི་འདུ་ཤེས་དང་ཉམས་ཉེན་གྱི་འདུ་ཤེས་ཤུགས་ཆེར་ཏན་ཏིག་གཏོང་རྒྱུ་དང་། དཔུང་ཁག་སྟོབས་ཆེར་གཏོང་རྒྱུ། ལྟ་སྐུལ་ཞིབ་བཤེར་ལ་ཤུགས་སྣོན་རྒྱག་རྒྱུ། ཉེན་ཟོན་གྱི་ནུས་པ་ཆེ་རུ་གཏོང་རྒྱུ། གསང་གྱར་དོན་རྐྱེན་མི་ཐོན་པའི་སྔོན་འགོག་བྱེད་རྒྱུ། ཏང་དང་རྒྱལ་ཁབ་ཀྱི་གསང་བ་ནན་སྲུང་བཅས་བྱས་ཏེ་རྒྱལ་ཁབ་ཀྱི་བདེ་འཇགས་དང་ཁེ་ཕན་ལ་སྲུང་སྐྱོབ་ཏན་ཏིག་བྱེད་དགོས་པའི་བླང་བྱ་བཏོན་ཡོད། ལྗོངས་ཡོངས་ཀྱི “དགོན་སྡེ་དང་གྲྭ་བཙུན་གཉིས་ཀར་ཕན་པའི ”སྲིད་ཇུས་དོན་འཁྱོལ་བྱེད་ཚུལ་དང་དགོན་སྡེའི “ལོ་ལྔ་ཚན་དྲུག་པའི ”ཁྲིམས་ལུགས་ཁྱབ་གདལ་གྱི་ལས་དོན་སྤེལ་ཚུལ་ལ་བརྟག་ཞིབ་བྱས་ཏེ “དགོན་སྡེ་དང་གྲྭ་བཙུན་གཉིས་ཀར་ཕན་པའི ”སྲིད་ཇུས་དོན་འཁྱོལ་ནན་ཏན་བྱེད་རྒྱུ་དང་། དགོན་སྡེའི “ལོ་ལྔ་ཚན་དྲུག་པའི ”ཁྲིམས་ལུགས་ཁྱབ་གདལ་གྱི་ལས་དོན་སྤེལ་རྒྱུར་སྐུལ་འདེད་གཏིང་ཟབ་བཏང་ཐོག ཁྲིམས་ལྟར་དགོན་སྡེར་དོ་དམ་དང་ཕུགས་ཕན་གྱི་ལམ་སྲོལ་འཚོལ་ཞིབ་བྱས་ནས་བོད་བརྒྱུད་ནང་བསྟན་ཆོས་ལུགས་དེ་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་འཚམ་མཐུན་ཡོང་བར་སྐུལ་འདེད་གཏོང་དགོས་པའི་ནན་བཤད་བྱས་ཡོད།

        (གསུམ )བདེ་སྐྱིད་ལྡན་པའི་བོད་ལྗོངས་སྐྲུན་རྒྱུར་སྐུལ་འདེད་བཏང་བ། མི་དམངས་ཀྱི་ཁེ་ཕན་ཨང་དང་པོར་འཇོག་རྒྱུ་རྒྱུན་འཁྱོངས་བྱས་ཏེ་དམངས་འཚོ་འགན་ལེན་དང་ལེགས་བཅོས་བྱེད་རྒྱུར་ཤུགས་བརྒྱབ་པ། རང་ལྗོངས་ཀྱི་གྲོང་ཁྱེར་གྲོང་རྡལ་གྱི་གྲོང་མིའི་སྨན་བཅོས་འགན་བཅོལ་དང་། ཞིང་འབྲོག་ཁུལ་གྱི་སྨན་བཅོས་འགན་སྲུང་། སྤྱི་ཚོགས་རོགས་སྐྱོབ་བཅས་ཀྱི་ལས་དོན་སྤེལ་ཚུལ་གྱི་སྙན་ཞུ་ཉན་ནས་གྲོས་ཞིབ་བྱས་པ་དང་། སྤྱི་ཚོགས་འགན་སྲུང་གི་ལས་དོན་སྤེལ་ཚུལ་ལ་བརྟག་ཞིབ་བྱས་ཤིང་། སྲིད་ཇུས་དྲིལ་བསྒྲགས་དང་། ལས་སྒྲུབ་ནུས་པ། གཏོང་སྤྲོད་ཚད་གཞི། རོགས་སྐྱོབ་ཁྱབ་ཁོངས་སོགས་ཀྱི་ཐད་ལྷག་པའི་དཀའ་ངལ་དང་གནད་དོན་ལ་དམིགས་ཏེ་དྲིལ་བསྒྲགས་བྱེད་ཤུགས་ཆེ་རུ་གཏོང་བ་དང་། དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ། སྲིད་ཇུས་བྱ་ཐབས་འཐུས་སྒོ་ཚང་དུ་གཏོང་བ། འགན་སྲུང་ཆུ་ཚད་མཐོ་རུ་གཏོང་བ། མི་དམངས་ལ་བདེ་སྐྱིད་སྐྲུན་པ་བཅས་བྱས་ཏེ་གོང་འཕེལ་གྱི་འབྲས་བུ་དེ་བས་མང་བ་དང་དེ་བས་དྲང་གཞག་གི་ཐོག་ནས་མི་དམངས་ཡོངས་ལ་ཐོབ་པ་བྱེད་དགོས་པའི་ནན་བཤད་བྱས་ཡོད། འགན་བབས་སློབ་གསོའི་བཅའ་ཁྲིམས་དང་ལག་བསྟར་བྱ་ཐབས་ལ་ཁྲིམས་སྒྱུར་ཞིབ་བཤེར་བྱས་ཤིང་། “འགན་ལེན་གསུམ ”གྱི་འགྲོ་གྲོན་དོན་འཁྱོལ་དང་། སློབ་གསོའི་ཐོན་ཁུངས་བགོ་སྒྲིག དགེ་རྒན་གྱི་སྟོབས་ཤུགས་འཛུགས་སྐྱོང་། སློབ་ཕྲུག་ལ་བྱང་ཚད་སློབ་གསོ་གཏོང་རྒྱུ་སོགས་ཀྱི་ཐད་ལྷག་པའི་དཀའ་ངལ་དང་གནད་དོན་ལ་དམིགས་ཏེ་གྲོན་དངུལ་འགན་སྲུང་གི་ལམ་སྲོལ་འཛུགས་པ་དང་འཐུས་ཚང་དུ་གཏོང་བ་དང་། བྱང་ཚད་མཐོ་ལ་བལྟོས་བཅས་ཀྱི་བརྟན་པོ་ཡིན་པའི་དགེ་རྒན་དཔུང་ཁག་འཛུགས་སྐྱོང་བྱེད་པ། འགན་བབས་སློབ་གསོ་བརྟན་པོའི་ངང་དོ་མཉམ་གོང་འཕེལ་གཏོང་བ། མི་དམངས་བློ་ཡིད་ཚིམས་པའི་སློབ་གསོ་ཡག་པོ་གཉེར་བ་བཅས་བྱས་ནས་ལྗོངས་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གཏོང་རྒྱུར་ཞབས་འདེགས་དེ་བས་ལེགས་པ་ཞུ་དགོས་པའི་བླང་བྱ་བཏོན་ཡོད།

        (བཞི )ཁྲིམས་སྐྱོང་གི་བོད་ལྗོངས་སྐྲུན་རྒྱུར་སྐུལ་འདེད་བཏང་བ། དམངས་གཙོའི་ཁྲིམས་ལུགས་ལ་སྐུལ་འདེད་གཏོང་རྒྱུ་རྒྱུན་འཁྱོངས་བྱས་ཏེ་དམངས་གཙོའི་ཆབ་སྲིད་ལ་ཤུགས་སྣོན་བརྒྱབ་པ། སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་རྒྱུར་བརྟག་ཞིབ་བྱེད་རྒྱུའི་བསམ་འཆར་བཏོན་ཏེ་ཚན་རིག་དང་མཐུན་པའི་ཁྲིམས་བཟོ་རྒྱུ་དང་། ཁྲིམས་སྒྱུར་ནན་པོ། གཞུང་དྲང་ཁྲིམས་འཛིན། དམངས་ཡོངས་ཀྱིས་ཁྲིམས་སྲུང་བ་བཅས་ཀྱི་འཕེལ་རིམ་ལ་སྔར་བས་སྐུལ་འདེད་བཏང་ཡོད། ལྗོངས་ཡོངས་ཀྱི་མི་རིགས་ལས་དོན་སྤེལ་ཚུལ་གྱི་སྙན་ཞུ་ཉན་ནས་གྲོས་ཞིབ་བྱས་ཏེ “ཁ་འབྲལ་ཐབས་མེད་པ་གསུམ ”གྱི་བསམ་བློ་བརྟན་པོ་འཛུགས་པ་དང་། དམངས་ཕྱུག་བོད་དར་རྒྱུན་འཁྱོངས་བྱེད་པ། དམངས་འཚོ་འགན་སྲུང་དང་ལེགས་བཅོས་བྱེད་པ། མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་རྒྱག་པ། ཞི་མཐུན་བརྟན་ལྷིང་ལ་སྲུང་སྐྱོང་བྱེད་པ་བཅས་བྱས་ཐོག མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་བསམ་བློའི་རྨང་གཞི་དང་། དངོས་པོའི་རྨང་གཞི། སྤྱི་ཚོགས་རྨང་གཞི། མང་ཚོགས་རྨང་གཞི་བཅས་རྒྱུན་ཆད་མེད་པར་བརྟན་དུ་གཏོང་དགོས་པ་བཏོན་ཡོད། རང་ལྗོངས་སུ་མི་རིགས་ས་ཁོངས་རང་སྐྱོང་བཅའ་ཁྲིམས་ལག་བསྟར་དོན་འཁྱོལ་བྱེད་ཚུལ་ལ་བརྟག་ཞིབ་བྱས་ཏེ་མི་རིགས་ས་ཁོངས་རང་སྐྱོང་བཅའ་ཁྲིམས་སློབ་སྦྱོང་དྲིལ་བསྒྲགས་བྱེད་རྒྱུར་ཤུགས་སྣོན་རྒྱག་པ་དང་། ཁྲིམས་སྲོལ་ཆ་ཚང་དུ་གཏོང་བ་དང་། བོད་ཀྱི་ཁྱད་ཆོས་ལྡན་པའི་གྲོང་ཁྱེར་དང་གྲོང་རྡལ་ཅན་འཛུགས་སྐྲུན་བྱེད་རྒྱུར་སྐུལ་འདེད་གཏོང་བ། མཆོང་སྐྱོད་ལྟ་བུའི་གོང་འཕེལ་ཇེ་མགྱོགས་སུ་གཏོང་བ། སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་བྱེད་པ། སྤྱི་ཚོགས་ཀྱི་བྱ་གཞག་དང་སྤྱི་པའི་ཞབས་ཞུའི་ཆུ་ཚད་མཐོ་རུ་གཏོང་བ་བཅས་བྱས་ཏེ་མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་ཕྱོགས་ཡོངས་ནས་དོན་འཁྱོལ་བྱེད་དགོས་པའི་བླང་བྱ་བཏོན་ཡོད།

        (ལྔ )ཤེས་དཔལ་ལྡན་པའི་བོད་ལྗོངས་སྐྲུན་རྒྱུར་སྐུལ་འདེད་བཏང་བ། རིག་གནས་གོང་འཕེལ་གཏོང་རྒྱུ་རྒྱུན་འཁྱོངས་བྱས་ཏེ་ལོ་རྒྱུས་རིག་གནས་སྲུང་སྐྱོང་བྱེད་པར་ཤུགས་བརྒྱབ་པ། རིག་དངོས་སྲུང་སྐྱོབ་བཅའ་ཁྲིམས་དང་རིག་དངོས་སྲུང་སྐྱོབ་སྲོལ་ཡིག་ལ་ཁྲིམས་སྒྱུར་ཞིབ་བཤེར་བྱས་ཤིང་། རིག་དངོས་སྲུང་སྐྱོབ་ལས་དོན་ལ་གྲུབ་འབྲས་མངོན་ཆེ་ཐོབ་པར་ཁས་ལེན་གང་ལེགས་བྱས་པ་དང་། འབྲེལ་ཡོད་བཅའ་ཁྲིམས་དང་ཁྲིམས་སྲོལ་དྲིལ་བསྒྲགས་བྱེད་ཤུགས་མི་འདང་བ་དང་། “འཇུག་རྒྱུ་ལྔའི ”ལས་དོན་གོང་འཕེལ་གཏོང་རྒྱུ་དོ་སྙོམས་མ་བྱུང་བ། བདེ་འཇགས་མེ་ཟོན་སྒྲིག་ཆས་ཀྱི་ཉེན་ཁའི་རྐྱེན་རྩ་ཆེ་བ། ཆེད་ལས་མི་སྣ་ཧ་ཅང་དཀོན་པ་སོགས་ཀྱི་གནད་དོན་ལ་དམིགས་ཏེ “སྲུང་སྐྱོབ་བྱེད་རྒྱུ་གཙོ་བོར་འཛིན་པ་དང་། མྱུར་སྐྱོབ་བྱེད་རྒྱུ་ཨང་དང་པོར་འཇོག་པ། ལུགས་མཐུན་བེད་སྤྱོད་གཏོང་བ། དོ་དམ་ལ་ཤུགས་སྣོན་རྒྱག་པ ”བཅས་ཀྱི་རྩ་དོན་དོན་འཁྱོལ་ནན་ཏན་བྱེད་རྒྱུའི་ཐད་ཞིབ་ཕྲའི་གྲོས་འཆར་བཏོན་ཞིང་། བོད་ཀྱི་ཁྱད་ཆོས་ལྡན་པའི་རྩ་ཆེའི་རིག་གནས་ཤུལ་བཞག་ལ་ཁྲིམས་བཞིན་སྲུང་སྐྱོབ་དང་རྒྱུན་འཛིན། དོ་དམ། བེད་སྤྱོད་ཡག་པོ་བཅས་བྱས་ཏེ་ཀྲུང་ཧྭ་མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་གལ་ཆེའི་རིག་གནས་སྲུང་སྐྱོབ་བྱེད་གནས་འཛུགས་རྒྱུ་ཇེ་མགྱོགས་སུ་བཏང་ཡོད། རང་ལྗོངས་ཀྱི་མི་འབོར་ཅུང་ཉུང་བའི་མི་རིགས་ཀྱི་མངོན་མིན་རིག་གནས་ཤུལ་བཞག་སྲུང་སྐྱོབ་བྱེད་ཚུལ་ལ་བརྟག་ཞིབ་བྱས་ཏེ་སྲུང་སྐྱོབ་ཀྱི་འགྲོ་གྲོན་གཏོང་ཤུགས་ཆེ་རུ་གཏོང་རྒྱུ་དང་། ཡོངས་བཤེར་སྔོག་འདོན་གྱི་གོང་ཞུ་བྱེད་རྒྱུར་ཤུགས་སྣོན་རྒྱག་རྒྱུ། སྲུང་སྐྱོབ་རྒྱུན་འཛིན་གྱི་ལམ་སྲོལ་ཆ་ཚང་དུ་གཏོང་བ། སྲུང་སྐྱོབ་རྒྱུན་འཛིན་རྟེན་གཞི་འཛུགས་པ་བཅས་བྱས་ཐོག ལོ་རྒྱུས་ཡུན་རིང་ལྡན་པ་དང་། ནང་དོན་ཟབ་པ། ཁྱད་ཆོས་དམིགས་བསལ་ལྡན་པ་བཅས་ཀྱི་མི་རིགས་རིག་གནས་དར་རྒྱས་གོང་འཕེལ་བཏང་སྟེ་སྲུང་སྐྱོབ་བྱེད་རྒྱུ་དང་གོང་འཕེལ་གཏོང་རྒྱུ་གཉིས་མངོན་འགྱུར་ཡོང་བའི་བླང་བྱ་བཏོན་ཡོད།

        (དྲུག ) མཛེས་སྡུག་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་བྱེད་རྒྱུར་སྐུལ་འདེད་བཏང་བ། འབྱུང་ཁམས་སྲུང་སྐྱོབ་ལ་ཤུགས་སྣོན་རྒྱག་རྒྱུ་རྒྱུན་འཁྱོངས་ཀྱིས་འབྱུང་ཁམས་ཤེས་དཔལ་འཛུགས་སྐྱོང་བྱེད་རྒྱུར་ཤུགས་བརྒྱབ་པ། “འབྱུང་ཁམས་ཁོར་ཡུག་སྲུང་སྐྱོང་བྱེད་པ་དང་མཛེས་སྡུག་ལྡན་པའི་བོད་ལྗོངས་སྐྲུན་རྒྱུ ”བརྗོད་དོན་གཙོ་བོར་བྱས་པའི་བོད་དུ་ཀྲུང་ཧྭ་ཡི་ཁོར་ཡུག་སྲུང་སྐྱོབ་བྱེད་པའི་དུས་རབས་ལས་སྒོ་གཏིང་ཟབ་སྤེལ་ནས་རྒྱལ་ཁབ་དང་རང་སྐྱོང་ལྗོངས་ཀྱི་འབྲེལ་ཡོད་ཁོར་ཡུག་སྲུང་སྐྱོབ་ཀྱི་ཁྲིམས་ལུགས་ཁྲིམས་སྲོལ་དང་སྲིད་ཇུས་དྲིལ་བསྒྲགས་རྒྱ་ཁྱབ་བྱས་ཤིང་། རྣམ་གྲངས་འཛུགས་སྐྲུན་བྱེད་པའི་ཁྲོད་དུ་ཁོར་ཡུག་སྲུང་སྐྱོབ་བྱེད་ཐབས་དོན་འཁྱོལ་བྱས་ཚུལ་དང་། དཔལ་འབྱོར་ལག་རྩལ་གསར་སྤེལ་ཁུལ་དང་བཟོ་ལས་གླིང་ཁུལ་གྱིས་ཁོར་ཡུག་ལ་གནོད་གཞི་ཇི་ཡོང་གི་དཔྱད་གདེང་བྱས་ཚུལ། དེ་བཞིན་འཚོ་བའི་གད་སྙིགས་སྦས་ས་དང་བཙོག་ཆུ་གཙང་སེལ་བཟོ་གྲྭའི་རྣམ་གྲངས་འཛུགས་སྐྲུན་གྱི་ལས་གཉེར་དོ་དམ་སོགས་ཀྱི་གནས་ཚུལ་ཞིབ་བཤེར་བྱས་པ། གླེང་ཕྱོགས་ཀྱི་ལྟ་སྐུལ་བྱེད་རྒྱུར་ཤུགས་སྣོན་བརྒྱབ་པ་དང་རྗེས་འདེད་གསར་འགོད་བྱེད་ཤུགས་ཆེ་རུ་བཏང་ཡོད། རྒྱུན་ལས་ཨུ་ལྷན་གྱིས་གྲོས་ཞིབ་བྱས་ནས་རྗེས་འདེད་སྒྲུབ་སྐུལ་བྱེད་རྒྱུར་དམ་འཛིན་ཡག་པོ་བྱེད་པ་དང་། ཁོར་ཡུག་སྲུང་སྐྱོབ་ཀྱི་འགན་འཁྲིའི་ལམ་ལུགས་དོན་འཁྱོལ་ནན་ཏན་བྱེད་པ། བྱ་དགའ་ཆད་གཅོད་ཀྱི་ལམ་ལུགས་ནན་པོ་བཟོ་བ། རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ཤུགས་ཆེར་གཏོང་བ། ཁོར་ཡུག་སྲུང་སྐྱོབ་བྱེད་པའི་སྟོབས་ཤུགས་ཆེ་རུ་གཏོང་བ་བཅས་བྱེད་རྒྱུའི་བླང་བྱ་བཏོན་ཡོད། གཤེར་ས་སྲུང་སྐྱོབ་སྲོལ་ཡིག་དང་། གནམ་གཤིས་བཅའ་ཁྲིམས། དེ་བཞིན་གནམ་གཤིས་སྲོལ་ཡིག་བཅས་ལ་ཁྲིམས་སྒྱུར་ཞིབ་བཤེར་བྱས་ཏེ་གཤེར་ས་སྲུང་སྐྱོབ་ཀྱི་དོ་དམ་སྒྲིག་གཞི་འཐུས་ཚང་དུ་གཏོང་བ་དང་། འབྱུང་ཁམས་ཕན་འབྲས་སྐྱོང་གསབ་ལམ་སྲོལ་ལེགས་སུ་གཏོང་བ། ཚན་རྩལ་གྱི་འདེགས་སྐྱོར་ནུས་པར་མཐོང་ཆེན་བཅས་བྱས་ཏེ་མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ཐུབ་པ་བྱེད་དགོས་པ་དང་། གནམ་གཤིས་ཀྱི་རྨང་གཞིའི་སྒྲིག་བཀོད་ཐད་མ་འཇོག་བྱེད་ཤུགས་ཆེ་རུ་གཏོང་བ་དང་གནམ་གཤིས་ཀྱི་གནོད་འཚེ་སྔོན་འགོག་དང་ཆུང་དུ་གཏོང་རྒྱུའི་ནུས་པ་ཆེ་རུ་བཏང་ནས་དཔལ་འབྱོར་འཛུགས་སྐྲུན་དང་། སྤྱི་ཚོཌ་གོང་འཕེལ། མི་དམངས་འཚོ་བ་བཅས་ཀྱི་ཆེད་དུ་དེ་བས་ཡག་པའི་གནམ་གཤིས་ཀྱི་ཞབས་ཞུ་མཁོ་འདོན་བྱེད་དགོས་པའི་བླང་བྱ་བཏོན་ཡོད། རྒྱུན་ལས་ཨུ་ལྷན་གྱིས་ལྟ་སྐུལ་ཕན་འབྲས་དངོས་ཟམ་མི་ཆད་པར་ཤུགས་ཆེར་གཏོང་རྒྱུ་དེ་གལ་ཆེའི་གནས་བབ་ཏུ་བཞག་པ། གཅིག་ནི་སྙན་ཞུ་དང་གྲོས་འཆར་གྱི་དམིགས་བཀར་རང་བཞིན་ཆེ་རུ་བཏང་བ། ཁྲིམས་སྒྱུར་ཞིབ་བཤེར་དང་ཆེད་དོན་བརྟག་ཞིབ་བྱེད་སྐབས་བརྟག་ཞིབ་བྱེད་གནས་ཚན་རིག་དང་མཐུན་ལ་འོས་ཤིང་འཚམ་པ་བདམས་པ་དང་། བྱ་ཐབས་སྣ་ཚོགས་སྤྱད་དེ་གནས་ཚུལ་དངོས་ཁོང་དུ་གནད་འཕིགས་ཆུད་པ་བྱས་ཐོག དོན་དངོས་དང་ཟུང་འབྲེལ་གྱིས་དབྱེ་ཞིབ་གཏིང་ཟབ་བྱས་ཏེ་སྤུས་ཚད་མཐོ་བའི་ཁྲིམས་སྒྱུར་ཞིབ་བཤེར་གྱི་སྙན་ཞུ་དང་ཆེད་དོན་བརྟག་ཞིབ་སྙན་ཞུ་བྲིས་ནས་དམིགས་བཀར་རང་བཞིན་ཆེ་བའི་བསམ་འཆར་དང་གྲོས་འཆར་བཏོན་ཡོད། གཉིས་ནི་གྲོས་ཞིབ་བསམ་འཆར་གྱི་བཀོལ་སྤྱོད་བྱེད་ནུས་ཆེ་རུ་བཏང་བ། རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུ་གྲོལ་མ་ཐག་བཀོལ་སྤྱོད་བྱས་འཐུས་དང་དོན་འཁྱོལ་ཐུབ་པའི་གྲོས་ཞིབ་བསམ་འཆར་ཁྱོན་ཁག་11དུས་ཐོག་ཏུ་ཕྱོགས་བསྡུས་ལེགས་སྒྲིག་བྱས་ཏེ་ཀྲུའུ་རེན་ཚོཌ་འདུའི་ཐོག་ཞིབ་འཇུག་བྱས་རྗེས་སྲིད་གཞུང་ལ་གཉེར་སྒྲུབ་བྱེད་རྒྱུར་སྒྱུར་སྤྲོད་བྱས་ཡོད། སྲིད་གཞུང་གིས་ལས་དོན་དེར་ཚད་མཐོའི་མཐོང་ཆེན་བྱས་ཏེ་དག་ཐེར་ལེགས་བཅོས་དང་སྐུལ་སྤེལ་བཏང་བ་མ་ཟད། ཡིག་ཐོག་ནས་ཞིབ་འཇུག་དང་ཐག་གཅོད་བྱས་ཚུལ་བརྡ་ལན་བསློགས་ཡོད། གསུམ་ནི་རྗེས་འདེད་ལྟ་སྐུལ་གྱིས་དངོས་ཕན་རང་བཞིན་ཤུགས་ཆེར་བཏང་བ། ཁྲིམས་སྒྱུར་ཞིབ་བཤེར་སྙན་ཞུ་དང་ཆེད་དོན་བརྟག་ཞིབ་སྙན་ཞུ་འབྲེལ་ཡོད་སྡེ་ཚན་ལ་དཔྱད་གཞི་བྱེད་རྒྱུར་པར་འགྲེམས་བྱས་ཡོད། ལྟ་སྐུལ་ལས་དོན་སྒྲུབ་པའི་ནང་ཐོན་པའི་གནད་དོན་དང་བཏོན་པའི་གྲོས་འཆར་རིགས་ལ་རྒྱུན་ལས་ཨུ་ལྷན་གྱི་འབྲེལ་ཡོད་སྡེ་ཚན་གྱིས་རྗེས་འདེད་རྒྱུན་ཆད་མེད་པ་བྱས་ཏེ་གནད་དོན་ཐག་གཅོད་བྱེད་རྒྱུར་སྐུལ་འདེད་ཧུར་ཐག་བཏང་རྐྱེན་ལྟ་སྐུལ་གྱི་ཕན་འབྲས་དངོས་ཐོན་ཤུགས་ཆེ་རུ་སོང་བ་དང་། གནད་དོན་ཐག་གཅོད་བྱེད་པའི་ནུས་པ་རྒྱུན་ཐོན་གྱི་ལམ་སྲོལ་འཛུགས་པ་དང་འཐུས་ཚང་དུ་གཏོང་ཐུབ་པ་བྱུང་ཡོད།

        བཞི། གཙོ་རྐང་གི་གནས་བབ་མངོན་ཆེར་བཟུང་ནས་འཐུས་མིས་ཁྲིམས་ལྟར་འགན་འཁྲི་སྒྲུབ་རྒྱུར་འགན་སྲུང་བྱས་པ།

        ང་ཚོས་འཐུས་མིའི་བཅའ་ཁྲིམས་ལག་བསྟར་གཏིང་ཟབ་བྱས་ཏེ་འཐུས་མིའི་ལས་དོན་ལ་སྔར་བས་ཤུགས་སྣོན་དང་ལེགས་བཅོས་བྱས་པ་དང་། འཐུས་མིས་ཁྲིམས་ལྟར་འགན་འཁྲི་སྒྲུབ་རྒྱུར་རྒྱབ་སྐྱོར་དང་འགན་སྲུང་བྱས་པར་བརྟེན་འཐུས་མིའི་ནུས་པ་འདོན་སྤེལ་གང་ལེགས་ཐུབ་ཡོད།

        གཅིག་ནི་འཐུས་མིའི་གཙོ་རྐང་གི་གནས་བབ་ལ་བརྩི་འཇོག་བྱེད་རྒྱུ་རྒྱུན་འཁྱོངས་ཀྱིས་གྲོས་འཆར་གཉེར་སྒྲུབ་ཀྱི་ཕན་འབྲས་དངོས་ཐོན་ཤུགས་ཆེ་རུ་སོང་བ། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་པའི་ཚོགས་འདུ་ཐེངས་དང་པོའི་ཐོག་འཐུས་མིས་བཏོན་པའི་གྲོས་འཆར་དང་། སྐྱོན་བརྗོད། བསམ་འཆར་བཅས་ཁག་301ལ་འབྲེལ་ཡོད་ཕྱོགས་ཁག་ནས་གཏན་འཁེལ་དུས་ཚད་ནང་གཉེར་སྒྲུབ་ལན་འདེབས་བྱས་ཟིན་ཞིང་། འཐུས་མིའི་གྲོས་འཆར་ནང་བཏོན་པའི་གནད་དོན་རིགས་ཐག་གཅོད་བྱས་ཟིན་པའམ་ཡང་ན་ཐག་གཅོད་བྱེད་རྒྱུའི་འཆར་གཞི་ཡོད་པ་དེ་སྤྱིའི་བསྡོམས་འབོར་གྱི་82.3%ཟིན་ཡོད་ཅིང་། ས་ཁད་མཐོ་བའི་ས་ཁུལ་གྱི་སློབ་གྲྭའི་ཉལ་ཁང་གི་དྲོད་སྲུང་ལས་གཞི་ལག་བསྟར་བྱེད་རྒྱུ་དང་། གློག་མེད་པའི་ས་ཁུལ་གྱི་གློག་ཤུགས་འཛུགས་སྐྲུན་བྱེད་རྒྱུ། (པར་ངོས་གསུམ་པར་མཐུད )མི་དམངས་འཐུས་མི་ཚོགས་ཆེན་རིང་འཆར་གཞི་དང་ནོར་སྲིད་ལ་གྲོས་ཞིབ་བྱེད་རྒྱུར་ཤུགས་སྣོན་རྒྱག་རྒྱུ་སོགས་ཀྱི་གྲོས་འཆར་ཁག་གཅིག་གི་གཉེར་སྒྲུབ་ལས་དོན་ཐད་གྲུབ་འབྲས་ཆེན་པོ་ཐོབ་ཡོད། སྒྲུབ་འགན་འཁུར་མཁན་ཚན་པས་འཐུས་མི་དང་འབྲེལ་གཏུག་བྱེད་རྒྱུར་མཐོང་ཆེན་དང་ཤུགས་སྣོན་བརྒྱབ་ཐོག འཐུས་མིའི་བཞུགས་མོལ་ཚོགས་འདུ་དང་ཆེད་དོན་བརྟག་ཞིབ་ནང་ཞུགས་རྒྱུར་གདན་འདྲེན་ཞུས་ཏེ་ཐུན་མོང་ཐོག་གྲོས་གཞི་གཉེར་སྒྲུབ་ཀྱི་ཇུས་གཞི་ཞིབ་འཇུག་བྱས་ཡོད། ལྗོངས་ཕྱི་ནང་དུ་བསྐྱོད་ནས་རིགས་ཚོགས་དབྱེ་འབྱེད་བྱས་མེད་པའི་རིགས་ཀྱི་མིང་བབ་ཆ་འཕྲིན་ཐོ་འགོད་དང་ཁེ་དབང་སྲུང་སྐྱོབ་བྱེད་རྒྱུའི་གྲོས་འཆར་གཉེར་སྒྲུབ་ཀྱི་ལས་དོན་སྐོར་ལ་བརྟག་ཞིབ་གཏིང་ཟབ་བྱས་ཏེ་དམིཌ་བཀར་རང་བཞིན་དང་བཀོལ་སྤྱོད་རང་བཞིན་ཆེ་བའི་བསམ་འཆར་དང་གྲོས་འཆར་བཏོན་ཡོད། རྒྱུན་ལས་ཨུ་ལྷན་ནས་སྤྱི་ཚོགས་ཀྱིས་དོ་ཁུར་ཆེན་པོ་བྱེད་པའི་གྲོས་འཆར་ཁག་60གཙོ་གནད་ཀྱི་གྲོས་འཆར་དུ་བརྩིས་ནས་ཞིབ་བཤེར་བྱས་པ་དང་སྒྲུབ་སྐུལ་དོན་འཁྱོལ་བྱེད་ཤུཌ་ཆེ་རུ་བཏང་ཡོད།

        གཉིས་ནི་འཐུས་མིར་ཞབས་ཞུ་སྒྲུབ་པའི་བསམ་བློ་རྒྱུན་འཁྱོངས་ཀྱིས་ཞབས་ཞུ་འགན་སྲུང་བྱེད་པའི་ཆུ་ཚད་གོང་མཐོར་བཏང་བ། རྒྱུན་ལས་ཨུ་ལྷན་གྱི་ཁོངས་མིས་གཞི་རིམ་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་འབྲེལ་གཏུག་བྱེད་པ་དང་། མི་དམངས་འཐུས་ཚོགས་ཀྱི་འཐུས་མིས་འདེམས་བསྐོའི་ཚན་པར་འབྲེལ་བ་བྱེད་པ་དང་འདེམས་དམངས་ལམ་ལུགས་སྔར་བས་འཐུས་ཚང་དུ་བཏང་ཡོད། འཐུས་མིས་གནས་ཚུལ་ཤེས་རྟོགས་བྱེད་དབང་འགན་སྲུང་བྱེད་ཆེད་མི་དམངས་འཐུས་ཚོགས་ཀྱི་དུས་དེབ་དང་འབྲེལ་ཡོད་དཔྱད་ཡིག་དུས་ཐོག་ཏུ་འཐུས་མིར་འབུལ་སྐྱེལ་བྱས་པར་བརྟེན་མི་དམངས་འཐུས་ཚོགས་ཀྱི་འཐུས་མིས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་དང “གཞུང་གཅིག་ཁང་གཉིས ”ཀྱི་ལས་དོན་དུས་ཐོག་ཏུ་ཤེས་རྟོགས་ཐུབ་པས། འཐུས་མིས་འགན་དབང་སྤྱོད་རྒྱུར་ཆ་རྐྱེན་སྐྲུན་ཏེ་གནས་ཚུལ་དང་ཆབ་སྲིད་ཤེས་རྟོགས་བྱེད་རྒྱ་སྔར་བས་ཆེ་རུ་བཏང་ཡོད། ལྗོངས་ཕྱི་ནང་དུ་སྔ་རྗེས་སུ་སྦྱོང་བརྡར་འཛིན་གྲྭ་ཐེངས་3གཉེར་བ་དང་སློབ་སྦྱོང་རྟོག་ཞིབ་བྱེད་སྒོ་སྒྲིག་འཛུགས་བྱས་པར་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་མི་དམངས་འཐུས་ཚོགས་ཀྱི་ལས་བྱེད་པ་270ལ་ཉེ་བ་ཞུགས་ཏེ་འཐུས་མིའི་འགན་འཁྲི་དང་མི་དམངས་འཐུས་ཚོགས་ཀྱི་ལས་དོན་སོགས་ཀྱི་ཤེས་བྱ་གཙོ་གནད་དུ་སློབ་སྦྱོང་བྱས་པར་བརྟེན་མི་དམངས་འཐུས་ཚོཌ་ཀྱི་འཐུས་མི་དང་མི་དམངས་འཐུས་ཚོགས་ཀྱི་ལས་བྱེད་པའི་འགན་འཁྲི་སྒྲུབ་ནུས་ཤུཌ་ཆེར་སོང་ཡོད།

        གསུམ་ནི་འཐུས་མི་དང་འབྲེལ་གཏུག་དམ་ཟབ་བྱེད་རྒྱུ་རྒྱུན་འཁྱོངས་ཀྱིས་འཐུས་མི་བྱེད་སྒོའི་ནང་ཞུགས་རྒྱ་ཆེ་རུ་བཏང་བ། སྤྱི་དབང་མིན་པའི་ཁེ་ལས་གོང་འཕེལ་དང་། དྲོད་གཏོང་ལས་གཞི། བཟའ་བཅའི་བདེ་འཇགས་སོགས་མང་ཚོགས་ཀྱིས་དོ་ཁུར་དང་གླེང་ཆ་ཆེ་བའི་གནད་དོན་ལ་དམིགས་ནས་འཐུས་མི་སྒྲིག་འཛུགས་བྱས་ཏེ་བརྟག་ཞིབ་དང་རྟོག་ཞིབ་ཐེངས་12བྱས་པར་སྙན་ཞུ་10ལྷག་ཙམ་གྲུབ་པ་དང་། གྲོས་འཆར་བཏོན་རིགས་དོན་འཁྱོལ་ཡག་ཙམ་བྱུང་ཡོད། འཐུས་མིའི་ཚོགས་ཆུང་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་བཏང་བ་དང་འཐུས་མིའི་ཚོགས་ཆུང་གིས་རྒྱུན་ལས་ཨུ་ལྷན་གྱི་ལས་དོན་བཀོད་སྒྲིག་ལ་དམིགས་ཏེ་ས་ཆ་དེ་རང་དང་ཐག་ཉེ་སར་བྱེད་སྒོ་སྤེལ་རྒྱུའི་མཛུབ་ཁྲིད་བྱས་ཐོག འཐུས་མིའི་ཚོགས་ཆུང་གིས་རྒྱུན་ལས་ཨུ་ལྷན་གྱི་ལས་དོན་ལ་བཏོན་པའི་བསམ་འཆར་དང་གྲོས་འཆར་གང་ལེགས་ཉན་ལེན་བྱས་ཡོད། རྒྱུན་ལས་ཨུ་ལྷན་དང་ཆེད་དོན་ཨུ་ལྷན་གྱི་ལས་དོན་ལ་འཐུས་མིས་ཐེ་ཞུགས་བྱེད་རྒྱ་ཆེ་རུ་བཏང་བ་དང་། རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུ་ཚང་མར་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་རྫོང་རིམ་པའི་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་ཟུར་ཞུགས་སུ་གདན་ཞུ་བྱས་ཤིང་། ཟུར་ཞུགས་མི་2ཡིན་པ་ནས་མི་10བར་མང་དུ་བཏང་ཡོད། འཐུས་མི་50ལྷག་ཙམ་ཁྲིམས་སྒྱུར་ཞིབ་བཤེར་དང་ཆེད་དོན་ལས་དོན་ཨུ་ལྷན་གྱི་བྱེད་སྒོའི་ནང་ཞུགས་སུ་བཅུག་པ་དང་། འཐུས་མིའི་གྲོས་འཆར་བསྡུ་ལེན་གང་ལེགས་བྱས་ཏེ་རྒྱུན་ལས་ཨུ་ལྷན་གྱི་ལས་ཀའི་སྤུས་ཚད་རྒྱུན་ཆད་མེད་པར་གོང་མཐོར་གཏོང་གི་ཡོད།

        ལྔ། མི་དམངས་འཐུས་ཚོགས་ཀྱི་དགེ་མཚན་འདོན་སྤེལ་བྱས་ཏེ་སྤྱི་ཚོགས་ཞི་མཐུན་དང་བརྟན་ལྷིང་ཡོང་བར་སྐུལ་འདེད་བཏང་བ།

        གཅིག་ནི་བརྟན་ལྷིང་སྲུང་སྐྱོང་གི་ལས་དོན་ཧུར་ཐག་བསྒྲུབས་པ། ལྗོངས་ཏང་ཨུད་ཀྱི་བཀོད་སྒྲིག་གཞིར་བཟུང་རྒྱུན་ལས་ཨུ་ལྷན་གྱི་འགོ་ཁྲིད་ཁག་གཅིག་གིས་འབྲེལ་ཡོད་ས་གནས་དང་དགོན་སྡེར་ཟབ་སྐྱོད་བྱས་ཏེ་ས་ཡུལ་དངོས་ལ་ཞིབ་བཤེར་བྱེད་པ་དང་། མངོན་བཤེར་ལྐོག་ཞིབ་བྱེད་པ། བཞུགས་མོལ་སྤེལ་རེས་བྱེད་པ་སོགས་ཀྱི་བྱ་ཐབས་སྤྱད་དེ་བརྟན་ལྷིང་སྲུང་སྐྱོང་གི་བྱེད་ཐབས་ཁག་དོན་འཁྱོལ་བྱས་ཚུལ་ལ་ཞིབ་བཤེར་ནན་ཏན་གྱིས་ལེགས་བཅོས་བྱེད་རྒྱུའི་བླང་བྱ་བཏོན་ནས་བརྟན་ལྷིང་སྲུང་སྐྱོང་ལ་ལྟ་སྐུལ་མཛུབ་ཁྲིད་ཡག་པོ་བྱས་ཡོད། མི་དམངས་འཐུས་ཚོགས་ཀྱི་ལས་ཁུངས་ལ་མཛུབ་ཁྲིད་ཀྱིས་ལས་བྱེད་པ་27གྲོང་ཚོ་དང་དགོན་སྡེར་བཅའ་སྡོད་དང་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་ཨང་དང་པོ་བྱེད་པར་འདེམས་གཏོང་བྱས་ནས་གཞི་རིམ་དང་མང་ཚོགས་ཁྲོད་དུ་བསྐྱོད་དེ་དུས་བདེའི་གྲོང་གསེབ་འཛུགས་སྐྱོང་བྱེད་རྒྱུ་དང་“སྔོན་ཐོན་གཉིས་ལྡན་དུད་སྦྲེལ ”གསར་གཏོད་དཔྱད་འདེམས་བྱེད་རྒྱུ་དམ་འཛིན་བྱེད་སར་བརྩིས་ཏེ་བརྟན་ལྷིང་སྲུང་སྐྱོང་གི་བྱ་ཐབས་ཁག་དོན་འཁྱོལ་ནན་ཏན་བྱས་པར་བརྟེན་བདེ་འཇགས་ཐད་ཀྱི་རྐྱེན་ངན་ཡོང་གཞི་མྱུ་གུ་འབུར་འཇོམས་ཐུབ་ནས་གཞི་རིམ་གོང་འཕེལ་དང་བརྟན་ལྷིང་ཡོང་བར་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་བྱས་ཡོད། ལས་བྱེད་ལས་བཟོའི་འགན་འཁྲི་འཁུར་སེམས་དང་བདེ་འཇགས་ཀྱི་འདུ་ཤེས་ཤུགས་ཆེར་བཏང་ནས་མི་དམངས་འཐུས་ཚོགས་ལས་ཁུངས་ཞི་མཐུན་བརྟན་ལྷིང་ཡོང་རྒྱུ་འགན་ལེན་ཐུབ་པ་བྱས་ཡོད།

        གཉིས་ནི་ཡིག་འབུལ་ཞུ་བཅར་གྱི་ལས་དོན་ཡག་པོ་བསྒྲུབས་པ། ཡིག་འབུལ་ཞུ་བཅར་སྲོལ་ཡིག་ལག་བསྟར་དོན་འཁྱོལ་བྱས་ནས་ལམ་ལུགས་འཐུས་ཚང་དུ་གཏོང་བ་དང་། བྱ་ཐབས་ཞིབ་ཚགས་སུ་གཏོང་བ། སྒྲུབ་སྐུལ་བྱེད་ཤུགས་ཆེ་རུ་གཏོང་བ། སྤུས་ཚད་ཡག་ཏུ་གཏོང་བ་བཅས་བྱས་ཡོད། ལོ་ཧྲིལ་པོར་མང་ཚོགས་ཀྱི་ཡིག་འབུལ་ཞུ་བཅར་ཁྱོན་བསྡོམས་ཁག་32དང་མི་(ཐེངས )93བདག་སྤྲོད་བྱས་ཤིང་། ཡིག་འབུལ་ཞུ་བཅར་ནང་བཏོན་པའི་མངོན་ཆེའི་གནད་དོན་ལ་ཞིབ་འཇུག་དང་ཕྱོགས་བསྡུས་ཞིབ་གཅོད་བྱས་ནས་གཉེར་སྒྲུབ་བྱེད་རྒྱུའི་གྲོས་འཆར་བཏོན་པ་མ་ཟད། གལ་ཆེའི་ཡིག་འབུལ་ཞུ་བཅར་ཁག་རྩིས་སྤྲོད་སྒྲུབ་སྐུལ་བྱེད་རྒྱུར་ཤུགས་སྣོན་བརྒྱབ་པར་བརྟེན་གནད་དོན་ཐག་གཅོད་བྱེད་རྒྱུར་སྐུལ་འདེད་ཐེབས་པ་དང་། འགལ་ཟླ་འོས་འཚམ་སེལ་བ། སྤྱི་ཚོགས་ཞི་མཐུན་ཡོང་ཐུབ་པ་བཅས་བྱུང་ཡོད།

        གསུམ་ནི་ཕྱི་འབྲེལ་ལས་དོན་གང་ལེགས་བསྒྲུབས་པ། རྒྱལ་ཁབ་ཀྱི་སྤྱིའི་ཕྱི་འབྲེལ་ལ་ཞབས་ཞུ་དང་བོད་ལྗོངས་གོང་འཕེལ་བརྟན་ལྷིང་ཡོང་བར་ཞབས་ཞུ་བྱེད་རྒྱུའི་རྩ་དོན་རྒྱུན་འཁྱོངས་ཀྱིས་བོད་འབྲེལ་ཕྱི་དོན་ལས་ཀ་ཧུར་ཐག་སྤེལ་ཡོད། ལོ་གཅིག་རིང་ཨ་རི་དང་། ཁ་ན་ཏ། པེར་ཀྲེམ། ཧྥ་རན་སི་སོཌ་རྒྱལ་ཁབ་7ལ་འཚམས་འདྲིར་བསྐྱོད་རྒྱུ་སྒྲིག་འཛུཌ་ཐེངས་ཁག་5བྱས་ཏེ་དྲང་ཕྱོགས་ནས་བོད་ལྗོངས་དྲིལ་བསྒྲཌ་དང་ཏཱ་ལར་ཐེར་འདོན་དགག་རྒྱག་གཏིང་ཟབ་བྱེད་པའི་ལས་འགན་གཙོ་བོ་གཉིས་ལ་དམ་པོར་དམིགས་ཏེ་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གྱི་གྲུབ་འབྲས་རླབས་པོ་ཆེ་དང་མི་རིགས་ཁག་གི་མི་དམངས་རྣམས་རང་ཁྱིམ་རང་བདག་ཡིན་པའི་རླབས་ཆེན་ལག་ལེན་དྲིལ་བསྒྲགས་ཤུགས་ཆེ་བྱས་པ་བཅས་ཀྱི་ཐོག་ནས་ནུབ་ཕྱོགས་དགྲ་ཡའི་ཕྱོགས་གཏོགས་དང་ཏཱ་ལའི་རུ་ཚོགས་ཀྱི་དམའ་འབེབས་དང་ཚུར་རྒོལ་བྱེད་རིགས་ལ་རྒོལ་ལན་མཐའ་གཅིག་ཏུ་བསློགས་ཏེ་ཏཱ་ལ་རུ་ཚོགས་ཀྱི་རྒྱལ་སྤྱིའི་ཐོག་གི་བྱེད་སྒོ་སྤེལ་ས་བཅུར་བཀག་བཏང་ནས་སྤྱི་ཚོཌ་རིང་ལུགས་ཀྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱེད་ཆེད་ཕྱི་ཕྱོཌ་ཀྱི་ཁོར་ཡུག་བཟང་པོ་ཞིག་བསྐྲུན་ཡོད།

        དྲུག རང་ངོས་ལེགས་སྐྱོང་བྱེད་རྒྱུར་ཤུགས་སྣོན་བརྒྱབ་ནས་རང་འགན་འཁྲི་སྒྲུབ་བྱེད་ནུས་ཆེ་རུ་བཏང་བ།

        གཅིག་ནས་སློབ་སྦྱོང་བྱེད་ནུས་ཆེ་རུ་གཏོང་རྒྱུར་ཤུགས་བརྒྱབ་པ། ལྟེ་བའི་རིགས་པའི་གཞུང་ལུགས་སློབ་སྦྱོང་ཚོགས་ཆུང་དང་། ཆེད་དོན་བཤད་ཁྲིད། ཟུར་ཁྲིད་སློབ་སྦྱོང་བཅས་ཀྱི་བྱ་ཐབས་སྤྱད་ནས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རིགས་པའི་གཞུང་ལུགས་ཀྱི་མ་ལག་དང་། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ། སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ། དེ་བཞིན་སྤྱི་ཁྱབ་ཧྲུའུ་ཅི་ཞིའི་ཅིན་ཕིང་གི་གལ་ཆེའི་གསུང་བཤད་རབ་དང་རིམ་པ་བཅས་ཀྱི་དགོངས་དོན་སློབ་སྦྱོང་གཏིང་ཟབ་བྱས་ཐོག དོན་དངོས་དང་ཟུང་འབྲེལ་བྱས་ནས་བསམ་བློ་གཏིང་ཟབ་གཏོང་བ་མ་ཟད། རང་འགན་འཁྲི་སྒྲུབ་བྱེད་རྒྱུར་དམིགས་ནས་སྦྱངས་པ་དོན་ལ་སྨིན་པ་བྱས་ཏེ་བློ་བརྟན་འགྱུར་མེད་ངང་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ཆབ་སྲིད་གོང་འཕེལ་གཏོང་རྒྱུའི་འགྲོ་ལམ་ཐོག་བསྐྱོད་རྒྱུའི་རང་རྟོགས་རང་བཞིན་དང་བློ་བརྟན་རང་བཞིན་རྒྱུན་ཆད་མེད་པར་ཤུགས་ཆེར་བཏང་བ་དང་། མི་དམངས་འཐུས་མི་ཚོགས་ཆེན་གྱི་ལམ་ལུགས་རྒྱུན་འཁྱོངས་དང་འཐུས་སྒོ་ཚང་དུ་གཏོང་རྒྱུའི་རང་རྟོགས་རང་བཞིན་དང་བློ་བརྟན་རང་བཞིན་རྒྱུན་ཆད་མེད་པར་ཤུགས་ཆེར་བཏང་བ། ཁྲིམས་སྐྱོང་བསམ་བློ་དང་ཁྲིམས་སྐྱོང་བྱེད་ཐབས་སྤྱད་ནས་གོང་འཕེལ་དང་བརྟན་ལྷིང་ལ་སྐུལ་འདེད་གཏོང་རྒྱུའི་རང་རྟོགས་རང་བཞིན་དང་བློ་བརྟན་རང་བཞིན་རྒྱུན་ཆད་མེད་པར་ཤུགས་ཆེར་བཅས་བཏང་ཡོད།

        གཉིས་ནས་ཞིབ་འཇུག་བྱེད་ནུས་ཆེ་རུ་གཏོང་རྒྱུར་ཤུགས་བརྒྱབ་པ། ལྗོངས་ཡོངས་ཀྱི་སྤྱི་ཡོངས་ལས་དོན་ལ་དམིགས་ནས་ཀྲུང་གོའི་ཁྱད་ཆོས་ལྡན་པ་དང་བོད་ཀྱི་དམིགས་བསལ་ཁྱད་ཆོས་ལྡན་པའི་ལམ་བུའི་ཐོག་བསྐྱོད་དེ་མཆོང་སྐྱོད་ལྟ་བུའི་གོང་འཕེལ་དང་ཡུན་རིང་བདེ་འཁོད་ལ་སྐུལ་འདེད་གཏོང་བའི་རླབས་ཆེན་འཕེལ་རིམ་ཁྲོད་ཇི་ལྟར་བྱས་ནས་མི་དམངས་འཐུས་ཚོགས་ཀྱི་དགོས་ངེས་ནུས་པ་ཐོན་རྒྱུར་ཞིབ་འཇུག་གཏིང་ཟབ་བྱས་ཡོད། མི་དམངས་འཐུས་ཚོགས་ཀྱིས་ཁྲིམས་ལྟར་རང་འགན་འཁྲི་སྒྲུབ་བྱེད་རྒྱུར་དམིགས་ནས་ཇི་ལྟར་བྱས་ཏེ་ཁྲིམས་བཟོའི་སྤུས་ཚད་མཐོ་རུ་གཏོང་རྒྱུ་དང་། ལྟ་སྐུལ་གྱི་ཕན་འབྲས་ཤུགས་ཆེར་གཏོང་རྒྱུ། འཐུས་མིའི་ནུས་པ་འདོན་སྤེལ་བྱེད་རྒྱུ་བཅས་ལ་ཞིབ་འཇུག་གཏིང་ཟབ་བྱས་ཡོད། སློབ་གསོ་ལག་བསྟར་བྱེད་སྒོར་དམིགས་ཏེ་ཇི་ལྟར་བྱས་ནས་ལས་ཀའི་ཀུན་སྤྱོད་འགྱུར་ལྡོག་གཏོང་རྒྱུ་དང་། མང་ཚོགས་དང་འབྲེལ་བ་དམ་ཟབ་བྱེད་རྒྱུ། ནུས་པ་རྒྱུན་ཐོན་གྱི་ལམ་སྲོལ་འཛུགས་རྒྱུ་བཅས་ལ་ཞིབ་འཇུག་གཏིང་ཟབ་བཅས་བྱས་ནས་མང་ཚོགས་ཀྱི་བསམ་འཆར་ཉན་པ་དང་དམངས་ཀྱི་བློ་རིག་གཅིག་ཏུ་བསྡུས་ཏེ་མི་རིགས་ཁག་གི་མི་དམངས་ཀྱི་རྩ་བའི་ཁེ་ཕན་མངོན་གྱུར་ཡག་པོ་དང་། སྲུང་སྐྱོང་ཡག་པོ། གོང་འཕེལ་ཡག་པོ་བཅས་ཀྱི་བརྟག་ཞིབ་སྙན་ཞུ་དང་ཞིབ་གྲོས་དཔྱད་ཡིག་50ལྷག་ཙམ་བྲིས་ཡོད།

        གསུམ་ནས་གཅིག་གྱུར་འཆར་འགོད་བྱེད་ནུས་ཆེ་རུ་གཏོང་རྒྱུར་ཤུགས་བརྒྱབ་པ། ལྟ་སྐུལ་དང་རྒྱབ་སྐྱོར་གྱི་འབྲེལ་བ་ཐག་གཅོད་ཡང་དག་བྱས་ནས་རང་འགུལ་ངང་“གཞུང་གཅིག་ཁང་གཉིས ”དང་འབྲེལ་བ་བྱེད་རྒྱུར་ཤུགས་སྣོན་བརྒྱབ་སྟེ་འགན་ནུས་སྡེ་ཚན་དང་། རིགས་གཅིག་མཁས་དབང་། མི་དམངས་འཐུས་ཚོགས་ཀྱི་འཐུས་མི། དེ་བཞིན་སྤྱི་ཚོགས་ཀྱི་སྟོབས་ཤུགས་བཅས་དང་འབྲེལ་བ་བྱེད་རྒྱུར་ཤུགས་སྣོན་བརྒྱབ་པ་དང་སྦྲགས་རྒྱུན་ལས་ཨུ་ལྷན་གྱི་དོན་གཅོད་ལས་ཁུངས་དང་ཆེད་དོན་ལས་དོན་ཨུ་ལྷན་དང་འབྲེལ་བ་དམ་ཟབ་ཀྱིས་མཉམ་ཞུགས་ཚོགས་འདུའི་ལམ་ལུགས་བཙུགས་ཏེ་ལས་ཀའི་མཉམ་ཤུགས་གཅིག་ཏུ་སྒྲིལ་བ་བཅས་བྱས་ཡོད། འགན་བབས་ལས་སྒོ་དང་སྦྱོང་བརྡར་སོགས་ཐད་ལ་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་རོགས་རམ་དང་རྒྱབ་སྐྱོར་ཐོབ་གང་ཐུབ་བྱས་པ་དང་། གཞི་རིམ་མི་དམངས་འཐུས་ཚོགས་ཀྱི་ལས་དོན་ལ་མཛུབ་ཁྲིད་བྱེད་རྒྱུར་མཐོང་ཆེན་བྱས་ནས་ཐུན་མོང་ཐོག་དམངས་གཙོའི་ཁྲིམས་ལུགས་འཛུགས་སྐྱོང་གོང་འཕེལ་ཡོང་བར་སྐུལ་འདེད་བཏང་ཡོད། སྤུན་ཟླའི་ཞིང་ཆེན (རང་སྐྱོང་ལྗོངས་དང་གྲོང་ཁྱེར )མི་དམངས་འཐུས་ཚོགས་དབར་ལས་དོན་སྤེལ་རེས་དང་འགྲོ་འོང་བྱེད་རྒྱུར་སྔར་བས་ཤུགས་སྣོན་བརྒྱབ་ཐོག ལྷོ་ནུབ་ས་ཁུལ་མི་དམངས་འཐུས་ཚོགས་ཀྱི་ནོར་དཔལ་ལས་དོན་གྱི་བཞུགས་མོལ་ཚོགས་འདུ་ལམ་ལྷོངས་ངང་སྐོང་ཚོཌ་བྱས་ཡོད།

        བཞི་ནས་ལག་བསྟར་བྱེད་ནུས་ཆེ་རུ་གཏོང་རྒྱུར་ཤུགས་བརྒྱབ་པ། དམངས་གཙོ་གཅིག་སྡུད་ལམ་ལུགས་ཀྱི་རྩ་དོན་རྒྱུན་འཁྱོངས་དང་ཁྲིམས་བཅད་གོ་རིམ་གཞིར་བཟུང་ཚོགས་འདུའི་རྣམ་པའི་ཐོག་ནས་མཉམ་སྡེབ་ཐོག་འགན་དབང་སྤྱོད་པ་དང་། མཉམ་སྡེབ་ཐོག་གནད་དོན་གཏན་འཁེལ་བྱས་ཤིང་། དམངས་གཙོ་དར་སྤེལ་གང་ལེགས་གཏོང་བ་དང་། ཁྲིམས་ལྟར་བྱ་བ་ནན་པོ་སྒྲུབ་པ། བློ་བསྡུས་དགེ་འཚོལ་ལ་མཐོང་ཆེན་བྱེད་པ་བཅས་ཀྱི་ལས་ཀ་དོན་འཁྱོལ་བྱེད་རྒྱུ་དམ་འཛིན་ཤུགས་ཆེ་བྱས་ཡོད། ཀྲུའུ་རེན་ཚོགས་འདུའི་དོན་གྲོས་ལམ་སྲོལ་དང་། བརྟག་ཞིབ་ལས་དོན་བསམ་འཆར། དེ་བཞིན “ཚོགས་འདུ་གསུམ ”གྱི་ལས་ཀའི་གོ་རིམ་སོགས་གཏན་ལ་ཕབ་པའམ་བཟོ་བཅོས་བརྒྱབ་ཐོག དོན་གྲོས་ཀྱི་གོ་རིམ་ཚད་ལྡན་དང་དོན་གྲོས་ཀྱི་ལས་ཕྱོད་སྔར་བས་ཆེ་རུ་བཏང་ནས་ལས་ཀ་ཚད་ལྡན་ཅན་དུ་འགྱུར་རྒྱུའི་ཆུ་ཚད་རྒྱུན་ཆད་མེད་པར་གོང་མཐོར་བཏང་ཡོད། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་ཆེད་དོན་ལས་དོན་ཨུ་ལྷན་ཁག་གིས་ཁྲིམས་ལྟར་རང་འགན་འཁྲི་སྒྲུབ་དང་ས་གནས (གྲོང་ཁྱེར )དང་རྫོང་མི་དམངས་འཐུས་ཚོགས་ནས་གཞོགས་འདེགས་ཧུར་ཐག་བྱས་པར་བརྟེན་མི་དམངས་འཐུས་ཚོགས་ཀྱི་ལས་འགན་ཁག་ལམ་ལྷོངས་ངང་ལེགས་གྲུབ་བྱུང་བ་མ་ཟད། ས་གནས་དེ་གའི་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་འགྲོ་རྒྱུར་སྐུལ་འདེད་ཐུབ་ཡོད། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་ལས་ཁུངས་ཀྱིས་མང་ཚོགས་ལམ་ཕྱོགས་ཀྱི་སློབ་གསོ་ལག་ལེན་བྱེད་སྒོ་སྤེལ་རྒྱུར་དམ་འཛིན་བྱས་ནས་བསམ་བློ་ལེགས་སྐྱོང་དང་། རྩ་འཛུགས་ལེགས་སྐྱོང་། སྤྱོད་ཚུལ་ལེགས་སྐྱོང་། ནུས་པ་ཆེར་གཏོང་བཅས་བྱེད་རྒྱུར་ཤུགས་སྣོན་ཏན་ཏིག་བརྒྱབ་སྟེ་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་དང་དེའི་རྒྱུན་ལས་ཨུ་ལྷན་གྱིས་ཁྲིམས་ལྟར་རང་འགན་འཁྲི་སྒྲུབ་བྱེད་རྒྱུར་བློ་ཇུས་འདོན་རོགས་ཡག་པོ་དང་ཞབས་ཞུ་ཡག་པོ་བསྒྲུབས་ཡོད།

        ལོ་གཅིག་རིང་གི་ལས་ཀར་ཕྱི་མིག་ལྟ་སྐབས་ང་ཚོར་དུས་སྐབས་གསར་པའི་མི་དམངས་འཐུས་ཚོགས་ཀྱི་ལས་དོན་ཡག་པོ་སྒྲུབ་དགོས་ན་ངེས་པར་དུ་ཡང་དག་པའི་ཆབ་སྲིད་ཀྱི་ཁ་ཕྱོགས་བརྟན་པོ་དང་། ཆབ་སྲིད་ཀྱི་འདུ་ཤེས་དང་ཏང་གི་འདུ་ཤེས་བརྟན་པོ་བཙུགས་ཏེ་ཏང་གི་འགོ་ཁྲིད་དེ་མི་དམངས་འཐུས་ཚོགས་ཀྱི་ལས་དོན་ཚང་མའི་ནང་དོན་འཁྱོལ་ཏན་ཏིག་ཐུབ་པ་བྱེད་དགོས་པ་དང་། ངེས་པར་དུ་མི་དམངས་གཙོ་རྐང་ཡིན་པའི་གནས་བབ་རྒྱུན་འཁྱོངས་བྱས་ནས་མང་ཚོགས་ཀྱི་ལྟ་བ་དང་དམངས་འཚོའི་འདུ་ཤེས་བརྟན་པོ་བཙུགས་ཏེ་མི་རྩ་བར་འཛིན་རྒྱུ་དང་དམངས་ཀྱི་ཆེད་དུ་སྲིད་སྐྱོང་རྒྱུའི་བླང་བྱ་དེ་མི་དམངས་འཐུས་ཚོགས་ཀྱི་འགན་འཁྲི་སྒྲུབ་པའི་བརྒྱུད་རིམ་ཚང་མའི་ནང་དོན་འཁྱོལ་བྱེད་དགོས་པ། ངེས་པར་དུ་བོད་ཀྱི་གནས་ཚུལ་ཡག་པོ་ཤེས་པ་བྱས་ཐོག་འགན་འཁྲི་འཁུར་སེམས་དང་གསར་གཏོད་ཀྱི་ལྟ་བ་བརྟན་པོ་བཙུགས་ཏེ་འགལ་ཟླ་གཙོ་བོ་དང་དམིགས་བསལ་འགལ་ཟླ་གང་ཡིན་གསལ་པོ་ཤེས་པ་བྱས་ཐོག་བོད་ཀྱི་དོན་དངོས་ལ་བསྟུན་པ་དང་དུས་བསྟུན་ཡར་རྒྱས་ཀྱི་སྒོ་ནས་མི་དམངས་འཐུས་ཚོགས་ཀྱི་ལས་དོན་ཡག་པོ་སྒྲུབ་དགོས་པ། ངེས་པར་དུ་སྤྱི་ཡོངས་ལ་དམིགས་ནས་འགན་དབང་སྤྱོད་པ་དང་། སྤྱི་ཡོངས་ཀྱི་འདུ་ཤེས་དང་ཞབས་ཞུའི་བསམ་བློ་བརྟན་པོ་བཙུགས་ཏེ་མི་དམངས་འཐུས་ཚོགས་ཀྱི་ལས་ཀའི་ཁྱད་ཆོས་དང་གནས་བབ་དང་བསྟུན་ནས་མཆོང་སྐྱོད་ལྟ་བུའི་གོང་འཕེལ་དང་ཡུན་རིང་བདེ་འཁོད་ཡོང་བ་བྱེད་པའི་ནང་ཁྲིམས་བཞིན་ནུས་པ་འདོན་སྤེལ་སྔར་ལས་ལྷག་པ་བྱེད་དགོས་པ་བཅས་ཀྱི་མྱོང་ཚོར་ཟབ་མོ་བྱུང་།

        2013ལོར་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ལས་དོན་ལ་ཐོབ་པའི་གྲུབ་འབྲས་དེ་དག་ནི་ལྗོངས་ཏང་ཨུད་ཀྱི་ཡང་དག་པའི་འགོ་ཁྲིད་ཀྱི་འབྲས་བུ་ཞིག་ཡིན་ལ་རྒྱ་ཆེའི་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ཡོངས་དང་། རྒྱུན་ལས་ཨུ་ལྷན་གྱི་ཁོངས་མི། དེ་བཞིན་ལས་ཁུངས་བཅས་ཀྱིས་ཐུན་མོང་ཐོག་འབད་བརྩོན་བྱས་པའི་འབྲས་བུ་ཞིག་དང་“གཞུང་གཅིག་ཁང་གཉིས ”ཀྱིས་གཞོགས་འདེགས་དམ་ཟབ་དང་ལྗོངས་ཡོངས་ཀྱི་རིམ་ཁག་མི་དམངས་འཐུས་ཚོགས་ཀྱིས་ནུས་ཤུགས་ཡོད་རྒུས་རྒྱབ་སྐྱོར་བྱས་པའི་འབྲས་བུ་ཞིག་ཀྱང་ཡིན། གཞན་ཡང་ང་ཚོས་རིག་པ་དྭངས་གསལ་གྱི་སྒོ་ནས་ཁྲིམས་བཟོའི་སྤུས་ཚད་དང་། ལྟ་སྐུལ་གྱི་ཕན་འབྲས། འཐུས་མིའི་ནུས་པ། རང་ངོས་ལེགས་སྐྱོང་སོགས་ཀྱི་ཐད་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གཏོང་རྒྱུའི་བླང་བྱ་གསར་པ་དང་། མི་དམངས་མང་ཚོགས་ཀྱི་རེ་སྒུག་གསར་པ་དང་བསྡུར་ན་ད་དུང་ཧེ་བག་ཆེན་པོ་ཡོད་པས་ང་ཚོས་ཁེངས་སྐྱུང་ངང་འཐུས་མིའི་བསམ་འཆར་ཉན་ལེན་བྱས་ནས་ལས་ཀར་ཤུགས་སྣོན་དང་ལེགས་བཅོས་རྒྱུན་ཆད་མེད་པ་བྱེད་དགོས་པའི་ངོས་འཛིན་གསལ་པོ་བྱུང་།

        འཐུས་མི་རྣམ་པ། 2014ལོ་ནི་ཕྱོགས་ཡོངས་ནས་བསྒྱུར་བཅོས་གཏིང་ཟབ་བྱེད་པའི་གལ་ཆེའི་ལོ་ཞིག་ཡིན་ལ “ལོ་ལྔ་ཚན་བཅུ་གཉིས ”པའི་འཆར་འགོད་དམིགས་ཚད་ཀྱི་ལས་འགན་མངོན་གྱུར་ཡོང་བ་བྱེད་པའི་འགག་རྩའི་ལོ་ཞིག་ཀྱང་ཡིན། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ལས་ཀའི་སྤྱིའི་བླང་བྱ་ནི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རིགས་པའི་གཞུང་ལུགས་ཀྱི་མ་ལག་མཛུབ་ཁྲིད་དུ་བྱས་ཐོག་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་དང་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་གསུམ་པའི་དགོངས་དོན་སློབ་སྦྱོང་ནན་ཏན་བྱེད་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞིའི་ཅིན་ཕིང་གི་གལ་ཆེའི་གསུང་བཤད་རབ་དང་རིམ་པ་དང་བོད་ཀྱི་ལས་དོན་སྐོར་གྱི་གལ་ཆེའི་མཛུབ་སྟོན་རབ་དང་རིམ་པའི་དགོངས་དོན་དང་།

    ལྷག་པར་དུ “རྒྱལ་ཁབ་སྐྱོང་བར་ངེས་པར་དུ་མཐའ་མཚམས་སྐྱོང་དགོས་པ་དང་མཐའ་མཚམས་སྐྱོང་བར་སྔོན་ལ་བོད་ལྗོངས་བརྟན་ལྷིང་ཡོང་བ་བྱེད་དགོས་པའི ”གལ་ཆེའི་འཐབ་ཇུས་ཀྱི་དགོངས་པ། ཀྲུའུ་ཞི་ཡུས་ཀྲེང་ཧྲེང་གི “བོད་ལྗོངས་ཁྲིམས་བཞིན་སྐྱོང་བ་དང་བོད་ལྗོངས་ཡུན་རིང་འཛུགས་སྐྲུན་བྱེད་དགོས་པའི ”མཛུབ་སྟོན་གྱི་བླང་བྱ་སློབ་སྦྱོང་ལག་བསྟར་བྱེད་པ། དེ་བཞིན་ལྗོངས་ཏང་ཨུད་ཀྱི་སྐབས་བརྒྱད་པའི་ཨུ་ཡོན་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་སློབ་སྦྱོང་ལག་བསྟར་བཅས་བྱས་ཏེ་ཏང་གིས་འགོ་ཁྲིད་བྱེད་རྒྱུ་དང་། མི་དམངས་ཀྱིས་རང་ཁྱིམ་རང་བདག་བྱེད་རྒྱུ། རྒྱལ་ཁབ་ཁྲིམས་བཞིན་སྐྱོང་རྒྱུ་བཅས་གཅིག་གྱུར་ཡོང་བ་རྒྱུན་འཁྱོངས་ཀྱིས་ལྗོངས་ཏང་ཨུད་ཀྱི་གལ་ཆེའི་མཛད་ཇུས་བཀོད་སྒྲིག་ལ་དམིགས་ཏེ་འགན་དབང་ཁག་ཁྲིམས་བཞིན་སྤྱོད་པ་དང་། བོད་ལྗོངས་ཁྲིམས་བཞིན་སྐྱོང་བའི་འཕེལ་རིམ་ལ་སྐུལ་འདེད་གཏོང་བ། མི་དམངས་འཐུས་ཚོགས་ཀྱི་ལས་ཀའི་རྣམ་པ་གསར་གཏོད་ཧུར་ཐག་བཅས་བྱས་ཏེ་ཕྱོགས་ཡོངས་ནས་བསྒྱུར་བཅོས་གཏིང་ཟབ་བྱེད་པ་དང་། མཆོང་སྐྱོད་ལྟ་བུའི་གོང་འཕེལ་དང་ཡུན་རིང་བདེ་འཁོད་ལ་སྐུལ་འདེད་གཏོང་བའི་ནང་ས་གནས་རྒྱལ་ཁབ་དབང་ཆའི་ལས་ཁུངས་ཀྱི་གལ་ཆེའི་ནུས་པ་འདོན་སྤེལ་གང་ལེགས་བྱེད་རྒྱུ་དེ་ཡིན། ང་ཚོས་གཙོ་གནད་དུ་གཤམ་གསལ་ལས་དོན་ཁག་ཡག་པོ་སྒྲུབ་རྒྱུ་སྟེ།

        གཅིག གོང་འཕེལ་དང་བརྟན་ལྷིང་ལ་ཞབས་འདེགས་ཞུ་རྒྱུ་དེ་ཤུགས་རྒྱག་སར་བརྩིས་ནས་ཁྲིམས་བཟོའི་ལས་དོན་ལ་སྔར་བས་ཤུགས་སྣོན་རྒྱག་པ་དང་ལེགས་བཅོས་གཏོང་དགོས།

        ད་ལོའི་ཁྲིམས་བཟོའི་ལས་དོན་དེ་ལྗོངས་ཡོངས་ཀྱི་ལྟེ་བའི་ལས་དོན་ལ་དམ་པོར་དམིགས་ནས་གོང་འཕེལ་དང་བརྟན་ལྷིང་གི་དོན་དངོས་དགོས་མཁོ་དང་འཚམ་པ་བྱས་ཏེ་ཕྱོགས་ཡོངས་ནས་བསྒྱུར་བཅོས་གཏིང་ཟབ་བྱེད་རྒྱུའི་སྤྱིའི་བླང་བྱ་གཞིར་བཟུང་ཁྲིམས་བཟོའི་རྣམ་གྲངས་གཅིག་གྱུར་བཀོད་སྒྲིག་བྱས་ཐོག་ཁྲིམས་སྲོལ་གྱི་དམིགས་བཀར་རང་བཞིན་དང་། ཕན་ནུས་རང་བཞིན། བཀོལ་སྤྱོད་རང་བཞིན་བཅས་ལ་དེ་བས་སྣང་ཆེན་བྱེད་པ་དང་ཕྱོགས་ཡོངས་ནས་བསྒྱུར་བཅོས་གཏིང་ཟབ་བྱེད་པའི་ནང་ས་གནས་ཀྱི་ཁྲིམས་བཟོའི་ལས་ཀས་ཁྲིད་སྟོན་དང་། ཚད་ལྡན། འགན་སྲུང་བཅས་ཀྱི་ནུས་པ་འདོན་སྤེལ་དེ་བས་ཡག་པོ་ཐུབ་པ་བྱེད་རྒྱུ་ཡིན། དེ་ཡང་མངོན་མིན་རིག་གནས་ཤུལ་བཞག་བཅའ་ཁྲིམས་ལག་བསྟར་བྱ་ཐབས་དང་། དང་བླངས་ཞབས་ཞུའི་སྲོལ་ཡིག སྐུད་མེད་གློག་འཕྲིན་དོ་དམ་སྲོལ་ཡིག ཨར་སྐྲུན་བདེ་འཇགས་ཐོན་སྐྱེད་དོ་དམ་སྲོལ་ཡིག ཐོག་ལེན་གེགས་སེལ་སྲོལ་ཡིག རྒྱལ་སྲུང་སློབ་གསོའི་སྲོལ་ཡིག དྲ་རྒྱ་དང་ཆ་འཕྲིན་བདེ་འཇགས་དོ་དམ་སྲོལ་ཡིག རྒྱལ་ཁབ་བདེ་འཇགས་བཅའ་ཁྲིམས་ལག་བསྟར་བྱ་ཐབས་བཅས་གཏན་འཁེལ་བཟོ་རྒྱུ་དང་། ཡུལ་སྐོར་སྲོལ་ཡིག་ལ་བཟོ་བཅོས་བརྒྱབ་སྟེ་དཔལ་འབྱོར་དང་སྤྱི་ཚོགས་ཚན་རིག་དང་མཐུན་པའི་གོང་འཕེལ་ཡོང་བར་སྐུལ་འདེད་གཏོང་རྒྱུ་དང་སྤྱི་ཚོགས་ཀྱི་དོ་དམ་ལ་ཤུགས་སྣོན་དང་གསར་གཏོད་བྱས་ཏེ་སྤྱི་ཚོགས་ཞི་མཐུན་བརྟན་ལྷིང་སྲུང་སྐྱོང་བྱེད་རྒྱུ། དེ་བཞིན་ལྷ་ས་གྲོང་ཁྱེར་ནས་ཆོག་མཆན་ཞུ་རྒྱུར་ཕུལ་བའི་ཁྲིམས་སྲོལ་ལ་ཞིབ་བཤེར་མཆན་འགོད་བྱེད་པའི་ལས་ཀ་ཡག་པོ་སྒྲུབ་རྒྱུ་དང་ཚད་ལྡན་ཅན་གྱི་ཡིག་ཆ་སྙན་དཔོད་ཞིབ་བཤེར་བྱེད་རྒྱུའི་ལས་དོན་ལ་ཤུགས་སྣོན་རྒྱག་རྒྱུ། རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འབྲེལ་ཡོད་བཅའ་ཁྲིམས་འཆར་ཟིན་ལ་བསམ་འཆར་བསྡུ་ལེན་བྱེད་པའི་ལས་ཀ་ནན་ཏན་ངང་ལེགས་གྲུབ་བྱེད་རྒྱུ་བཅས་ཡིན།

        ཁྲིམས་བཟོའི་སྤུས་ཚད་ཡག་ཏུ་གཏོང་རྒྱུ་ནི་ཁྲིམས་བཟོའི་ལས་དོན་གྱི་ནམ་ཡང་འགྱུར་བ་མེད་པའི་དོན་རྩ་དེ་ཡིན། ཁྲིམས་བཟོའི་སྤུས་ཚད་ཡག་ཏུ་གཏོང་རྒྱུ་དེ་སྔ་བར་ཕྱི་གསུམ་དུ་ཁྲིམས་བཟོའི་ལས་དོན་ལ་ཤུགས་སྣོན་རྒྱག་རྒྱུ་དང་ལེགས་བཅོས་གཏོང་རྒྱུའི་གཙོ་གནད་ལ་བརྩིས་ཏེ་ཁྲིམས་བཟོའི་སྤུས་ཚད་ཡག་ཏུ་གཏོང་རྒྱུའི་ཐོག་འབད་བརྩོན་བྱས་ནས་ང་ཚོའི་ཁྲིམས་སྲོལ་ཁག་བོད་ཀྱི་དོན་དངོས་དང་འཚམ་གང་ཐུབ་བྱས་ཏེ་ཁྲིམས་སྲོལ་དེ་དག་གནས་ཚུགས་ཐུབ་པ་དང་། ལག་བསྟར་བྱེད་འཐུས། སྤྱོད་གོ་ཆོད་པ་བཅས་ཡོང་བ་བྱེད་རྒྱུ། ཁྲིམས་ལུགས་ཀྱི་རྩ་བ་དེ་མི་དམངས་ཀྱིས་སེམས་ཀྱི་གཏིང་ནས་བརྩི་བཀུར་ཐོབ་མིན་ལ་རག་ལུས་ཡོད་པ་དང་ཁྲིམས་ལུགས་ཀྱི་སྟོབས་ཤུགས་དེ་མི་དམངས་ཀྱིས་རང་འགུལ་ངང་བརྩི་སྲུང་ཞུ་མིན་ལ་རག་ལུས་ཡོད། མི་དམངས་ཀྱི་འདུན་པ་གང་ལེགས་མཚོན་པ་བྱེད་དགོས། དོན་དངོས་ལ་ཟབ་འཇུག་དང་། གཞི་རིམ་ལ་ཟབ་འཇུག་བྱས་ནས་བརྟག་དཔྱད་ཞིབ་འཇུག་བྱེད་རྒྱུར་དེ་བས་སྣང་ཆེན་བྱས་ཏེ་ཐད་ཀར་མང་ཚོགས་ཀྱི་བསམ་འཆར་ཉན་པ་དང་། དམངས་གཙོ་དར་སྤེལ་གཏོང་བ། བློ་བསྡུས་དགེ་འཚོལ་བྱེད་པ། ལྟ་བ་གཅིག་མཐུན་ཐུབ་པ་བཅས་བྱས་ཐོག་ཁྲིམས་བཟོའི་བརྒྱུད་རིམ་དེ་རྒྱབ་ཕྱོགས་ནས་མདུན་ཕྱོགས་སུ་སླེབས་པ་བྱས་ཏེ་ཕྱོགས་མི་འདྲ་བའི་ཁེ་ཕན་ཡང་དག་མཚོན་ཐུབ་པའི་ཐོག་གཅིག་གྱུར་འཆར་འགོད་དང་ཕྱོགས་ཡོངས་ལ་ལྟ་རྟོགས་ཐུབ་པ་བྱས་ནས་མི་དམངས་མང་ཚོགས་ཀྱི་བསམ་འཆར་དང་གྲོས་འཆར་གང་ཡོད་འདོན་ཐུབ་པ་བྱེད་རྒྱུ་འགན་ལེན་བྱེད་པ་དང་། ལུགས་མཐུན་གྱི་ཞུ་རེ་དང་ལུགས་མཐུན་གྱི་ཁེ་ཕན་རྣམས་གང་ལེགས་མཚོན་ཐུབ་པ་བྱེད་རྒྱུ། ས་གནས་ཀྱི་ཁྱད་ཆོས་ལ་དེ་བས་མཐོང་ཆེན་བྱེད་དགོས། རང་ལྗོངས་ཀྱི་གནས་ཚུལ་དང་། གོང་འཕེལ་གྱི་དོན་དངོས། བརྟན་ལྷིང་གི་དགོས་མཁོ། དམངས་འཚོའི་གནས་བབ་བཅས་ཤེས་རྟོགས་ཡང་དག་ཐུབ་པ་བྱས་ཏེ་ཁྲིམས་སྲོལ་འཆར་ཟིན་ལ་ཡོངས་བསྒྲགས་ཀྱིས་བསམ་འཆར་བསྡུ་ལེན་བྱེད་ཐབས་རྒྱུན་ཆད་མེད་པར་ལེགས་བཅོས་བཏང་ཐོག་གྲོས་འཆམ་བྱུང་བའི་ཁྲིམས་སྲོལ་ཁག་ནང་བོད་ཀྱི་ཁྱད་ཆོས་གང་ལེགས་མཚོན་ཐུབ་པ་བྱེད་དགོས། ལག་བསྟར་བྱེད་འཐུས་རང་བཞིན་ཆེ་རུ་ཏན་ཏིག་གཏོང་དགོས། ཁྲིམས་བཟོའི་ལས་དོན་སྒྲིག་འཛུགས་དང་དེར་མཐུན་སྦྱོར་བྱེད་རྒྱུར་ཤུགས་སྣོན་བརྒྱབ་སྟེ་ཆེད་དོན་ཨུ་ལྷན་དང་ཁྲིམས་ལུགས་ཨུ་ལྷན་གྱི “ཆེད་དམིགས ”དང་“གཅིག་གྱུར ”གྱི་ལེགས་ཆ་འདོན་སྤེལ་གང་ལེགས་བྱས་ཐོག ཕན་ཚུན་གཞོགས་འདེགས་དང་ལས་བགོས་མཉམ་སྒྲུབ་བྱེད་པའི་ལམ་སྲོལ་འཛུགས་པ་དང་འཐུས་སྒོ་ཚང་དུ་བཏང་ནས་ཁྲིམས་བཟོའི་ཁྲོད་འབྲེལ་བ་ཡོད་པའི་གནད་དོན་ཆེ་རིགས་ཐག་གཅོད་ནན་ཏན་བྱེད་པ་དང་། དབང་ཆ་དང་འོས་འགན་དང་། དབང་ཆ་དང་འགན་འཁྲི། དོ་དམ་དང་ཞབས་ཞུ་བཅས་དབར་གྱི་འབྲེལ་བ་ཐག་གཅོད་ཡང་དག་པ་བྱེད་དགོས།

        གཉིས། མི་དམངས་ཀྱི་ཁེ་ཕན་སྲུང་སྐྱོབ་བྱེད་རྒྱུ་ཐོག་མའི་དམིགས་སར་བརྩིས་ཏེ་ལྟ་སྐུལ་ལས་དོན་ལ་སྔར་བས་ཤུགས་སྣོན་རྒྱག་པ་དང་ལེགས་སུ་གཏོང་དགོས།

        ད་ལོའི་ལྟ་སྐུལ་ལས་དོན་དེ་ཀྲུང་དབྱང་དང་ལྗོངས་ཏང་ཨུད་ཀྱི་གལ་ཆེའི་འཐབ་ཇུས་བཀོད་སྒྲིག་ལ་དམ་པོར་དམིགས་ཏེ་དཔལ་འབྱོར་བརྟན་པོའི་ངང་གོང་འཕེལ་མགྱོགས་ཙམ་ཡོང་རྒྱུ་རྒྱུན་འཁྱོངས་དང་། དམངས་འཚོ་འགན་སྲུང་དང་ལེགས་བཅོས། སྤྱི་ཚོགས་དྲང་གཞག་དྲང་བདེན་སྲུང་སྐྱོང་བཅས་བྱེད་རྒྱུ་དེ་ལྟ་སྐུལ་བྱེད་པའི་གཙོ་གནད་དུ་བརྩིས་ནས་ལྟ་སྐུལ་བྱེད་སྟངས་སྣ་ཚོགས་ཕྱོགས་བསྡུས་ཐོག་སྤྱད་དེ་ལྟ་སྐུལ་ལས་དོན་གྱི་དམིགས་བཀར་རང་བཞིན་དང་ནུས་ལྡན་རང་བཞིན་སྔར་བས་ཆེ་རུ་གཏོང་དགོས། གཅིག་ནི་འཆར་གཞི་དང་། སྔོན་རྩིས། རྩིས་བཤེར་བཅས་ཀྱི་ལས་དོན་སྙན་སྒྲོན་དང་། 2014ལོའི་ཁྲལ་འབབ་བསྡུ་ཚུལ་སྐོར་གྱི་སྙན་སྒྲོན་ཉན་ནས་གྲོས་ཞིབ་བྱེད་རྒྱུ་དང་། ཞིང་འབྲོག་ལས་ཀྱི་ཁྱད་ལྡན་ཐོན་ལས་འཛུགས་སྐྱོང་དང་། ཞིང་འབྲོག་མང་ཚོགས་འབབ་འཕར་ཡོང་བ། སྤྱི་པའི་རིག་གནས་འཛུགས་སྐྱོང་། དེ་བཞིན་ཞབས་ཞུ་འགན་སྲུང་བཅས་བྱེད་རྒྱུར་སྐུལ་འདེད་གཏོང་ཚུལ་གྱི་སྙན་སྒྲོན་ཉན་ནས་གྲོས་ཞིབ་བྱེད་རྒྱུ་མ་ཟད། ཆེད་དམིགས་འདྲི་རྩད་བྱེད་རྒྱུ་དང་། ཀྲུང་ཧྭ་ཡི་ཁོར་ཡུག་སྲུང་སྐྱོབ་བྱེད་པའི་དུས་རབས་ལས་སྒོ་མུ་མཐུད་བོད་དུ་སྤེལ་ཏེ་དཔལ་འབྱོར་དང་སྤྱི་ཚོགས་ལེགས་ཤིང་མྱུར་བའི་སྒོ་ནས་གོང་འཕེལ་ཡོང་རྒྱུར་སྐུལ་འདེད་གཏོང་རྒྱུ་དེ་ཡིན། གཉིས་ནི་ཚན་རིག་ལག་རྩལ་ཁྱབ་གདལ་གཏོང་བའི་བཅའ་ཁྲིམས་དང་དེ་དག་ལག་བསྟར་བྱ་ཐབས། དམངས་སྤྱོད་གནམ་ཐང་སྲུང་སྐྱོབ་སྲོལ་ཡིག་ལ་ཁྲིམས་སྒྱུར་ཞིབ་བཤེར་བྱེད་རྒྱུ་དང་། ཞིང་འབྲོག་མང་ཚོགས་འབབ་འཕར་གྱི་གནས་ཚུལ་དང་། སློབ་གྲྭའི་མཐའ་སྐོར་གྱི་ཁོར་ཡུག་བཅོས་སྒྲིག ཞིང་འབྲོག་ཁུལ་གྱི་སྨན་བཅོས་མ་དངུལ་དོ་དམ་དང་བེད་སྤྱོད། ཚོང་དོན་གྲབས་གསོག་ལས་དོན་སྤེལ་ཚུལ་དང་སྤྱི་ཕན་བྱ་གཞག་གི་ཞལ་འདེབས་འབུལ་བའི་སྐོར་གྱི་བཅའ་ཁྲིམས། ཕྱི་རྒྱལ་ནས་ལོག་པའི་ཕྱིར་སྡོད་རང་མིའི་ཁྱིམ་མིའི་ཁེ་དབང་སྲུབ་སྐྱོབ་བཅའ་ཁྲིམས། རྒྱལ་མཚམས་ནས་འཛུལ་ཐོན་གྱི་དོ་དམ་བཅའ་ཁྲིམས་བཅས་ལག་བསྟར་བྱས་ཚུལ་ལ་ཆེད་དོན་བརྟག་ཞིབ་བྱས་ཏེ་འབྲེལ་ཡོད་ཕྱོགས་ཁག་གིས་སྤྱི་ཚོགས་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་རྒྱུར་སྐུལ་མ་བཏང་ནས་དམངས་འཚོ་འགན་སྲུང་དང་ལེགས་བཅོས་ཡོང་བ་བྱེད་རྒྱུ་དེ་ཡིན། གསུམ་ནི་མི་དམངས་འདྲི་གཅོད་ལས་རོགས་པའི་ལས་དོན་སྤེལ་ཚུལ་སྐོར་གྱི་སྙན་སྒྲོན་དང་ལྐོག་རྔན་ཟ་ལེན་རིགས་ལ་ངོ་རྒོལ་བྱེད་པའི་ལས་དོན་སྤེལ་ཚུལ་སྐོར་གྱི་སྙན་སྒྲོན་ཉན་པ་དང་གྲོས་ཞིབ་བྱས་ནས་གཞུང་དྲང་སྤྱོད་གཙང་གི་སྒོ་ནས་ཁྲིམས་འཛིན་བྱེད་རྒྱུར་སྐུལ་སྤེལ་བཏང་ཐོག སྤྱི་ཚོགས་དྲང་གཞག་དྲང་བདེན་ཡོང་བར་སྲུང་སྐྱོབ་བྱས་ནས་སྤྱི་ཚོགས་ཞི་མཐུན་གོང་འཕེལ་ཡོང་རྒྱུར་སྐུལ་འདེད་གཏོང་རྒྱུ་དེ་ཡིན།

        ལྟ་སྐུལ་གྱི་ཕན་འབྲས་སྔར་བས་ཆེ་རུ་གཏོང་དགོས། ཐབས་ལམ་སྣ་ཚོགས་སྤྱད་དེ་ལྟ་སྐུལ་བྱེད་ཤུགས་ཆེ་རུ་བཏང་ནས་ཕྱོགས་གང་ཐད་དང་ལྷག་པར་དུ་གཞི་རིམ་མང་ཚོགས་ཀྱི་བསམ་འཆར་ཉན་མཁས་པོ་བྱས་ཐོག བང་རིམ་མང་བ་དང་། ཕྱོགས་མང་བ། ཐབས་ལམ་མང་བ་བཅས་ཀྱི་སྒོ་ནས་གནས་ཚུལ་དངོས་ཤེས་རྟོགས་དང་། མཐོང་ཐོས་མྱོང་གྲུབ་ཀྱི་དཔྱད་གཞི་ཤེས་རྟོགས་བྱས་ཏེ་སྤྱི་ཡོངས་དང་མིག་རྒྱང་རིང་པོས་གནས་ཚུལ་ལ་དབྱེ་ཞིབ་བྱེད་མཁས་པོ་བྱས་ནས་དམ་པ་དོན་གཉེར་དང་གནད་ལ་འཕིགས་པའི་བསམ་འཆར་དང་གྲོས་འགོ་འདོན་དགོས། རྗེས་འདེད་ལྟ་སྐུལ་བྱེད་རྒྱུར་ཤུགས་སྣོན་བརྒྱབ་སྟེ་འབྲེལ་ཡོད་ཕྱོགས་ཁག་ནས་རྒྱུན་ལས་ཨུ་ལྷན་གྱི་གྲོས་ཞིབ་བསམ་འཆར་ཞིབ་འཇུག་དོན་འཁྱོལ་ནན་ཏན་བྱེད་རྒྱུར་སྐུལ་མ་བཏང་ཐོག ཁྲིམས་བཅད་ཀྱི་དུས་ཚོད་ནང་དུས་ཐོག་ཏུ་གཉེར་སྒྲུབ་བྱས་ཚུལ་ཚུར་ལན་བྱེད་དགོས།

        གསུམ། འཐུས་མིའི་ནུས་པ་འདོན་སྤེལ་བྱེད་རྒྱུ་འགག་རྩར་བརྩིས་ནས་འཐུས་མིའི་ལས་དོན་སྤེལ་རྒྱུར་སྔར་བས་ཤུགས་སྣོན་རྒྱག་པ་དང་ལེགས་སུ་གཏོང་དགོས།

        འདི་ལོའི་འཐུས་མིའི་ལས་དོན་དེ་མང་ཚོགས་ལམ་ཕྱོགས་ལག་ལེན་བྱེད་རྒྱུར་དམ་པོར་དམིགས་ཏེ་འཐུས་མིའི་གནས་བབ་གཙོ་བོ་མཐའ་འཁྱོངས་ཀྱིས་བྱ་ཐབས་ནུས་ལྡན་སྤྱད་དེ་འཐུས་མིའི་ནུས་པ་འདོན་སྤེལ་གང་ལེགས་བྱེད་དགོས། གཅིག་ནས་འཐུས་མིའི་ལས་ཀའི་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་དགོས། རྒྱུན་ལས་ཨུ་ལྷན་གྱི་ཁོངས་མིས་འཐུས་མིར་འབྲེལ་གཏུག་བྱེད་པ་དང་། འཐུས་མིས་ཐོག་མའི་འདེམས་བསྐོ་བྱེད་མཁན་ཚན་པ་དང་མི་དམངས་མང་ཚོགས་སོཌ་ལ་འབྲེལ་གཏུག་བྱེད་པའི་ལམ་ལུཌ་རྒྱུན་འཁྱོངས་དང་འཐུས་སྒོ་ཚང་དུ་བཏང་ནས་མི་དམངས་མང་ཚོཌ་ཀྱི་བསམ་འཆར་དང་གྲོས་འཆར་རྒྱ་ཁྱབ་ངང་ཉན་ཏེ་རྒྱུན་ལས་ཨུ་ལྷན་གྱི་ཁྲིམས་བཟོ་དང་ལྟ་སྐུལ་སོཌ་བྱེད་རྒྱུའི་ལས་དོན་ཁག་གིས་རྒྱ་ཆེའི་མི་དམངས་མང་ཚོཌ་ཀྱི་རྩ་བའི་ཁེ་ཕན་ལ་སྲུང་སྐྱོབ་དེ་བས་ཡག་པ་བྱེད་ཐུབ་པ་དགོས། གཉིས་ནས་འཐུས་མིའི་འགན་འཁྲི་སྒྲུབ་རྒྱ་ཆེ་རུ་གཏོང་དགོས། གྲོས་འཆར་གཉེར་སྒྲུབ་ལས་དོན་གྱི་འགན་འཁྲིའི་ལམ་ལུགས་ཤུགས་ཆེར་བཏང་ནས་གཙོ་གནད་གྲོས་འཆར་སྒྲུབ་སྐུལ་ལམ་ལུགས་རྒྱུན་འཁྱོངས་བྱས་ཏེ་འཐུས་མིའི་གྲོས་འཆར་དོན་འཁྱོལ་བྱེད་རྒྱུར་སྐུལ་འདེད་གཏོང་བ་དང་གཉེར་སྒྲུབ་སྤུས་ཚད་གོང་མཐོར་ཏན་ཏིག་གཏོང་དགོས། འཐུས་མིའི་བྱེད་སྒོར་མཛུབ་སྟོན་དང་སྒྲིག་འཛུགས་བྱེད་རྒྱུར་ཤུགས་སྣོན་བརྒྱབ་སྟེ་མི་དམངས་འཐུས་ཚོགས་ཀྱི་ལས་ཀར་འཐུས་མི་ཐེ་ཞུགས་བྱེད་རྒྱ་ཆེ་རུ་གཏོང་བ་དང་ཚོགས་འདུ་གྲོལ་བའི་རིང་གི་འཐུས་མིའི་བྱེད་སྒོའི་ཕན་འབྲས་ཆེ་རུ་གཏོང་དགོས། གསུམ་ནས་འཐུས་མིའི་འགན་སྒྲུབ་ནུས་པ་ཆེ་རུ་གཏོང་དགོས། ཞབས་ཞུ་བསྒྲུབ་རྒྱུ་དང་འགན་སྲུང་བྱེད་རྒྱུ་སོགས་ཤུགས་ཆེར་བཏང་ནས་འགན་འཁྲི་སྒྲུབ་རྒྱུའི་ཐད་འཐུས་མིར་སྐུལ་ལྕག་དང་གཅུན་འདོམས་བྱེད་པའི་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་སྟེ་འཐུས་མིའི་ལས་འགན་སྒྲུབ་པའི་འདུ་ཤེས་དང་ནུས་པ་ཟམ་མི་ཆད་པར་ཆེ་རུ་གཏོང་དགོས། མི་དམངས་འཐུས་ཚོགས་ཀྱི་དུས་དེབ་དང་དྲ་རྒྱ་སོགས་ལ་བརྟེན་ནས་འཐུས་མིས་གནས་ཚུལ་དང་སྲིད་དོན་ཤེས་རྟོགས་བྱེད་པའི་ཐབས་ལམ་འགོག་མེད་ཤར་གཏོང་ཐུབ་པ་བྱེད་དགོས། མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་མི་དམངས་འཐུས་ཚོགས་ཀྱི་ལས་བྱེད་པའི་འགན་སྒྲུབ་དང་སྦྱོང་བརྡར་ལས་དོན་ལ་མུ་མཐུད་ཤུགས་སྣོན་རྒྱག་དགོས། མི་དམངས་འཐུས་ཚོགས་ཀྱི་ཕྱི་ཕྱོགས་དང་འབྲེལ་བ་བྱེད་པའི་ཁྱད་ཆོས་དང་བཟང་ཆར་བརྟེན་ནས་བོད་འབྲེལ་ཕྱི་དོན་ལས་ཀ་གཏིང་ཟབ་སྤེལ་དགོས་པ་དང་། མི་དམངས་འཐུས་ཚོགས་ཀྱི་འཐུས་མི་སྒྲིག་འཛུགས་ཀྱིས་རྣམ་པ་སྣ་ཚོགས་དང་ནང་དོན་ཕུན་སུམ་ཚོགས་པའི་ཕྱི་ཕྱོགས་དང་འབྲེལ་བ་བྱེད་པའི་བྱེད་སྒོ་སྤེལ་ནས་མི་དམངས་འཐུས་ཚོགས་ཀྱི་ཕྱི་ཕྱོགས་དང་འབྲེལ་བ་བྱེད་པའི་ཐུན་མོང་མ་ཡིན་པའི་ནུས་པ་དེ་བས་ཡག་པ་འདོན་སྤེལ་བྱེད་དགོས།

        བཞི། འགན་འཁྲི་སྒྲུབ་ནུས་ཆེ་རུ་གཏོང་རྒྱུ་གཙོ་གནད་དུ་བཟུང་ནས་རང་ངོས་ལེགས་སྐྱོང་བྱེད་རྒྱུར་སྔར་བས་ཤུགས་སྣོན་དང་ལེགས་བཅོས་གཏོང་དགོས།

        འདི་ལོ་རང་ངོས་ལེགས་སྐྱོང་བྱེད་རྒྱུའི་ཐད་ལས་ཀའི་ཕན་འབྲས་ལ་དམ་པོར་དམིགས་ནས་རྒྱུན་ལས་ཨུ་ལྷན་གྱི་འགན་འཁྲི་སྒྲུབ་ནུས་ཟམ་མི་ཆད་པར་གོང་མཐོར་གཏོང་དགོས། བྱེད་སྒོའི་གྲུབ་འབྲས་སྲ་བརྟན་དུ་གཏོང་དགོས་ཤིང་། མང་ཚོགས་ལམ་ཕྱོགས་ཀྱི་སློབ་གསོ་ལག་ལེན་བྱེད་སྒོའི་བཅོས་སྒྲིག་དོན་འཁྱོལ་དང་། སྒྲིག་སྲོལ་ལམ་ལུགས་འཛུགས་རྒྱུའི་ལས་དོན་ཡག་པོ་བསྒྲུབས་ཐོག ལམ་ལུགས་དོན་འཁྱོལ་དམ་འཛིན་བྱེད་རྒྱུ་དང་། སྤྱོད་ཚུལ་ལེགས་སྐྱོང་བྱེད་རྒྱུར་རྩ་བ་ནས་འགྱུར་ལྡོག་བཏང་སྟེ་ཚན་རིག་དང་མཐུན་པའི་ངང་ཇུས་ཐག་གཅོད་པ་དང་། དམངས་གཙོས་ཇུས་ཐག་གཅོད་པ། ཁྲིམས་ལྟར་ཇུས་ཐག་གཅོད་པ་བཅས་ཀྱི་ཆུ་ཚད་ཟམ་མི་ཆད་པར་གོང་མཐོར་གཏོང་དགོས། ནུས་པ་དང་བྱང་ཚད་གོང་མཐོར་ཤུགས་ཆེ་གཏོང་དགོས་ཤིང་། གཅིག་སྡུད་སློབ་སྦྱོང་དང་། ཆེད་དོན་འཆད་ཁྲིད། སྤེལ་རེས་དཔྱད་བསྡུར། རིགས་པའི་གཞུང་ལུགས་ཞིབ་འཇུག་སོགས་ཀྱི་ཐབས་ལམ་སྤྱད་ནས་སློབ་སྦྱོང་རྣམ་པའི་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་ཞིག་ལེགས་སྐྱོང་ཧུར་ཐག་བྱས་ནས་ལས་ཀའི་རྒྱང་ལྟའི་རང་བཞིན་དང་སྔོན་དཔག་རང་བཞིན་ཟམ་མི་ཆད་པར་གོང་མཐོར་གཏོང་དགོས། ལས་ཁུངས་ལེགས་སྐྱོང་བྱེད་རྒྱུར་ཤུགས་སྣོན་རྒྱག་དགོས་ཤིང་། ངར་སྐུལ་ལམ་སྲོལ་འཛུགས་པ་དང་། དཔུང་ཁག་གི་བྱང་ཚད་མཐོར་འདེགས། ལས་ཀའི་སྤྱོད་ཚུལ་ལེགས་བཅོས། ལས་ཀའི་ཕན་འབྲས་ཆེ་རུ་གཏོང་བ་བཅས་བྱས་ནས་ལས་ཁུངས་ཀྱི་ཇུས་འདོན་ལས་རོགས་དང་ཞབས་ཞུ་འགན་སྲུང་གི་ནུས་པ་འདོན་སྤེལ་གང་ལེགས་བྱེད་དགོས། མི་དམངས་འཐུས་ཚོགས་ཀྱི་དྲིལ་བསྒྲགས་ལས་དོན་སྔར་བས་ཡག་པོ་སྒྲུབ་དགོས། སྤུན་ཟླའི་ཞིང་ཆེན (རང་སྐྱོང་ལྗོངས་དང་གྲོང་ཁྱེར )བཅས་ཀྱི་མི་དམངས་འཐུས་ཚོགས་དང་ལས་ཀའི་འབྲེལ་གཏུག་བྱེད་རྒྱུར་ཤུགས་སྣོན་བརྒྱབ་སྟེ་ས་གནས (གྲོང་ཁྱེར )དང་། རྫོང (གྲོང་ཁྱེར་དང་ཆུད )གཞི་རིམ་མི་དམངས་འཐུས་ཚོགས་བཅས་ཀྱི་ལས་ཀར་མཛུབ་ཁྲིད་དང་འབྲེག་གཏུག་བྱེད་རྒྱུར་སྔར་བས་དོ་སྣང་ཆེན་པོ་བྱེད་དགོས།

        འཐུས་མི་རྣམ་པ། ཕྱོགས་ཡོངས་ནས་བསྒྱུར་བཅོས་གཏིང་ཟབ་བྱེད་རྒྱུ་དང་། གོང་འཕེལ་དང་བརྟན་ལྷིང་ལ་སྐུལ་འདེད་གཏོང་རྒྱུ་དེས་ཁྲིམས་སྐྱོང་ལས་དོན་ལ་དེ་བས་མཐོ་བའི་རེ་བ་གསར་པ་བཏོན་ཡོད་པས་མི་དམངས་འཐུས་ཚོགས་ཀྱི་ལས་དོན་ནི་འགན་འཁྲི་ལྕི་ལ་ལས་སྐལ་གཟི་བརྗིད་ལྡན་པ་ཞིག་ཡིན། ང་ཚོས་བློ་མཐུན་ཞིས་ཅིན་ཕིང་གིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་དམ་ཟབ་བྱས་ཐོག ཏེང་ཞའོ་ཕིང་གི་རིགས་པའི་གཞུང་ལུགས་དང་། “མཚོན་བྱེད་གསུམ ”གྱི་གལ་ཆེའི་དགོངས་པ། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་དར་ཆ་མཐོན་པོར་བསྒྲེངས་ཏེ་ཚན་རིག་དང་མཐུན་པའི་གོང་འཕེལ་གྱི་ལྟ་བ་བཅས་མཛུབ་ཁྲིད་དུ་བྱས་ནས། ལྗོངས་ཏང་ཨུད་ཀྱི་ཞུམ་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག ཁྲིམས་ལྟར་འགན་འཁྲི་བསྒྲུབས་པའི་ཕན་འབྲས་ཐོན་ཤུགས་ཆེ་རུ་གཏོང་བ་དང་། དུས་བསྟུན་ཡར་རྒྱས་ཀྱི་རྣམ་པ་གསར་པ་གཏོད་ནས་འབྱོར་ཕྱུག་དང་། ཞི་མཐུན། བདེ་སྐྱིད། ཁྲིམས་སྐྱོང་། ཤེས་དཔལ། མཛེས་སྡུག་བཅས་ལྡན་པའི་བོད་ལྗོངས་སྐྲུན་ཕྱིར་འབད་བརྩོན་ལྷོད་མེད་བྱེད་དགོས།

        (བོད་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་པའི་ཚོགས་འདུ་ཐེངས་གཉིས་པའི་དྲུང་ཡིག་ཁྲུའུ་ནས་མཁོ་འདོན་བྱས་པ་གཞིར་བཟུང )

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།