བོད་རང་སྐྱོང་ལྗོངས་ཀྱི་2013ལོའི་ནོར་སྲིད་སྔོན་རྩིས་དོན་འཁྱོལ་བྱས་ཚུལ་དང་2014ལོའི་ནོར་སྲིད་སྔོན་རྩིས་འཆར་ཟིན་སྐོར་གྱི་སྙན་སྒྲོན།
འཐུས་མི་རྣམ་པ།
རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་བཀའ་མངགས་ལྟར་བོད་རང་སྐྱོང་ལྗོངས་ཀྱི་2013ལོའི་ནོར་སྲིད་སྔོན་རྩིས་དོན་འཁྱོལ་བྱས་ཚུལ་དང་2014ལོའི་ནོར་སྲིད་སྔོན་རྩིས་འཆར་ཟིན་འདི་ད་ལྟ་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོཌ་སྐབས་བཅུ་པའི་ཚོགས་འདུ་ཐེངས་གཉིས་པའི་ཐོག་གྲོས་ཞིབ་གནང་རྒྱུར་འབུལ་རྒྱུ་དང་སྦྲགས་རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ཨུ་ཡོན་རྣམ་པས་ཀྱང་དགོངས་འཆར་འདོན་རོགས་གནང་།
གཅིག 2013ལོའི་ནོར་སྲིད་སྔོན་རྩིས་དོན་འཁྱོལ་བྱས་ཚུལ།
2013ལོ་ནི “ལོ་ལྔ་ཚན་བཅུ་གཉིས་པའི ”འཆར་འགོད་ལག་བསྟར་བྱེད་པའི་འགག་རྩའི་ལོ་ཞིག་རེད། ལྗོངས་ཡོངས་ཀྱི་རིམ་ཁག་ནོར་སྲིད་སྡེ་ཚན་གྱིས་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཡང་དག་པའི་འགོ་ཁྲིད་འོག་དང་། རིམ་ཁག་མི་དམངས་འཐུས་ཚོགས་ཀྱི་ལྟ་སྐུལ་མཛུབ་ཁྲིད་འོག དངོས་ཐོག་བདེན་འཚོལ་དང་། ཕུགས་རྒྱང་ལ་དམིགས་པ། འགག་སྒྲོལ་དཀའ་སེལ་བཅས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི “རྒྱལ་ཁབ་སྐྱོང་བར་ངེས་པར་དུ་མཐའ་མཚམས་སྐྱོང་དགོས་པ་དང་། མཐའ་མཚམས་སྐྱོང་བར་སྔོན་ལ་བོད་ལྗོངས་བརྟན་ལྷིང་ཡོང་བ་བྱེད་དགོས་པའི ”གལ་ཆེའི་འཐབ་ཇུས་དགོངས་པ་དང་ཀྲུའུ་ཞི་ཡུས་ཀྲེང་ཧྲེང་གི “ཁྲིམས་བཞིན་བོད་ལྗོངས་སྐྱོང་བ་དང་། བོད་ལྗོངས་ཡུན་རིང་འཛུགས་སྐྲུན་བྱེད་དགོས་པའི ”མཛུབ་ཁྲིད་བླང་བྱ་ལག་བསྟར་དོན་འཁྱོལ་བྱས་ནས་གོང་འཕེལ་དང་བརྟན་ལྷིང་གི་དོན་ཆེན་གཉིས་ལ་དམ་པོར་དམིགས་ཏེ “འཁོར་སྐྱོད་འགན་སྲུང་དང་། དམངས་འཚོ་འགན་སྲུང་། བརྟན་ལྷིང་འགན་སྲུང་”བཅས་ཀྱི་ལས་ཀའི་གཙོ་གནད་མངོན་ཆེར་བཟུང་ཐོག “འབྲེལ་བ་བརྒྱད ”ཐག་གཅོད་ཡང་དག་བྱས་ནས་དམངས་འཚོ་སྔོན་སྐུལ་དང་། ཁྲོམ་རས་སྐུལ་སྤེལ། རྣམ་གྲངས་ཀྱིས་སྐུལ་ཁྲིད། དངུལ་རྩས་འདེགས་སྐུལ། གསར་གཏོད་ཀྱིས་སྒུལ་འདེད། ཁོར་ཡུག་གིས་སྐུལ་སྐྱོང་བཅས་བྱེད་པའི་ལས་ཀའི་བསམ་གཞི་གཞིར་བཟུང་འབྱོར་སྟོབས་བགོ་འགྲེམས་བྱེད་རྒྱུ་དེ “ཕྱོགས་བདུན་ཐད་འཕར་གཟིགས ”བྱེད་རྒྱུ་རྒྱུན་འཁྱོངས་ཀྱིས་ཞིང་འབྲོག་ལས་གོང་འཕེལ་དང་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་རོགས་གང་ཐུབ་དང་། དམངས་འཚོ་འགན་སྲུང་དང་ལེགས་བཅོས་བྱེད་རྒྱུར་ཤུགས་སྣོན་རྒྱག་པ། གཞི་རྩའི་སྤྱི་པའི་ཞབས་ཞུ་བྱེད་ནུས་ཆེ་རུ་ཧུར་ཐག་གཏོང་བ། འབྱུང་ཁམས་དཔལ་ཡོན་ལེགས་སྐྱོང་བྱེད་རྒྱུར་སྐུལ་འདེད་ཤུཌ་ཆེ་གཏོང་བ་བཅས་བྱས་པར་བརྟེན་མཆོང་སྐྱོད་ལྟ་བུའི་གོང་འཕེལ་དང་ཡུན་རིང་བདེ་འཁོད་ལ་སྐུལ་འདེད་གཏོང་རྒྱུར་ནོར་སྲིད་ནས་འགན་སྲུང་འདེཌ་སྐྱོར་བྱེད་པའི་ནུས་པ་ཟམ་མི་ཆད་པར་ཆེ་རུ་སོང་བས་ནོར་སྲིད་སྔོན་རྩིས་དོན་འཁྱོལ་བྱས་ཚུལ་ཡག་པོ་བྱུང་ཡོད།
(གཅིག ) 2013ལོའི་ནོར་སྲིད་སྔོན་རྩིས་དོན་འཁྱོལ་བྱས་པའི་སྤྱིའི་གནས་ཚུལ།
རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་པའི་ཚོཌ་འདུ་ཐེངས་དང་པོའི་ཐོག་གྲོས་འཆམ་བྱུང་བའི་རང་སྐྱོང་ལྗོངས་ཀྱི་2013ལོའི་ནོར་སྲིད་སྔོན་རྩིས་ནི། སྤྱི་པའི་ནོར་སྲིད་སྔོན་རྩིས་ཀྱི་སྤྱིའི་འབྱོར་སྟོབས་སྒོར་ཁྲི་7,739,411ཡིན། དེའི་ནང་ས་གནས་ཀྱི་སྤྱི་པའི་ནོར་སྲིད་སྔོན་རྩིས་ཡོང་འབབ་སྒོར་ཁྲི་641,329ཡིན་པ་དང་། ཀྲུང་དབྱང་ནས་གནང་བའི་ཁ་གསབ་རོགས་དངུལ་ཡོང་འབབ་སྒོར་ཁྲི་5,826,106ཡིན་པ། ལོ་གོང་མའི་འཕྲོས་སྒྱུར་ཡོང་འབབ་སྒོར་ཁྲི་1,271,976ཡིན། སྤྱི་པའི་ནོར་སྲིད་སྔོན་རྩིས་ཀྱི་གཏོང་སྒོ་སྒོར་ཁྲི་7,739,411བཏང་ཡོད་པས་ལོ་དེ་གའི་ནོར་སྲིད་སྔོན་རྩིས་གཏོང་ཡོང་མགོ་ཐུག་བྱུང་ཡོད། 2013ལོར་སྲིད་གཞུང་རང་བཞིན་གྱི་ཐེབས་རྩའི་སྔོན་རྩིས་གཏོང་ཡོང་སྒོར་ཁྲི་233,190བཀོད་སྒྲིག་བྱས་ཡོད། ལོ་འཁོར་གྱི་སྔོན་རྩིས་དོན་འཁྱོལ་བྱེད་པའི་བརྒྱུད་རིམ་ནང་འབྱོར་སྟོབས་འགྱུར་བ་འགྲོ་ཚུལ་ལ་གཞིགས་ཏེ་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོཌ་སྐབས་བཅུ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་དྲུག་པའི་ཐོག་མོས་མཐུན་ཐོབ་པ་བརྒྱུད། སྤྱི་པའི་ནོར་སྲིད་སྔོན་རྩིས་གཏོང་ཡོང་དེ་སྒོར་ཁྲི་10,211,127ལ་ལེགས་སྒྲིག་བྱས་ཡོད་པ་དང་། སྲིད་གཞུང་རང་བཞིན་གྱི་ཐེབས་རྩའི་སྔོན་རྩིས་གཏོང་ཡོང་དེ་སྒོར་ཁྲི་278,606ལ་ལེགས་སྒྲིག་བྱས་ཡོད། རང་སྐྱོང་ལྗོངས་ཀྱི་2013ལོའི་ནོར་སྲིད་སྔོན་རྩིས་དོན་འཁྱོལ་བྱས་འབྲས་ནི། སྤྱི་པའི་ནོར་སྲིད་སྔོན་རྩིས་ཀྱི་སྤྱིའི་འབྱོར་སྟོབས་སྒོར་ཁྲི་11,348,103ཡིན་པ་དེ་ལོ་འགོའི་སྔོན་རྩིས་ལས་སྒོར་ཁྲི་3,608,692མང་དུ་བཏང་ཡོད་པས་46.6%འཕར་ཡོད་པ་དང་། འགྱུར་བ་བཏང་བའི་སྔོན་རྩིས་འབྱོར་སྟོབས་ལས་སྒོར་ཁྲི་1,136,976མང་དུ་བཏང་ཡོད་པས་11.1%འཕར་ཡོད། དེའི་ནང་ས་གནས་ཀྱི་སྤྱི་པའི་ནོར་སྲིད་སྔོན་རྩིས་ཡོང་འབབ་སྒོར་ཁྲི་950,010བྱུང་ཡོད་པ་དེ་སྔོན་རྩིས་ཀྱི་148.1%ཡིན་པས་18.6%འཕར་ཡོད། སྤྱི་པའི་ནོར་སྲིད་སྔོན་རྩིས་གཏོང་སྒོ་སྒོར་ཁྲི་10,143,103བཏང་ཡོད་པ་དེ་ལོ་གོང་མའི་ངེས་རྩིས་གཏོང་སྒོ་ལས་སྒོར་ཁྲི་1,089,719མང་དུ་བཏང་ཡོད་པས་12%འཕར་ཡོད། གོང་འཕོས་གཏོང་སྒོ་སྒོར་ཁྲི་3,067ཡིན་པ་བཅས་གཏོང་ཡོང་མགོ་ཐུག་བཏང་བའི་ཐོག་ཕྱི་ལོར་འཕྲོས་སྒྱུར་བྱས་པའི་གཏོང་སྒོ་སྒོར་ཁྲི་1,200,619འཐེན་རྗེས། ལོ་དེ་གར་ལྷག་འཕྲོས་ཁེ་གཙང་སྒོར་ཁྲི་1,314བྱུང་ཞིང་། དེའི་ནང་རང་སྐྱོང་ལྗོངས་ཀྱི་ལྷག་འཕྲོས་ཁེ་གཙང་སྒོར་ཁྲི་1,341ཡོད་པས་གཏོང་ཡོང་མགོ་ཐུག་བྱུང་ཁར་ལྷག་འཕྲོས་ཕྲན་བུ་ཡོད། སྲིད་གཞུང་རང་བཞིན་གྱི་ཐེབས་རྩའི་སྔོན་རྩིས་འབྱོར་སྟོབས་སྒོར་ཁྲི་446,457ཡིན་ཞིང་། དེའི་ནང་ས་གནས་ཀྱི་སྲིད་གཞུང་རང་བཞིན་གྱི་ཐེབས་རྩའི་སྔོན་རྩིས་ཡོང་འབབ་སྒོར་ཁྲི་130,619བྱུང་བ་དང་། སྲིད་གཞུང་རང་བཞིན་གྱི་ཐེབས་རྩའི་སྔོན་རྩིས་གཏོང་སྒོ་སྒོར་ཁྲི་327,386བཏང་ཡོད། གཏོང་ཡོང་མགོ་ཐུག་བཏང་རྗེས་འཕྲོས་ལྷག་མ་དངུལ་སྒོར་ཁྲི་119,071དེ་ཕྱི་ལོར་མུ་མཐུད་བེད་སྤྱོད་གཏོང་རྒྱུར་འཕྲོས་སྒྱུར་བྱས་ཡོད། གོང་གསལ་སྔོན་རྩིས་དོན་འཁྱོལ་བྱས་འབྲས་ཐད་ས་གནས་ཀྱི་ནོར་སྲིད་ངེས་རྩིས་ཕྱོཌ་བསྡུས་བྱས་རྗེས་འགྱུར་བ་ཕྲན་བུ་ཡོང་སྲིད།
(གཉིས ) 2013ལོའི་ནོར་སྲིད་ཀྱི་ལས་དོན་གཙོ་བོ།
1. རྣམ་གྲངས་ཀྱིས་སྐུལ་ཁྲིད་བྱེད་རྒྱུ་མངོན་ཆེར་བཟུང་ནས་ཞིང་འབྲོག་ལས་དང་རྨང་གཞིའི་སྒྲིག་བཀོད་ཀྱི་རྨང་གཞི་གཉིས་བརྟན་པོ་བཙུགས་ཡོད།
(1)ཞིང་ལས་ལ་ཤུགས་སྣོན་དང་ཞིང་པར་ཕན་སྦྱར་བྱེད་པའི་སྲིད་ཇུས་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་པ།
ཞིང་ལས་ལ་ཤུགས་སྣོན་དང་ཞིང་པར་ཕན་སྦྱར་བྱེད་རྒྱུའི་ཐད་གཏོང་ཆ་ཟམ་མི་ཆད་པར་ཤུགས་ཆེར་བཏང་བ་དང་། ནོར་སྲིད་ནས་ཞིང་སྐྱོར་ཐད་གཏོང་ཆ་མང་དུ་གཏོང་བའི་ནུས་པ་རྒྱུན་ཐོན་གྱི་ལམ་སྲོལ་ཚགས་ཚུད་དུ་བཏང་ཞིང་། 2013ལོར་ལྗོངས་ཡོངས་སུ་ནོར་སྲིད་ནས་ཞིང་སྐྱོར་ཐད་གཏོང་རྒྱུའི་གཏོང་ཆ་སྒོར་ཁྲི་1,605,000ཟིན་པ་དེ་ལོ་གོང་མ་ལས་སྒོར་ཁྲི་164,739མང་དུ་སོང་ཡོད་པས་11.4%འཕར་ཡོད། སྤྱི་ཚོགས་རིང་ལུགས་ཀྱི་གྲོང་གསེབ་གསར་པ་འཛུགས་སྐྲུན་བྱེད་རྒྱུར་རྒྱབ་སྐྱོར་བྱས་ཡོད། མ་དངུལ་སྒོར་ཁྲི་87,487དོན་འཁྱོལ་བྱས་ཏེ་ཞིང་འབྲོག་མང་ཚོགས་དུད་ཚང་52,035ཡི་བདེ་འཁོད་ལས་གཞི་སྐྲུན་རྒྱུའི་ལས་འགན་ལེགས་སྒྲུབ་བྱས་པ་དང་། ལྗོངས་ཡོངས་ཀྱི་དུད་ཚང་ཁྲི་46.03དང་ཞིང་འབྲོག་མང་ཚོགས་ཁྲི་230ཚང་མ་ཉེན་མེད་སྤྱོད་གོ་ཆོད་པའི་ཁང་པའི་ནང་སྡོད་རྒྱུ་བྱུང་ནས་ཞིང་འབྲོག་མང་ཚོགས་ཀྱི་བདེ་འཁོད་ལས་གཞི་ཡོངས་སུ་ལས་མཇུག་འགྲིལ་ཡོད། མ་དངུལ་སྒོར་ཁྲི་104,850དོན་འཁྱོལ་བྱས་ཏེ་སྲིད་འཛིན་གྲོང་ཚོ་1,000ཡི་མིའི་འཚོ་སྡོད་ཁོར་ཡུག་ལེགས་སྐྱོང་དང་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་ལས་གཞི་ལེགས་སྒྲུབ་བྱས་ནས “མཛེས་སྡུག་ལྡན་པའི་གྲོང་གསེབ ”འཛུགས་སྐྲུན་བྱེད་རྒྱུར་གྲུབ་འབྲས་གསར་པ་ཐོབ་ཡོད། མ་དངུལ་སྒོར་ཁྲི་15,000དོན་འཁྱོལ་བྱས་ཏེ་མཐའ་མཚམས་ས་ཁུལ་གྱི་རང་བྱུང་གྲོང་ཚོའི (ཡུལ་མིའི་ཚོགས་ཆུང་)རྩ་འཛུགས་ཀྱི་བྱེད་སྒོ་སྤེལ་ས་500འཛུགས་སྐྲུན་བྱས་ཡོད། མ་དངུལ་སྒོར་ཁྲི་30,105དོན་འཁྱོལ་བྱས་ནས་གྲོང་གསེབ་ཀྱི་ཡུལ་མི་དང་སློབ་གྲྭའི་དགེ་སློབ་ལ་འཐུང་ཆུ་གཙང་མ་སྤྱོད་ཐུབ་པ་བཟོས་པས་འཐུང་ཆུ་གཙང་མ་སྤྱོད་མཁན་མི་འབོར་ཁྲི་28.65མང་དུ་སོང་ཡོད། ཞིང་འབྲོག་མང་ཚོགས་རྒྱུན་མཐུད་འབབ་འཕར་ཡོང་རྒྱུར་སྐུལ་འདེད་བཏང་ཡོད། མ་དངུལ་སྒོར་ཁྲི་62,953དོན་འཁྱོལ་བྱས་ནས་ཞིང་ལས་ཐོན་མཐོ་གཏོད་རྒྱུར་རྒྱབ་སྐྱོར་བྱས་ཏེ་ཞིང་ལས་འཕྲུལ་ཆས་ཅན་གྱི་ཆུ་ཚད་མཐོ་རུ་བཏང་བ་དང་། ས་དཔྱད་ལུད་སྦྱོར་དང་ཐོན་མཐོ་གཏོད་པའི་དཔེ་མཚོན་རྒྱ་ཁྱོན་ཁག་སོ་སོར་མུའུ་ཁྲི་30དང་མུའུ་ཁྲི་100ཟིན་ཡོད། ཞིང་ལས་སྐྱེ་དངོས་དང་ཕྱུགས་རིགས་རྒྱུད་བཟང་གི་ཁ་གསབ་ཚད་གཞི་སྔར་བས་མཐོ་རུ་བཏང་ཞིང་། ནས་ཀྱི་སོན་བཟང་ཁྱབ་གདལ་གཏོང་བའི་ཁ་གསབ་མུའུ་རེར་སྒོར་20ཟིན་པ་དང་། བ་གླང་(བཞོན་མ )རྒྱུད་པ་བཟང་གཏོང་གི་ཁ་གསབ་ཚད་གཞི་དེ་ཕྱུགས་ཟོག་མགོ་གྲངས་རེར་སྒོར་150ཟིན་པ། ཞིང་ལས་སྐྱེ་དངོས་ཀྱི་སོན་བཟང་ཁྱབ་གདལ་བཏང་བ་རྒྱ་ཁྱོན་མུའུ་ཁྲི་249ཟིན་པ། ཕྱུགས་རིགས་རྒྱུད་བཟང་ཁྱབ་གདལ་བཏང་བ་མགོ་གྲངས་ཁྲི་13.2ཟིན་ཡོད། ཞིང་འབྲོག་མང་ཚོགས་ལ་རྩལ་ནུས་སྦྱོང་བརྡར་སྤྲོས་ཤུགས་ཆེ་རུ་བཏང་ནས་ཞིང་འབྲོག་མང་ཚོགས་མི་ཐེངས་ཁྲི་6.1ལ་སྦྱོང་བརྡར་སྤྲས་ཡོད། མ་དངུལ་སྒོར་ཁྲི་17,322དོན་འཁྱོལ་བྱས་ནས་ཞིང་འབྲོག་ལས་ཀྱི་ནད་འབུའི་གནོད་འཚེ་དང་ཕྱུགས་རིགས་དང་སྲོག་ཆགས་ཀྱི་ནད་ཡམས་འགོག་བཅོས། དེ་བཞིན་ཞིང་འབྲོག་ལས་ཀྱི་གེགས་སེལ་བཅས་བྱེད་རྒྱུའི་ཐད་སྤྱད་ཅིང་། གྲོང་ཚོ་རིམ་པའི་སྲོག་ཆགས་ཀྱི་ནད་ཡམས་འགོག་བཅོས་བྱེད་མཁན་ལ་ཁ་གསབ་རོགས་དངུལ་ཟླ་རེར་སྒོར་300ཟིན་ཡོད། 2013ལོར་ལྗོངས་ཡོངས་ཀྱི་འབྲུ་རིགས་སྤྱིའི་ཐོན་འབོར་ཀྲོན་ཁྲི་96ཟིན་ཞིང་། ཞིང་འབྲོག་པར་ཆ་སྙོམས་འབབ་སྨར་སྒོར་6,520བྱུང་ཐོག་ནོར་སྲིད་ཀྱིས་ཞིང་འབྲོག་མང་ཚོགས་ལ་ཐད་ཀར་དང་བར་བརྒྱུད་ཐོག་ནས་སྒོར་2,200ཙམ་ཁ་གསབ་བྱས་ཡོད། ཞིང་འབྲོག་ལས་ཀྱི་ཁྱད་ལྡན་ཐོན་ལས་གོང་འཕེལ་གཏོང་རྒྱུར་སྐུལ་འདེད་བཏང་ཡོད། མ་དངུལ་སྒོར་ཁྲི་20,207དོན་འཁྱོལ་བྱས་ནས་ཞིང་ལས་ཚན་རྩལ་གྱི་འབྲས་བུ་དངོས་སྒྱུར་དང་ཚན་རྩལ་ཁྱབ་གདལ་རྣམ་གྲངས་ཁག་158ལག་བསྟར་བྱས་ཡོད། ཞིང་འབྲོག་ལས་ཀྱི་མཐུན་རྐྱེན་བཟང་བའི་ཁྱད་ལྡན་ཐོན་ལས་གོང་འཕེལ་གཏོང་རྒྱུར་རྒྱབ་སྐྱོར་བྱས་ཤིང་། མ་དངུལ་སྒོར་ཁྲི་45,400དོན་འཁྱོལ་བྱས་ནས་ཁྱད་ལྡན་གསོ་སྤེལ་དང་ངལ་རྩོལ་ནུས་ཤུགས་སྤོ་སྒྱུར་གྱི་རྣམ་གྲངས་ཁག་53དང་། ནས་དང་འབྲི་གཡག་གིས་གཙོ་ཁྲིད་ཐོན་ལས་བྱེད་པའི་དེང་རབས་ཞིང་འབྲོག་རྣམ་གྲངས་ཁག་22ལ་རོགས་སྐྱོར་བྱས་ཤིང་། ཞིང་ལས་ཐོན་ལས་ཅན་དང་དེ་བཞིན་ཤ་མར་ཚལ་གསུམ་གྱི་རྣམ་གྲངས་ཁག་42འཛུགས་སྐྲུན་བྱས་ཡོད། མ་དངུལ་སྒོར་ཁྲི་5,202དོན་འཁྱོལ་བྱས་ནས་གྲོང་གསེབ་ཀྱི་སྤྱི་ཕན་རང་བཞིན་གྱི་རྣམ་གྲངས་104ལག་བསྟར་བྱས་ཡོད། དབུལ་སྐྱོར་དང་ཞིང་ལས་ཕྱོགས་བསྡུས་གསར་སྤེལ་བྱེད་རྒྱུར་སྐུལ་སྤེལ་བཏང་ཡོད། དབུལ་སྐྱོར་གསར་སྤེལ་ལ་མ་དངུལ་སྒོར་ཁྲི་172,532དོན་འཁྱོལ་བྱས་ནས་དབུལ་སྐྱོར་རྣམ་གྲངས་ཁག་2,694བཀོད་སྒྲིག་བྱས་ཐོག་ཤང་ཡོངས་ལ་ཁྱབ་གདལ་དང་། ཐོན་ལས་ཀྱི་དབུལ་སྐྱོར། མཐའ་དར་དམངས་ཕྱུག གུད་གསབ་ལས་སྤྲོད་སོགས་དབུལ་སྐྱོར་གྱི་ལས་དོན་ཤང་གྲོང་ཁག་194ལ་སྤེལ་ཡོད་པས་སྔོན་དཔག་བྱས་ན་ལོ་ཧྲིལ་པོར་དབུལ་སྐྱོར་བྱ་ཡུལ་དེ་2012ལོའི་ལོ་མཇུག་གི་མི་ཁྲི་58.3ཡིན་པ་ནས་མི་ཁྲི་45.5ལ་ཉུང་དུ་འགྲོ་རྒྱུ་ཡིན་པ་དང་། དབུལ་སྐྱོར་བྱ་ཡུལ་དེ་ཞིང་འབྲོག་ཁུལ་གྱི་སྤྱིའི་མི་འབོར་ནང་བཟུང་བའི་བསྡུར་ཚད་ཀྱི་23.97%ཡིན་པ་ནས་18.73%དུ་ཆག་རྒྱུ་རེད། ཞིང་ལས་ཕྱོགས་བསྡུས་གསར་སྤེལ་ཐད་མ་འཇོག་སྒོར་ཁྲི་50,404དོན་འཁྱོལ་བྱས་ནས་ས་རྒྱུ་བཅོས་སྐྱོང་རྣམ་གྲངས་ཁག་40དང་། ཐོན་ལས་ཅན་གྱི་གཉེར་སྐྱོང་རྣམ་གྲངས་ཁག་41ལག་བསྟར་བྱས་ཡོད། མ་དངུལ་སྒོར་ཁྲི་12,572དོན་འཁྱོལ་བྱས་ནས་ཚད་གཞི་མཐོ་བའི་གཞི་རྩའི་ཞིང་ཁའི་འཛུགས་སྐྲུན་དང་ས་ཞིང་གསར་སྤེལ་བཅོས་སྒྲིག་གི་རྣམ་གྲངས་འཛུགས་སྐྲུན་བྱེད་རྒྱུར་རྒྱབ་སྐྱོར་བྱས་ཡོད།
(2) རྨང་གཞིའི་སྒྲིག་བཀོད་ཐད་ཀྱི་གཏོང་ཆའི་གཞི་ཁྱོན་རྒྱ་ཆེར་བཏང་བ།
ས་གནས་ཀྱི་འབྱོར་སྟོབས་དང་། ཀྲུང་དབྱང་གི་ཁ་གསབ་རོགས་དངུལ། དེ་བཞིན་ས་གནས་སྲིད་གཞུང་གི་བུན་འཛིན་མ་དངུལ་བཅས་གཅིག་གྱུར་འཆར་འགོད་བྱས་ནས་འགྲིམ་འགྲུལ་དང་། ཆུ་བེད། གློག་ཤུགས། འགན་སྲུང་རང་བཞིན་གྱི་སྡོད་ཁང་སོགས་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་བྱེད་རྒྱུར་རྒྱབ་སྐྱོར་བྱས་ཡོད། ལོ་ཧྲིལ་པོར་ནོར་སྲིད་ནས་གཞི་རྩའི་འཛུགས་སྐྲུན་ཐད་མ་འཇོག་སྒོར་དུང་ཕྱུར་200བརྒལ་ཞིང་། ལོ་རྒྱུས་ཀྱི་ཚད་གཞི་མཐོ་ཤོས་སུ་སླེབས་པས་རྣམ་གྲངས་ཀྱི་སྐུལ་ཁྲིད་དང་མ་འཇོག་གི་སྐུལ་སྤེལ་ནུས་པ་སྔར་བས་ཆེ་རུ་སོང་ཡོད། གཞི་རྩའི་འཛུགས་སྐྲུན་ལ་སྔ་འདོན་སྒོར་ཁྲི་114,000དོན་འཁྱོལ་བྱས་ནས་གློག་མེད་པའི་ས་ཁུལ་གྱི་གློག་ཤུགས་འཛུགས་སྐྲུན་དང་གྲོང་གསེབ་ཀྱི་གློག་དྲ་བསྒྱུར་བཀོད་རིམ་སྤོར་དང་། ཕོད་མདོ་ཆུ་བེད་ལྟེ་བའི་ལས་གྲྭ་སོགས་གཙོ་གནད་རྣམ་གྲངས་འཛུགས་སྐྲུན་ལག་བསྟར་བྱེད་རྒྱུ་མགྱོ གས་སུ་གཏོང་བར་རྒྱབ་སྐྱོར་བྱས་ཡོད། གཞུང་ལམ་འཛུགས་སྐྲུན་དང་བདག་སྐྱོང་བྱེད་རྒྱུའི་ཐད་མ་དངུལ་སྒོར་ཁྲི་765,167དོན་འཁྱོལ་བྱས་ནས་ལྗོངས་ཡོངས་ཀྱི་འགྲིམ་འགྲུལ་བྱ་གཞག་རྒྱུན་ཚད་ལས་བརྒལ་ཏེ་གོང་འཕེལ་ཡོང་རྒྱུར་སྐུལ་འདེད་བཏང་ཞིང་། གཞུང་ལམ་བདག་སྐྱོང་གི་ལམ་སྲོལ་བསྒྱུར་བཅོས་གཏིང་ཟབ་བྱས་ནས་འགྲིམ་འགྲུལ་ལམ་དྲའི་འགྲོ་སྐྱོད་བྱེད་ནུས་མངོན་གསལ་དོད་པོས་གོང་མཐོར་སོང་བ་དང་། མེ་ཏོག་དེ་ཉིད་གཞུང་ལམ་ཤར་གཏོང་ཐུབ་པའི་རྫོང་མཐའ་མ་དེ་ཡིན་པའི་ངོས་ནས་དངོས་སུ་རྒྱལ་ཡོངས་ཀྱི་གཞུང་ལམ་འགྲིམ་འགྲུལ་མངའ་ཁོངས་སུ་ཚུད་ཡོད། མ་དངུལ་སྒོར་ཁྲི་393,447དོན་འཁྱོལ་བྱས་ནས་ལྗོངས་ཡོངས་ཀྱི་ལས་ཤག་ཚང་སྒྲིག 10,289དང་། ཁང་གླ་ཁེ་བའི་སྡོད་ཁང་ཚང་སྒྲིག་7,200 སྤྱི་པའི་བོགས་གཏོང་སྡོད་ཁང་ཚང་སྒྲིག་24,512བཅས་འཛུགས་སྐྲུན་དང་དེ་བཞིན་སྡོད་ཁང་སྐྱོ་ཁུལ་དུད་ཚང་11,066བསྒྱུར་བཟོ་བྱེད་རྒྱུར་རྒྱབ་སྐྱོར་བྱས་ཡོད། མ་དངུལ་སྒོར་ཁྲི་142,250དོན་འཁྱོལ་བྱས་ནས་གྲོང་ཁྱེར་ལྷ་སའི་གྲོང་ཁྱེར་གྱི་དྲོད་གཏོང་ལས་གཞི་ལག་བསྟར་དང་ཨར་སྐྲུན་གྱི་ནུས་རྒྱུ་གྲོན་ཆུང་བསྒྱུར་བཀོད་བྱེད་རྒྱུར་སྐུལ་སྤེལ་བཏང་སྟེ་ཐོན་ཁུངས་གྲོན་ཆུང་རྣམ་པ་དང་ཁོར་ཡུག་མཐུན་འཕྲོད་རང་བཞིན་གྱི་སྤྱི་ཚོགས་འཛུགས་སྐྱོང་བྱེད་རྒྱུར་སྐུལ་འདེད་བཏང་ཡོད། མ་དངུལ་སྒོར་ཁྲི་32,809དོན་འཁྱོལ་བྱས་ནས་ཆུ་བོ་འབྲིང་ཆུང་རྒྱུག་ཁུལ་ཁག་37ལ་ཆེད་དམིགས་བཅོས་སྐྱོང་དང་ཉེན་སྐྱོན་ཡོད་པའི་ཆུ་མཛོད་6གི་ཉེན་སེལ་བརྟན་སྐྱོར་རྣམ་གྲངས་ལག་བསྟར་བྱས་ཡོད། མ་དངུལ་སྒོར་ཁྲི་71,500དོན་འཁྱོལ་བྱས་ནས་རྫོང་ཁག་40ལ་ཞིང་ནང་(འབྲོག་ཁུལ )ཆུ་བེད་ཆུང་གྲས་དང་ཆེད་དམིགས་ཆུ་བེད་ལས་གྲྭ་འཛུགས་སྐྲུན་བྱེད་རྒྱུ་ལག་བསྟར་བྱས་ནས་ཞོད་ཐན་སྔོན་འགོག་བྱེད་རྒྱུར་རྒྱབ་སྐྱོར་གྱིས་ཞིང་འབྲོག་ལས་ཐོན་སྐྱེད་ཉེན་མེད་ཡོང་རྒྱུ་འགན་ལེན་བྱས་ཡོད།
2. དམངས་འཚོ་སྔོན་དུ་སྤེལ་རྒྱུ་རྒྱུན་འཁྱོངས་བྱས་ནས་གཞི་རྩའི་སྤྱི་པའི་ཞབས་ཞུའི་ཆུ་ཚད་གོང་མཐོར་བཏང་ཡོད།
གྲོང་ཁྱེར་གྲོང་གསེབ་ཀྱི་སྤྱི་ཚོགས་འགན་སྲུང་མ་ལག་འཐུས་སྒོ་ཚང་དུ་བཏང་ཡོད། ལྗོངས་ཡོངས་ཀྱི་སྤྱི་ཚོགས་འགན་སྲུང་དང་ལས་ཞུགས་ཐད་གཏོང་སྒོ་སྒོར་ཁྲི་782,270བཏང་ཡོད་པ་དེ་བསྡུར་གཞི་གཅིག་མཚུངས་བཞིན་རྩིས་ནས (གཤམ་དུ་གཅིག་མཚུངས )ལོ་གོང་མ་ལས་9.4%འཕར་ཡོད། སྤྱི་ཚོགས་འགན་བཅོལ་མ་ལག་འཐུས་སྒོ་ཚང་དུ་བཏང་ཡོད་ཅིང་། སྒྲིག་ཁོངས་སུ་ཚུད་པའི་གྲྭ་བཙུན་གྱི་སྤྱི་ཚོགས་འགན་བཅོལ་ནང་ཞུགས་པའི་ཐོབ་ཐང་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་པ་དང་། གྲོང་ཁྱེར་གྲོང་གསེབ་ཀྱི་ཡུལ་མིའི་གཞི་རྩའི་སྨན་བཅོས་འགན་བཅོལ་ནོར་སྲིད་ནས་ཁ་གསབ་སྤྲོད་པའི་ཚད་གཞི་མི་རེར་ལོ་རེར་སྒོར་300ཟིན་པ་བྱས་པ། གྲོང་གསེབ་ཀྱི་སྤྱི་ཚོགས་རྒན་གསོའི་འགན་བཅོལ་གསར་པ་དང་། ཁེ་ལས་ཀྱི་རྒན་ཡོལ་ཞུས་པའི་མི་སྣའི་རྒན་གསོའི་འགན་བཅོལ་བཅས་ཀྱི་རྨང་གཞིའི་རྒན་གསོའི་ཐོབ་ཐང་གི་ཚད་གཞི་ཁག་སོ་སོར་ཟླ་རེར་མི་རེར་ཆ་སྙོམས་སྒོར་105དང་། སྒོར་3,018ཟིན་ཡོད་པ་དང་ལྗོངས་ཡོངས་ཀྱི་སྤྱི་ཚོགས་འགན་བཅོལ་ཁག་ནང་ཞུགས་པའི་མི་ཐེངས་ཁྲི་248.9ཟིན་ཞིང་། ཐོབ་ཆའི་གཏོང་སྒོ་སྒོར་དུང་ཕྱུར་34ཟིན་པས་སྤྱི་ཚོགས་འགན་བཅོལ་གྱི་སྲིད་ཇུས་བརྟན་པོའི་ངང་འཁོར་སྐྱོད་ཐུབ་ཡོད། གྲོང་ཁྱེར་གྲོང་གསེབ་ཀྱི་སྤྱི་ཚོགས་རོགས་སྐྱོབ་མ་ལག་འཐུས་སྒོ་ཚང་དུ་བཏང་ཞིང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་མ་མཐའི་འཚོ་བ་འགན་སྲུང་ལམ་ལུགས་ཀྱི་ཚད་གཞི་སྔར་བས་མཐོ་རུ་བཏང་སྟེ་ཁག་སོ་སོར་ཟླ་རེར་སྒོར་440དང་ལོ་རེར་སྒོར་1,750ཟིན་ཞིང་། འགན་ལེན་ལྔའི་མི་སྣ་གཅིག་སྡུད་ཐོག་འཚོ་སྐྱོང་དང་དྭ་ཕྲུག་གཅིག་སྡུད་ཐོག་གསོ་ཉར་བྱེད་པའི་ལས་གཞི་མགྱོ གས་མྱུར་སྤེལ་ཐོག་དུས་དང་འཚམ་ངེས་སྐབས་སྤྱི་ཚོགས་རོགས་སྐྱོབ་དང་འགན་སྲུང་བྱེད་རྒྱུའི་ཚད་གཞི་དེ་ཟོག་གོང་འཕར་འགྲོ་བ་དང་སྦྲེལ་མཐུད་བྱེད་པའི་མཉམ་སྒུལ་ལམ་སྲོལ་ལག་བསྟར་འགོ་བཙུགས་པ་དང་། དབང་པོ་སྐྱོན་ཅན་ཁྱིམ་དུ་གསོ་བཅོལ་བྱེད་པའི་འཆར་གཞི་དང་དབང་པོ་སྐྱོན་ཅན་ལས་ཞུགས་བྱེད་རྒྱུར་རྒྱབ་སྐྱོར་བྱས་ཡོད། མ་དངུལ་སྒོར་ཁྲི་18,413དོན་འཁྱོལ་བྱས་ནས་ཡོང་འབབ་དམའ་བའི་རིགས་གྲས་ལ “དུས་ཆེན་གསུམ ”རིང་མུ་མཐུད་སྤྲོད་གཅིག་མའི་འཚོ་བའི་ཁ་གསབ་སྤྲད་པར་བརྟེན་ཁོང་ཚོའི་གཞི་རྩའི་འཚོ་བ་འགན་སྲུང་ཐུབ་ཡོད། རང་བྱུང་གནོད་འཚེའི་རོགས་སྐྱོར་ལས་དོན་ལ་རྒྱབ་སྐྱོར་བྱས་ཤིང་། མ་དངུལ་སྒོར་ཁྲི་112,211དོན་འཁྱོལ་བྱས་ནས་ཆབ་མདོ་དང་ནག་ཆུ་སོགས་ས་ཁུལ་གྱི་གནོད་འཚེ་ཕོག་རྗེས་ཀྱི་སླར་གསོ་བསྐྱར་སྐྲུན་གྱི་ལས་དོན་ལ་རྒྱབ་སྐྱོར་བྱས་ནས་གནོད་འཚེ་ཕོག་པའི་མང་ཚོགས་གནས་སྤོ་བཀོད་སྒྲིག་བྱེད་རིང་གི་གཞི་རྩའི་འཚོ་བ་འགན་ལེན་བྱས་ཡོད། གཟིགས་སྐྱོང་བཀོད་སྒྲིག་ལས་དོན་ལ་མ་དངུལ་ཐོག་ནས་འགན་སྲུང་ཡག་པོ་བྱས་ནས་གཟིགས་སྐྱོང་བྱ་ཡུལ་ཁག་དང་དམག་ཞབས་ཐིམ་པའི་དམག་མིའི་གཞི་རྩའི་འཚོ་བ་འགན་ལེན་བྱས་ཡོད། དམིགས་བསལ་དཀའ་ངལ་ཡོད་པའི་ལས་བྱེད་པ་རྒན་གྲས་ལ་རོགས་སྐྱོར་བྱེད་པའི་ལམ་སྲོལ་བཙུགས་པས་དམིགས་བསལ་དཀའ་ངལ་ཡོད་པའི་ལས་བྲལ་རྒན་ཡོལ་ཞུས་པའི་ལས་བྱེད་པའི་འཚོ་བའི་དཀའ་ངལ་ནུས་ལྡན་ངང་སེལ་ཐུབ་པ་བྱུང་བ་དང་། ལས་བྲལ་རྒན་ཡོལ་ཞུ་མཁན་གྱི་ཏང་ཀྲི་པུའུ་འཛུགས་སྐྱོང་བྱེད་རྒྱུར་རྒྱབ་སྐྱོར་བྱས་ཡོད། དགེ་མཚན་ལྡན་པའི་ལས་ཞུགས་སྲིད་ཇུས་ལག་བསྟར་བྱས་ནས་ལས་ཞུགས་བོད་སྐྱོར་ལས་དོན་ལ་རྒྱབ་སྐྱོར་བྱས་ཏེ་ཐབས་ལམ་མང་བ་དང་རྣམ་པ་འདྲ་མིན་གྱི་ཐོག་ནས་ལས་ཞུགས་བྱེད་རྒྱུར་སྐུལ་མ་བཏང་ཞིང་། མ་དངུལ་སྒོར་ཁྲི་130,737དོན་འཁྱོལ་བྱས་ནས་ཐེམ་ཁོངས་བོད་ནས་ཡིན་པའི་སློབ་དུས་འདིའི་སློབ་ཆེན་ཐོན་པའི་སློབ་མ་ཚང་མ་ལས་ཞུགས་ཐུབ་པ་དང་“ལས་ཞུགས་པ་མེད་པའི ”ཁྱིམ་ཚང་ལ་སྐབས་ཐོག་ལས་ཞུགས་ཐུབ་པའི་འགན་ལེན་བྱས་པ་དང་། སྲིད་གཞུང་ནས་ཉོ་སྒྲུབ་བྱས་པའི་སྤྱི་ཕན་རང་བཞིན་གྱི་ལས་གནས་ཁག་7000མང་དུ་བཏང་ཐོག་ཁྱོན་བསྡོམས་ལས་གནས་ཁག་27,000ཟིན་ནས་སྤྱི་ཕན་རང་བཞིན་གྱི་ཁ་གསབ་མ་དངུལ་དང་སྤྱི་ཚོགས་འགན་བཅོལ་གྱི་འཇལ་གྲོན་ཁ་གསབ་དུས་ཐོག་གྲངས་ཚང་གིས་སྤྲད་ཐུབ་པ་བྱུང་བ། མཐོ་རིམ་སློབ་ཆེན་གྱི་སློབ་ཐོན་སློབ་མ་ལས་ཀར་བསྡུ་འགུགས་བྱེད་མཁན་ཁེ་ལས་ལ་བྱ་དགའ་སྤྲད་པ། ལྗོངས་ཡོངས་ཀྱི་གྲོང་ཁྱེར་གྲོང་རྡལ་གྱི་ལས་ཤོར་ཐོ་འགོད་བྱེད་ཚད་2.5%ནང་ཚུན་དུ་ཚོད་འཛིན་ཐུབ་ཡོད། རྒྱན་ཤོག་གི་སྤྱི་ཕན་མ་དངུལ་སྒོར་ཁྲི་70,611དོན་འཁྱོལ་བྱས་ནས་སྤྱི་ཚོགས་ཕན་བདེ་དང་། སྤྱི་པའི་ལུས་རྩལ། དབང་པོ་སྐྱོན་ཅན་བཅས་ཀྱི་བྱ་གཞག་གོང་འཕེལ་གཏོང་རྒྱུར་རྒྱབ་སྐྱོར་བྱས་ཡོད། སློབ་གསོའི་བྱ་གཞག་སྔོན་དུ་གོང་འཕེལ་བཏང་ཡོད། ལྗོངས་ཡོངས་ཀྱི་སློབ་གསོའི་ཐད་གཏོང་སྒོ་སྒོར་ཁྲི་1,081,441བཏང་ཡོད་པ་དེ་ལོ་གོང་མ་ལས་14.5%འཕར་ཡོད། “འགན་ལེན་གསུམ ”གྱི་འགྲོ་གྲོན་གྱི་འགན་སྲུང་ཚད་གཞི་སྔར་བས་མཐོ་རུ་བཏང་ཞིང་། ལོ་རེར་སློབ་མ་རེའི་ཆ་སྙོམས་སྒོར་2,700ཟིན་པ་དང་། ལྗོངས་ཡོངས་ཀྱི “འགན་ལེན་གསུམ ”གྱི་འགྲོ་གྲོན་སྤྱི་འབོར་སྒོར་ཁྲི་137,895ཟིན་ནས་ཞིང་འབྲོག་པའི་བུ་ཕྲུག་དང་གྲོང་ཁྱེར་གྲོང་རྡལ་གྱི་དཀའ་ངལ་ཡོད་པའི་ཁྱིམ་ཚང་གི་སློབ་མ་ཁྲི་52ལ་ཁེ་ཕན་ཐོབ་ཅིང་། དེས་སློབ་ཞུགས་མ་བྱས་གོང་དང་སློབ་གྲྭ་འབྲིང་ཆུང་གི་སློབ་གྲྭར་ཡོད་པའི་སློབ་མའི་སྤྱིའི་མི་གྲངས་ཀྱི་95%ཟིན་ཡོད། མ་དངུལ་སྒོར་ཁྲི་37,528དོན་འཁྱོལ་བྱས་ནས་སློབ་ཞུགས་མ་བྱས་གོང་ནས་མཐོ་རིམ་སློབ་འབྲིང་དུས་མཚམས་བར་ལོ་15སློབ་ཡོན་མི་དགོས་པའི་སློབ་གསོའི་སྲིད་ཇུས་དང་། མཐོ་རིམ་དགེ་འོས་སློབ་གྲྭ ཞིང་འབྲོག་ནགས་ཆུ་དང་ས་གཤིས་གཏེར་ལས་བཅས་ཆེད་ལས་ཚན་ཁག་ལ་སློབ་ཡོན་མི་དགོས་པའི་སློབ་གསོའི་སྲིད་ཇུས་མུ་མཐུད་ལག་བསྟར་བྱས་ཡོད། མ་དངུལ་སྒོར་ཁྲི་12,510དོན་འཁྱོལ་བྱས་ཏེ་འཚོ་བཅུད་ལེགས་བཅོས་ཀྱི་འཆར་གཞི་ལག་བསྟར་བྱས་པས་གྲོང་གསེབ་ཀྱི་འོས་འགན་སློབ་གསོའི་སློབ་མ་ཁྲི་20.85ལ་ཕན་པ་ཐོབ་ཡོད། མ་དངུལ་སྒོར་ཁྲི་70,000དོན་འཁྱོལ་བྱས་ནས་སློབ་གྲྭ་འབྲིང་ཆུང་གི་སློབ་གྲྭའི་ཉལ་ཁང་ཉམས་བཟོ་བསྒྱུར་བཀོད་དང་རྨང་གཞིའི་སློབ་གསོའི་སློབ་གཉེར་ཆ་རྐྱེན་ལེགས་བཅོས་བྱེད་རྒྱུར་རྒྱབ་སྐྱོར་བྱས་པ་དང་། སློབ་གྲྭ་ཁག་132ཀྱི་ཟ་ཁང་བསྒྱུར་བཀོད་དང་སློབ་གྲྭ་འབྲིང་ཆུང་ཁག་64ཡི་ཉི་ནུས་གཟུགས་འཁྲུ་ཁང་བསྐྲུན་ཡོད། ལས་རིགས་སློབ་གསོ་གོང་འཕེལ་ཇེ་མགྱོ གས་སུ་བཏང་ཞིང་། མ་དངུལ་སྒོར་ཁྲི་9,206དོན་འཁྱོལ་བྱས་ནས་རྫོང་རིམ་པའི་ལས་རིགས་སློབ་གསོའི་ལྟེ་གནས་དངོས་སྦྱོང་རྟེན་གཞི་འཛུགས་སྐྲུན་བྱེད་རྒྱུར་རྒྱབ་སྐྱོར་བྱས་ཡོད། མཐོ་རིམ་སློབ་ཆེན་གོང་འཕེལ་གཏོང་རྒྱུར་རྒྱབ་སྐྱོར་བྱས་ཤིང་། མ་དངུལ་སྒོར་ཁྲི་36,522དོན་འཁྱོལ་བྱས་ནས་མཐོ་རིམ་སློབ་ཆེན་གྱི་ཕྱོགས་བསྡུས་སློབ་གཉེར་ནུས་པ་གོང་མཐོར་བཏང་ཡོད། མ་དངུལ་སྒོར་ཁྲི་4,310དོན་འཁྱོལ་བྱས་ནས་སློབ་གསོར་རྒྱལ་ཁབ་ཀྱི་སྦྱོང་བརྡར་འཆར་གཞི་ལག་བསྟར་ཇེ་མགྱོ གས་སུ་བཏང་བར་བརྟེན་དགེ་རྒན་གྱི་སྐད་གཉིས་སློབ་གསོའི་སློབ་ཁྲིད་ནུས་པ་སྔར་བས་ཆེ་རུ་སོང་ཡོད། རིག་གནས་དར་འཕེལ་ཆེན་པོ་ཡོང་བར་སྐུལ་འདེད་བཏང་ཡོད། ལྗོངས་ཡོངས་ཀྱི་རིག་གནས་ལུས་རྩལ་དང་སྨྱན་སྦྱོར་ཐད་གཏོང་སྒོ་སྒོར་ཁྲི་237,398བཏང་ཡོད་པ་དེ་ལོ་གོང་མ་ལས་18.7%འཕར་ཡོད། རིག་གནས་ཐོན་ལས་གོང་འཕེལ་གཏོང་རྒྱུའི་ཐད་མ་དངུལ་སྒོར་ཁྲི་5,900དོན་འཁྱོལ་བྱས་ནས་རིག་གནས་ཐོན་ལས་ཀྱི་རྣམ་གྲངས་ཁག་14བཀོད་སྒྲིག་བྱས་ཤིང་། གཙོ་གནད་དུ 《བཅིངས་འགྲོལ་དམག་མི 》དང་《ཆབ་མདོ་བཅིངས་འགྲོལ 》ཞེས་པ་སོགས་གློག་བརྙན་བརྙན་འཕྲིན་གསར་རྩོམ་དང་། སྒྱུ་རྩལ་འོས་སྦྱོར་ལྟེ་གནས། མི་རིགས་ལག་ཤེས་བཟོ་རྩལ་བཅས་གོང་འཕེལ་གཏོང་རྒྱུར་གཙོ་གནད་དུ་རྒྱབ་སྐྱོར་བྱས་ཡོད། ལྗོངས་ཡོངས་ལ་ཁེབས་པའི་སྤྱི་པའི་རིག་གནས་ཞབས་ཞུའི་མ་ལག་སྐྲུན་རྒྱུ་ཇེ་མགྱོགས་སུ་བཏང་ཞིང་། མ་དངུལ་སྒོར་ཁྲི་17,742དོན་འཁྱོལ་བྱས་ནས་སྒྱུ་རྩལ་རྩེ་གྲ་གསར་རྩོམ་བྱེད་རྒྱུར་རོགས་སྐྱོར་དང་། མངོན་མིན་རིག་གནས་ཤུལ་བཞག་སྲུང་སྐྱོབ་བྱེད་རྒྱུར་རྒྱབ་སྐྱོར། གཞི་རིམ་གྱི་རིག་གནས་དང་དེ་བཞིན་རིག་གནས་སྒྲིག་བཀོད་མགྱོ གས་མྱུར་འཛུགས་སྐྲུན་བཅས་བྱས་པར་བརྟེན “ཐང་ག་སྣ་བརྒྱའི་ལས་གཞི ”དང་། 《ཡིད་དབང་འཕྲོག་པའི་བོད་ལྗོངས 》 དངོས་ལྗོངས་ཟློས་གར་ཆེ་གྲས 《འུན་ཤིང་ཀོང་ཇོ 》 གཏམ་བརྗོད་ཟློས་གར 《བཅིངས་འགྲོལ། བཅིངས་འགྲོལ 》ཞེས་པ་སོགས་རིག་གནས་ཐོན་རྫས་ལ་རྒྱ་ཁྱབ་ཏུ་གདེང་འཇོག་བཟང་པོ་ཐོབ་ཡོད། རླུང་འཕྲིན་བཪྙན་འཕྲིན་དང་སྨྱན་སྦྱོར་བྱ་གཞག་གོང་འཕེལ་དང་བསྒྱུར་བཅོས་བྱེད་རྒྱུར་རྒྱབ་སྐྱོར་བྱས་ཤིང་། མ་དངུལ་སྒོར་ཁྲི་32,452དོན་འཁྱོལ་བྱས་ནས་བོད་ཤིན་ལས་གཞི་དང་། རླུང་འཕྲིན་བརྙན་འཕྲིན་སྐུད་མེད་ཁེབས་པ་བྱེད་རྒྱུ། གྲོང་གསེབ་ཀྱི་གློག་བརྙན་སྟོན་ཐེངས་ལ་ཁ་གསབ་སྤྲོད་རྒྱུ་བཅས་ཀྱི་སྲིད་ཇུས་མུ་མཐུད་ལག་བསྟར་བྱས་ནས་རླུང་འཕྲིན་དང་བཪྙན་འཕྲིན་ཕྱོགས་བསྡུས་ཁེབས་ཚད་ཁག་སོ་སོར་94.4%དང་95.5%ཟིན་ཡོད། རིག་དངོས་སྲུང་སྐྱོབ་ཀྱི་ལས་དོན་སྤེལ་ཤུགས་ཆེ་རུ་བཏང་ཞིང་། རིག་དངོས་སྲུང་སྐྱོབ་བྱེད་རྒྱུའི་ཐད་མ་དངུལ་སྒོར་ཁྲི་23,271དོན་འཁྱོལ་བྱས་ནས་གྲྭ་ཐང་དགོན་པ་དང་། ཁ་རུབ་གནའ་ཤུལ། ཆོས་རྒྱལ་བང་སོ་སོགས་རྒྱལ་ཁབ་རིམ་པའི་རིག་དངོས་སྲུང་སྐྱོབ་དང་དེ་བཞིན་བཤད་གྲྭ་གཞིས་ཁ་དང་སེ་ར་དགོན་པ་སོགས་རང་སྐྱོང་ལྗོངས་རིམ་པའི་གཙོ་གནད་རིག་དངོས་ཚན་པ་ཁག་27ཉམས་གསོ་བྱེད་རྒྱུའི་རྣམ་གྲངས་ལག་བསྟར་བྱས་ཡོད། སྨན་བཅོས་འཕྲོད་བསྟེན་ལམ་སྲོལ་བསྒྱུར་བཅོས་བྱེད་རྒྱུར་སྐུལ་སྤེལ་ཧུར་ཐག་བཏང་ཡོད། ལྗོངས་ཡོངས་ཀྱི་སྨན་བཅོས་འཕྲོད་བསྟེན་ཐད་གཏོང་སྒོ་སྒོར་ཁྲི་395,858བཏང་ཡོད་པ་དེ་ལོ་གོང་མ་ལས་9.6%འཕར་ཡོད། ཁ་གསབ་རོགས་དངུལ་གྱི་ཚད་གཞི་སྔར་བས་མཐོ་རུ་བཏང་ཞིང་། ཞིང་འབྲོག་ཁུལ་གྱི་སྨན་བཅོས་ལམ་ལུགས་དང་། མི་རེའི་ཆ་སྙོམས་གཞི་རྩའི་སྤྱི་པའི་འཕྲོད་བསྟེན་ཞབས་ཞུའི་འགྲོ་གྲོན། དེ་བཞིན་གྲོང་ཚོའི་སྨན་པའི་ལས་གནས་བཅས་ཀྱི་ཁ་གསབ་ཚད་གཞི་དེ་ཁག་སོ་སོར་ལོ་རེར་སྒོར་340དང་ལོ་རེར་སྒོར་35 ཟླ་རེར་སྒོར་300བཅས་ཟིན་ཡོད། མ་དངུལ་སྒོར་ཁྲི་7,923དོན་འཁྱོལ་བྱས་ནས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཡུལ་མི་དང་དེ་བཞིན་སྒྲིག་ཚུད་གྲྭ་བཙུན་ལ་རིན་མེད་བདེ་ཐང་གི་གཟུགས་པོ་བརྟག་དཔྱད་བྱེད་རྒྱུའི་སྲིད་ཇུས་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་ཡོད། གཙོ་ཆེའི་སྤྱི་པའི་འཕྲོད་བསྟེན་གྱི་ཆེད་དམིགས་གཏོང་ཆ་མང་དུ་བཏང་ཞིང་། བྱིས་པའི་ལྷན་སྐྱེས་སྙིང་ནད་ཕོག་མཁན་ལ་རིན་མེད་སྨན་བཅོས་བྱེད་རྒྱུ་དང་། ནད་ཡམས་སྔོན་འགོག་དང་བཀག་སྡོམ་བྱེད་རྒྱུ། བུད་མེད་དང་ཕྲུ་གུ་དམར་འབྱར་གྱི་འཕྲོད་སྦྱོར། དེ་བཞིན་འཕྲོད་བསྟེན་ལག་རྩལ་མི་སྣར་སྦྱོང་བརྡར་སྤྲོས་རྒྱུ་སོགས་ཀྱི་ལས་དོན་ལ་རྒྱབ་སྐྱོར་བྱས་ཡོད། མ་དངུལ་སྒོར་ཁྲི་5,261དོན་འཁྱོལ་བྱས་ནས་གྲོང་ཚོ་རིམ་པའི་འཕྲོད་བསྟེན་ཁང་གི་སྒྲིག་བཀོད་དང་སྒྲིག་ཆས་ཆ་རྐྱེན་སྔར་བས་ལེགས་བཅོས་བྱས་པས་གྲོང་ཚོའི་འཕྲོད་བསྟེན་ཁང་གི་ཞབས་ཞུའི་ནུས་པ་ཆེ་རུ་སོང་ཡོད། མ་དངུལ་སྒོར་ཁྲི་9,973དོན་འཁྱོལ་བྱས་ནས་ལྗོངས་ཡོངས་ཀྱི་གྲོང་ཁྱེར་གྲོང་གསེབ་ཀྱི་ཡུལ་མིར་ཁྱབ་པའི་སྨན་གྲོན་ཆེ་རིགས་ལ་ཚོང་ལས་འགན་བཅོལ་ཐོག་ནས་རོགས་གསབ་བྱེད་པ་དང་མི་ལུས་ལ་བསམ་ཡུལ་ལས་འདས་པའི་གནོད་འཚེ་ཕོག་པའི་འགན་བཅོལ་གྱི་ལམ་སྲོལ་བཙུགས་པས་གྲོང་ཁྱེར་གྲོང་གསེབ་ཀྱི་ཡུལ་མིར་སྨན་བཅོས་འགན་སྲུང་བྱེད་པའི་ནུས་པ་ཆེ་རུ་སོང་ཡོད། འཆར་ལྡན་བུ་བཙའི་བྱ་གཞག་ཐད་འགྲོ་གྲོན་སྒོར་ཁྲི་9,374དོན་འཁྱོལ་བྱས་ནས་རིན་མེད་ཀྱི་ལེགས་བཙའི་བདེ་ཐང་བརྟག་དཔྱད་ཚོད་ལྟའི་ལས་དོན་ཕྱོགས་ཡོངས་ནས་སྐུལ་སྤེལ་བཏང་བ་དང་། ཕྲུ་གུ་དབང་སྐྱོན་ཅན་གྱི་རིགས་མི་སྐྱེ་བ་བྱེད་རྒྱུའི་ཐེ་ཇུས་ཀྱི་ཚོད་ལྟའི་ལས་གཞི་སྤེལ་བས་ལེགས་བཙའ་ལེགས་གསོ་ཡོང་རྒྱུར་སྐུལ་འདེད་ཐེབས་ཡོད། ཚན་རྩལ་བྱ་གཞག་གོང་འཕེལ་གཏོང་རྒྱུར་སྐུལ་སྤེལ་བཏང་ཡོད། ལྗོངས་ཡོངས་ཀྱི་ཚན་རིག་ལག་རྩལ་ཐད་གཏོང་སྒོ་སྒོར་ཁྲི་43,190བཏང་ཡོད་པ་དེ་ལོ་གོང་མ་ལས་17.7%འཕར་ཡོད། མ་དངུལ་སྒོར་ཁྲི་22,209དོན་འཁྱོལ་བྱས་ཏེ་ཚན་རྩལ་ལ་བརྟེན་ནས་དམངས་ཕྱུག་རྫོང་སྟོབས་ཆེར་གཏོང་བའི་ལས་གཞི་དང་གཞི་རིམ་དུ་ཚན་རྩལ་ཁྱབ་གདལ་གྱི་བྱ་སྤྱོད་སྤེལ་བའི་འཆར་གཞི་ལག་བསྟར་བྱེད་རྒྱུར་རྒྱབ་སྐྱོར་བྱས་ནས་ཚན་རྩལ་དཔེ་སྟོན་རྫོང་དང་ཞིང་འབྲོག་ཁུལ་གྱི་ཚན་རྩལ་འབྲས་བུ་དངོས་སྒྱུར་དཔེ་སྟོན་རྟེན་གཞི་འཛུགས་རྒྱུ་སྐུལ་སྤེལ་ཧུར་ཐག་བཏང་བས་ཚན་རྩལ་ལ་བརྟེན་ནས་ཐོན་འཕར་འབབ་འཕར་ཡོང་བར་སྐུལ་འདེད་གཏོང་རྒྱུའི་ནུས་པ་མངོན་གསལ་དོད་པོས་ཤུགས་ཆེར་སོང་ཡོད། ཤང་གྲོང་གི་ཚན་རྩལ་ཁྱབ་གདལ་བྱེད་སྒོའི་ས་ཚུགས་དང་ཚན་རྩལ་ཁྱབ་གདལ་གྱི་རི་མོ་འགྲེམས་སྟོན་སོགས་ཚན་རྩལ་ཁྱབ་གདལ་གྱི་རྣམ་གྲངས་ལ་མ་དངུལ་སྒོར་ཁྲི་2,726དོན་འཁྱོལ་བྱས་པ་དང་། ཚན་རྩལ་ཆེད་མངག་པའི་འཚོ་སྣོན་སྲིད་ཇུས་མུ་མཐུད་ལག་བསྟར་བྱས་པས་ཚན་རྩལ་ཁྱབ་གདལ་གྱི་བྱེད་སྒོ་སྔར་བས་གཏིང་ཟབ་ཏུ་སྤེལ་ཐུབ་པ་བྱུང་ཡོད།
3. ཁྲོམ་ར་སྐུལ་སྤེལ་ཇེ་མགྱོགས་སུ་བཏང་སྟེ་ཁྱད་ལྡན་དགེ་སྟོབས་ཆེ་བའི་ཐོན་ལས་གོང་འཕེལ་གཏོང་རྒྱུར་རོགས་སྐྱོར་བྱས་ཡོད། ཐོན་ལས་གོང་འཕེལ་གཏོང་རྒྱུའི་ཐད་མ་དངུལ་སྒོར་ཁྲི་42,237དོན་འཁྱོལ་བྱས་ནས་ས་འོག་ཚ་ནུས་རྩད་བཤེར་དང་རྒྱལ་ཁབ་རིམ་པའི་ཡུག་སྒྲིག་རྩད་བཤེར། ས་གཤིས་གཏེར་ཁའི་ཐོན་རྫས་བརྟག་དཔྱད་སོགས་གཏེར་འཚོལ་འགག་སྒྲོལ་གྱི་ལས་སྒོ་སྤེལ་རྒྱུར་རོགས་སྐྱོར་བྱས་ཡོད། བོད་ལྗོངས་འདི་ཉིད་འཛམ་གླིང་ཡུལ་སྐོར་བྱེད་གནས་སུ་འཛུགས་སྐྲུན་བྱེད་རྒྱུ་སྐུལ་སྤེལ་བཏང་ཞིང་། ས་གནས་ཀྱི་ཁྱད་ལྡན་དགེ་སྟོབས་ཆེ་བའི་ཐོན་ལས་གོང་འཕེལ་གཏོང་རྒྱུར་རོགས་སྐྱོར་བྱས་པས་དཔལ་འབྱོར་གྲུབ་ཆ་ལེགས་སྒྲིག་བྱེད་རྒྱུར་སྐུལ་འདེད་ཐེབས་ནས་དཔལ་འབྱོར་འཕར་བའི་ནང་གནས་སྒུལ་ཤུགས་ཆེ་རུ་སོང་ཡོད། ནོར་ཁྲལ་སྲིད་ཇུས་དང་མ་དངུལ་ཁག་ཚན་རིག་དང་མཐུན་པའི་བགོ་སྒྲིག་བྱས་ཤིང་། མ་དངུལ་སྒོར་ཁྲི་10,332དོན་འཁྱོལ་བྱས་ནས་ཁེ་ལས་འབྲིང་ཆུང་ཁག་གོང་འཕེལ་གཏོང་བའི་མ་དངུལ་རྣམ་གྲངས་ཁག་42དང་སྤྱི་དབང་མིན་པའི་དཔལ་འབྱོར་གོང་འཕེལ་གཏོང་བའི་རྣམ་གྲངས་ཁག་33ལ་མཆན་འགོད་ལན་འདེབས་བྱས་ཡོད། མ་དངུལ་སྒོར་ཁྲི་7,760དོན་འཁྱོལ་བྱས་ནས་གཞུང་ཁོངས་ཁེ་ལས་བསྒྱུར་བཅོས་དང་གོང་འཕེལ་གཏོང་རྒྱུར་རྒྱབ་སྐྱོར་བྱས་པར་བརྟེན་གཞུང་ཁོངས་དཔལ་འབྱོར་གྱི་ཁྱབ་བཀོད་ལེགས་སྒྲིག་བྱེད་རྒྱུར་སྐུལ་འདེད་ཐེབས་པ་དང་། གཞུང་ཁོངས་ཁེ་ལས་ཀྱི་འགྲན་རྩོད་བྱེད་ནུས་ཤུགས་ཆེར་གཏོང་རྒྱུའི་ཁྲིད་སྟོན་བྱས་པས་གཞུང་ཁོངས་ཁེ་ལས་རྒྱུན་མཐུད་གོང་འཕེལ་དང་འཁོར་སྐྱོད་ཡག་པོ་ཡོང་རྒྱུར་སྐུལ་འདེད་ཐུབ་ཡོད། མ་དངུལ་སྒོར་ཁྲི་86,661དོན་འཁྱོལ་བྱས་ཏེ་བོད་ལྗོངས་གློག་ཤུགས་ཚད་ཡོད་ཀུང་སའི་སྣུམ་གློག་གཏོང་བའི་གྱོ ང་གུན་ལ་ཁ་གསབ་བྱས་པ་དང་ཆབས་ཅིག་གཞུང་ཁོངས་མ་རྩའི་གཉེར་སྐྱོང་སྔོན་རྩིས་རིམ་པ་བཞིན་མ་དངུལ་འཇུག་ཐབས་སྤྱད་དེ་གློག་དྲའི་ཁྱིམ་དུད་ཀྱི་གློག་གི་ཆུ་ཚོད་བསྒར་སྒྲིག་བྱེད་རྒྱུའི་མ་དངུལ་སྒོར་དུང་ཕྱུར་22ཐག་གཅོད་བྱས་ནས་གློག་ཤུགས་མི་འདེང་བའི་ད་ཡོད་ཀྱི་གནས་ཚུལ་ལེགས་བཅོས་ཆེན་པོ་བྱུང་ཡོད། གྲོང་གསེབ་ཀྱི་ཁྲོམ་རའི་ལས་གཞི་འཛུགས་སྐྲུན་ལ་སྐུལ་སྤེལ་ཇེ་མགྱོ གས་སུ་བཏང་བ་དང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་འཛད་སྤྱོད་དཔུང་པ་མཉམ་གཤིབ་ཐོག་སྐུལ་སྤེལ་ཐུབ་ཡོད། མ་དངུལ་སྒོར་ཁྲི་12,989དོན་འཁྱོལ་བྱས་ཏེ་བོད་ལྗོངས་མཁའ་འགྲུལ་གྱི་བྱ་གཞག་གོང་འཕེལ་གཏོང་རྒྱུར་རྒྱབ་སྐྱོར་བྱས་ཡོད། འགག་སྒོའི་འཛུགས་སྐྲུན་དང་ཕྱིར་གཏོང་ཐོན་རྫས་ཀྱི་རྟེན་གཞིའི་འཛུགས་སྐྲུན་ལ་རྒྱབ་སྐྱོར་ཤུགས་ཆེ་བྱས་ནས་རང་བཟོས་ཐོན་རྫས་ཕྱིར་གཏོང་བྱེད་པའི་ནུས་པ་ཆེ་རུ་བཏང་བས་ལྗོངས་ཡོངས་ཀྱི་ཕྱིར་གཏོང་ཚོང་དོན་སྤྱི་འབོར་ཨ་སྒོར་དུང་ཕྱུར་30ཟིན་ཡོད།
4. ཁོར་ཡུག་གིས་སྐུལ་སྐྱོང་བྱེད་ཤུགས་ཆེ་རུ་བཏང་སྟེ་འབྱུང་ཁམས་ཤེས་དཔལ་འཛུགས་སྐྱོང་བྱེད་རྒྱུར་སྐུལ་སྤེལ་བཏང་ཡོད།
མ་དངུལ་སྒོར་ཁྲི་210,981དོན་འཁྱོལ་བྱས་ནས་ལྗོངས་ཡོངས་ཀྱི་རྫོང་ཁག་74ལ་རྩྭ་ཐང་འབྱུང་ཁམས་སྲུང་སྐྱོབ་ཀྱི་བྱ་དགའ་སྤྲོད་སྲོལ་མུ་མཐུད་ལག་བསྟར་བྱས་པས་རྩྭ་ཁ་བཀག་པ་དང་རྩྭ་ཕྱུགས་དོ་སྙོམས་རྒྱ་ཁྱོན་མུའུ་དུང་ཕྱུར་8.94ཟིན་ཡོད། མ་དངུལ་སྒོར་ཁྲི་72,170དོན་འཁྱོལ་བྱས་ནས་ནགས་ཚལ་འབྱུང་ཁམས་ཀྱི་ཕན་འབྲས་སྐྱོང་གསབ་ལམ་སྲོལ་ལག་བསྟར་བྱས་པ་དང་། ནགས་སྦོལ་ཞིང་ཁ་ནགས་སུ་སྒྱུར་རྒྱུ་དང་“རང་བྱུང་ནགས་ཚལ་སྲུང་སྐྱོབ་ལས་གཞིར ”རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་བཏང་ཐོག ནགས་སྦོལ་ཞིང་ཁ་མུའུ་ཁྲི་25ནགས་སུ་བསྒྱུར་བ་དང་། གཙོ་གནད་སྤྱི་ཕན་ནགས་ཚལ་དང་རང་བྱུང་ནགས་ཚལ་རྒྱ་ཁྱོན་ཁག་སོ་སོར་མུའུ་ཁྲི་15,203དང་མུའུ་ཁྲི་1,915ཟིན་ཡོད། མ་དངུལ་སྒོར་ཁྲི་42,240དོན་འཁྱོལ་བྱས་ནས་གཙོ་གནད་ཁུལ་ཁོངས་སུ་ཤིང་འཛུགས་མུའུ་ཁྲི་21,67བྱས་ཤིང་། ནགས་ལས་ཀྱི་གནོད་ཡོད་སྐྱེ་དངོས་འགོག་བཅོས་དང་། སྲོག་ཆགས་དང་རྩི་ཤིང་སྲུང་སྐྱོབ། བྱེ་སྐྱོན་འགོག་བཅོས། ནགས་ཚལ་མེ་འགོག་སོགས་ལ་རྒྱབ་སྐྱོར་བྱས་ཡོད། མ་དངུལ་སྒོར་ཁྲི་6,000དོན་འཁྱོལ་བྱས་ནས་ཆུའི་འབྱུང་ཁམས་དང་བཤེར་ས་སྲུང་སྐྱོབ་བྱེད་པའི་ཚོད་ལྟའི་ལས་དོན་སྤེལ་བས་ཆུའི་འབྱུང་ཁམས་དང་སྐྱེ་དངོས་སྣ་མང་རང་བཞིན་བརྟན་འཁྱོངས་ཐུབ་ཡོད། “གསེར་ཉིའི ”ལས་གཞི་ལག་བསྟར་བྱེད་རྒྱུར་རྒྱབ་སྐྱོར་བྱས་ཤིང་། ཁྱོན་བསྡོམས་མ་དངུལ་སྒོར་ཁྲི་123,200བཏང་སྟེ་རང་ཚུགས་འོད་ཤུགས་གློག་ཁང་ཁག་62བརྒྱབ་པར་གློག་འདོན་ཤོང་ཚད་ཀྲའོ་ཝ་50.78ཟིན་པ་དང་། དུད་ཚང་དུ་སྤྱོད་རྒྱུའི་འོད་ཤུགས་མ་ལག་ཆ་ཚང་ཁྲི་183,609སྤྲད་པ། མ་དངུལ་སྒོར་ཁྲི་9,381དོན་འཁྱོལ་བྱས་ནས “གློག་ཤང་འཁྲིད ”ཀྱི་རང་ཚུགས་འོད་ཤུགས་གློག་ཁང་ཁག་321གནས་སྤོ་དང་། བསྐྱར་གསོ། ཤོང་རྒྱ་བསྒྱུར་བཟོ་བཅས་བྱས་ཡོད། ཁོར་ཡུག་སྲུང་སྐྱོབ་ཐད་ཆེད་དམིགས་མ་དངུལ་སྒོར་ཁྲི་26,773དོན་འཁྱོལ་བྱས་ནས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཁོར་ཡུག་སྲུང་སྐྱོབ་ཀྱི་རྨང་གཞིའི་སྒྲིག་བཀོད་འཐུས་སྒོ་ཚང་དུ་བཏང་བས་བཙོག་སྐྱོན་ཡོང་གཞི་ཚོད་འཛིན་ནུས་ལྡན་ཐུབ་པ་དང་། འཐུང་ཆུའི་ཆུ་འགོ་ཁུལ་ལ་སྲུང་སྐྱོབ་བྱེད་ཐུབ་པ་བྱུང་ཡོད།
5. དངུལ་རྩས་འདེགས་སྐུལ་བྱེད་རྒྱུར་རྒྱབ་སྐྱོར་བྱས་ཏེ་ས་གནས་དཔལ་འབྱོར་གོང་འཕེལ་ལ་སྐུལ་འདེད་གཏོང་རོགས་བྱས་ཡོད།
དངུལ་བུན་སྐྱེད་སྦྱར་གྱི་འདེགས་སྐྱོར་ནུས་པ་སྤྱད་དེ་དངུལ་ཁང་ནས་དངུལ་བུན་གཏོང་རྒྱུར་འདེགས་སྐུལ་བྱས་ཏེ་ལྗོངས་ནང་ཁུལ་གྱི་གཙོ་ཆེའི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་གྱི་རྣམ་གྲངས་གང་མགྱོ གས་ལག་བསྟར་བྱེད་རྒྱུར་རྒྱབ་སྐྱོར་བྱས་ཡོད། མ་དངུལ་སྒོར་ཁྲི་23,329དོན་འཁྱོལ་བྱས་ནས་ལྗོངས་ཡོངས་ཀྱི་རྫོང་ཁག (གྲོང་ཁྱེར་དང་ཆུད )74ལ་སྲིད་ཇུས་རང་བཞིན་གྱི་ཞིང་འབྲེལ་འགན་བཅོལ་ལས་དོན་མུ་མཐུད་སྤེལ་བས་ཞིང་འབྲོག་ལས་ཀྱི་གནོད་འཚེ་སྔོན་འགོག་དང་ཆུང་དུ་གཏོང་རྒྱུ་དང་། གནོད་འཚེར་འཕྲལ་སྡོམ་བྱེད་རྒྱུའི་ནུས་པ་ཤུགས་ཆེར་སོང་ཡོད། མ་དངུལ་སྒོར་ཁྲི་1,440དོན་འཁྱོལ་བྱས་ནས་གྲོང་གསེབ་ཀྱི་དངུལ་རྩ་གོང་འཕེལ་གཏོང་རྒྱུར་སྐུལ་འདེད་བཏང་ཞིང་། གྲོང་གསེབ་དངུལ་རྩའི་ལས་ཁུངས་ལ་དམིགས་འཛུགས་འགྲོ་གྲོན་ཁ་གསབ་སྤྲོད་པའི་ལམ་སྲོལ་བཙུགས་ཡོད། མ་དངུལ་སྒོར་ཁྲི་2,500དོན་འཁྱོལ་བྱས་ནས་ཁེ་ལས་འབྲིང་ཆུང་གི་ནོར་སྲིད་དངུལ་རྩའི་སྲིད་ཇུས་མ་ལག་ཆ་ཚང་དུ་བཏང་བས་ཞིང་འབྲོག་པའི་ཡོང་འབབ་འཕར་སྣོན་ཡོང་བ་དང་དབུལ་སྐྱོར་བྱ་ཡུལ་ལས་ཞུགས་བྱེད་རྒྱུར་སྐུལ་ཁྲིད་བྱེད་པའི་རྣམ་གྲངས་དབུལ་སྐྱོར་དངུལ་བུན་སྐྱེད་སྦྱར་གྱི་ཁྱབ་ཁོངས་སུ་བཅུག་སྟེ་ཁེ་ལས་འབྲིང་ཆུང་ཕྲན་གསུམ་གྱི་མ་དངུལ་བསྡུ་རྒྱུག་བྱེད་དཀའ་བ་དང་། བསྡུ་རྒྱུག་གི་འགྲོ་གྲོན་ཆེ་བའི་གནད་དོན་ཞི་ལྷོད་དུ་སོང་བ་དང་། འགན་བཅོལ་མཁོ་དགོས་ཀྱི་ཡིད་རྟོན་འཕེར་ནུས་འདོན་སྤེལ་གང་ལེགས་བྱས་ཏེ་དངུལ་རྩའི་ཁག་ཐེག་ལས་ཁུངས་ཀྱི་ཉེན་ཟོན་དང་མ་དངུལ་བསྡུ་རྒྱུག་རང་བཞིན་གྱི་ཉེན་ཁ་སེལ་རྒྱུར་རོགས་རམ་བྱས་པས་ཁག་ཐེག་ལས་ཁུངས་ཀྱིས་ཁེ་ལས་འབྲིང་ཆུང་ཕྲན་གསུམ་ལ་ཡིད་རྟོན་ཁག་ཐེག་བྱེད་པའི་ནུས་པ་ཆེ་རུ་སོང་ཡོད།
6. གཞི་རིམ་དང་མཉམ་འགུལ་བྱེད་ཤུགས་ཆེ་རུ་བཏང་སྟེ་སྤྱི་ཚོགས་ཞི་མཐུན་བརྟན་ལྷིང་ཡོང་བར་སྐུལ་འདེད་བཏང་ཡོད།
ཏང་གི་མང་ཚོགས་ལམ་ཕྱོགས་ཀྱི་སློབ་གསོ་ལག་ལེན་བྱེད་སྒོ་སྤེལ་རྒྱུ་གོ་སྐབས་སུ་བརྩིས་ཏེ་མ་དངུལ་སྒོར་ཁྲི་157,000དོན་འཁྱོལ་བྱས་ནས “སྔོན་གཏོད་ལེགས་བརྩོན་དང་རྨང་བརྟན་དམངས་ཕན ”བྱེད་སྒོ་སྤེལ་རྒྱུར་མུ་མཐུད་རྒྱབ་སྐྱོར་བྱས་པས་གཞི་རིམ་སྤྱི་ཚོགས་ཀྱི་དོ་དམ་དང་ཞབས་ཞུའི་ནུས་པ་ཤུགས་ཆེར་སོང་བ་དང་། ཏང་གིས་གཞི་རིམ་དུ་སྲིད་སྐྱོང་བྱེད་པའི་རྨང་གཞི་བརྟན་ཏུ་སོང་ཡོད། དགོན་པའི་དོ་དམ་གསར་གཏོད་བྱེད་རྒྱུར་རྒྱབ་སྐྱོར་བྱས་ཤིང་། མ་དངུལ་སྒོར་ཁྲི་17,864དོན་འཁྱོལ་བྱས་ནས་དགོན་པར་བཅའ་སྡོད་གཞུང་ལས་ཁང་གི་སྒྲིག་གཞི་དང་ཉེན་རྟོག་ལས་དོན་གྱི་སྒྲིག་གཞིའི་ནུས་པ་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་བཏང་སྟེ་ཞི་མཐུན་དཔེ་བཟང་གི་དགོན་པ་དང་། རྒྱལ་གཅེས་ཁྲིམས་སྲུང་གི་སྔོན་ཐོན་གྲྭ་བཙུན། མི་རིགས་མཐུན་སྒྲིལ་བཅས་ལ་གཟེངས་བསྟོད་བྱེད་པའི་འགྲོ་གྲོན་དུས་ཐོག་ཏུ་སྤྲད་ཡོད། མ་དངུལ་སྒོར་ཁྲི་14,665དོན་འཁྱོལ་བྱས་ནས་དགོན་པའི་གྲྭ་བཙུན་གྱི་གྲྭ་ཤག་ཉམས་གསོ་བཟོ་སྐྲུན་ལས་གཞི་ལག་བསྟར་བྱས་པ་དང་། དགོན་པའི་སྤྱི་པའི་ཞབས་ཞུ་འཐུས་སྒོ་ཚང་དུ་བཏང་བས་རྒྱ་ཆེའི་གྲྭ་བཙུན་གྱི་འཚོ་བ་དང་། སློབ་སྦྱོང་། སྒོམ་སྒྲུབ་བྱེད་ཡུལ་བཅས་ཀྱི་ཁོར་ཡུག་ལེགས་སུ་སོང་ཡོད། མ་དངུལ་སྒོར་ཁྲི་11,299དོན་འཁྱོལ་བྱས་ནས་མཚོ་བོད་ལྕགས་ལམ་གྱི་ལམ་སྐྱོང་མཉམ་འགོག་ལས་དོན་དང་ལས་གཉེར་བདེ་འཇགས་ཐོགས་མེད་ཤར་གཏོང་ཐུབ་པའི་འགན་སྲུང་བྱས་ཡོད། མ་དངུལ་སྒོར་ཁྲི་5,000དོན་འཁྱོལ་བྱས་ནས “དུད་སྦྲེལ་ཞི་འཇགས་དང་དུད་སྦྲེལ་འབབ་འཕར ”ཡོང་བའི་གཞི་རིམ་སྤྱི་ཚོགས་ཀྱི་དོ་དམ་ལས་ཀའི་ལམ་སྲོལ་འཛུགས་རྒྱུར་རྒྱབ་སྐྱོར་བྱས་ཐོག “སྔོན་ཐོན་གཉིས་ལྡན་དུད་སྦྲེལ ”ལ་གཟེངས་བསྟོད་བྱེད་རྒྱུའི་འགྲོ་གྲོན་འགན་སྲུང་བྱས་ཡོད། མ་དངུལ་སྒོར་ཁྲི་2,985དོན་འཁྱོལ་བྱས་ནས་གྲོང་ཚོའི (གྲོང་ལྷན )ཏང་ཀྲི་པུའི་ཧྲུའུ་ཅི་ཨང་དང་པོས་ལས་དོན་སྤེལ་རྒྱུར་རྒྱབ་སྐྱོར་བྱས་ཡོད། ལས་བྱེད་ལས་བཟོ་པའི་ཐོབ་ཐང་རྒྱུན་ཆད་མེད་པར་མཐོ་རུ་བཏང་ཞིང་། བོད་ཀྱི་དམིགས་བསལ་ཕོགས་སྣོན་ཁ་གསབ་སྒོར་ཁྲི་163,886དང་། ས་ཁད་མཐོ་བའི་ས་ཁུལ་གྱི་ཕབ་རྩིས་ལས་ཞུགས་ལོ་ཚད་ཀྱི་ཁ་གསབ་སྒོར་ཁྲི་65,604 ཟླ་རེ་བཞིན་གྱི་སྡོད་ཁང་གི་ཁ་གསབ་སྒོར་ཁྲི་90,302བཅས་དོན་འཁྱོལ་བྱས་པས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐུགས་ཁུར་གནང་བ་དུས་ཐོག་ཏུ་ལས་བྱེད་ལས་བཟོ་པའི་ཐོག་དོན་འཁྱོལ་ཐུབ་པ་བྱེད་རྒྱུ་ཡིན།
གཞི་རིམ་སྲིད་གཞུང་གི་ནོར་སྲིད་འཁུར་པོ་ཡང་དུ་ཏན་ཏིག་བཏང་ཡོད། འབྱོར་སྟོབས་གཞི་རིམ་ལ་འཕར་གཟིགས་བྱེད་རྒྱུ་རྒྱུན་འཁྱོངས་ཀྱིས་ལོ་ཧྲིལ་པོར་གཤམ་འོག་ལ་དོ་སྙོམས་རང་བཞིན་གྱི་སྒྱུར་སྤྲོད་མ་དངུལ་སྒོར་ཁྲི་204,186དང་། རྫོང་རིམ་གྱི་གཞི་རྩའི་འབྱོར་སྟོབས་འགན་སྲུང་མ་དངུལ་སྒོར་ཁྲི་40,000 གཙོ་གནད་འབྱུང་ཁམས་བྱེད་ནུས་ཁུལ་དུ་སྒྱུར་སྤྲོད་མ་དངུལ་སྒོར་ཁྲི་90,700བཅས་གསར་སྣོན་བྱས་ཡོད། གཞི་རིམ་སྲིད་དབང་འཛུགས་སྐྱོང་ཐད་གཏོང་ཆ་སྔར་བས་མང་དུ་ཤུགས་ཆེ་བཏང་ཞིང་། མ་དངུལ་སྒོར་ཁྲི་20,800དོན་འཁྱོལ་བྱས་པས་གཞི་རིམ་ལས་བྱེད་པའི་ལས་ཀ་དང་འཚོ་བའི་ཆ་རྐྱེན་ལེགས་སུ་སོང་ཡོད། མ་དངུལ་སྒོར་ཁྲི་40,000དོན་འཁྱོལ་བྱས་ཏེ་ས་གནས (གྲོང་ཁྱེར )གནས་སའི་གྲོང་ཁྱེར་གྲོང་རྡལ་མཛེས་པོ་དང་། སྔོ་ལྗང་། དཀར་གསལ་བཅས་བཟོ་རྒྱུའི་ལས་དོན་ལ་རྒྱབ་སྐྱོར་བྱས་པ་དང་། གཙོ་གནད་གྲོང་ཁྱེར་གྲོང་རྡལ་གྱི་སྤྱི་པའི་ཞབས་ཞུའི་ཆུ་ཚད་དང་ལས་ཞུགས་སྐོང་འགུགས་བྱེད་ནུས་སྔར་བས་གོང་མཐོར་བཏང་ཡོད། མ་དངུལ་སྒོར་ཁྲི་37,555དོན་འཁྱོལ་བྱས་ཏེ་མཐའ་མཚམས་ས་ཁུལ་གྱི་གཟིགས་སྐྱོང་སྲིད་ཇུས་འཐུས་ཚང་དུ་བཏང་བ་དང་། མཐའ་མཚམས་ས་ཁུལ་བརྟན་ལྷིང་དང་གོང་འཕེལ་ཡོང་རྒྱུར་རྒྱབ་སྐྱོར་བྱས་པས། “ཀུན་ཕན་རང་བཞིན ”གྱི་མཐའ་མཚམས་ཡུལ་མིར་ཁ་གསབ་རོགས་དངུལ་སྤྲོད་རྒྱུའི་ཚད་གཞི་དེ་སྔོན་ཆད་ཀྱི་རྨང་གཞིའི་ཐོག་མི་རེར་ཆ་སྙོམས་སྒོར་200སྤོར་རྒྱུ་ཡིན།
7. གསར་གཏོད་ཀྱིས་སྒུལ་འདེད་བྱེད་རྒྱུར་སྐུལ་འདེད་བཏང་ནས་ནོར་ཁྲལ་སྒྲིག་སྲོལ་བསྒྱུར་བཅོས་བརྟན་པོའི་ངང་ལག་བསྟར་བྱས་ཡོད།
རང་སྐྱོང་ལྗོངས་ཀྱི་གཤམ་འོག་ལ་སྒྱུར་སྤྲོད་བྱེད་པའི་ལམ་ལུགས་འཐུས་ཚང་དུ་བཏང་ནས་རྫོང་རིམ་པའི་གཞི་རྩའི་འབྱོར་སྟོབས་འགན་སྲུང་དང་གཙོ་གནད་འབྱུང་ཁམས་སྙོམས་ཁུལ་གྱི་སྐྱོང་གསབ་ལམ་སྲོལ་བཙུགས་ཡོད། སྔོན་རྩིས་དོ་དམ་ལམ་ལུགས་བསྒྱུར་བཅོས་གཏིང་ཟབ་བྱས་ནས་རྣམ་གྲངས་འགྲིལ་འདེད་དོ་དམ་བྱས་ཏེ་སྔོན་རྩིས་དྲ་ཞུགས་ཀྱིས་ལས་འགན་གཤམ་སྤྲོད་དང་། སྔོན་རྩིས་སྐབས་ཐོག་བཟོ་འབུལ་ཞིབ་དཔྱད། དུས་ཐོག་ཏུ་འཕྲིན་གཏོང་ཐོག་ནས་འབྲེལ་གཏུག་བཅས་བྱེད་ཐུབ་པ་བྱུང་ཡོད། སྔོན་རྩིས་ཀྱི་ཕན་པ་ཇི་ཐོན་དོ་དམ་ལམ་ལུགས་འཐུས་ཚང་དུ་བཏང་ནས་སྔོན་རྩིས་གཏོང་སྒོའི་ཕན་འབྲས་ལ་དཔྱད་དཔོག་བྱེད་པའི་ལས་དོན་རྒྱུན་ཆད་མེད་པར་སྐུལ་སྤེལ་བཏང་ཡོད། ནོར་སྲིད་སྔོན་རྩིས་དང་ངེས་རྩིས་ཡོངས་བསྒྲགས་ཧུར་ཐག་བྱས་ཏེ་རང་སྐྱོང་ལྗོངས་རིམ་པའི་སྔོན་རྩིས་ཚན་པ་ཁག་10ལ་ཚོད་ལྟའི་ལས་དོན་སྤེལ་ཡོད། བུ་ལོན་དོ་དམ་བྱེད་རྒྱུར་ཤུགས་སྣོན་བརྒྱབ་སྟེ་བུ་ལོན་གྱི་ཉེན་ཁ་སྔོན་འགོག་དང་ཚོད་འཛིན་ནན་པོ་བྱས་ཡོད། གྲོན་ཆུང་གིས་འཚོ་བ་སྐྱེལ་བའི་བསམ་བློ་བརྟན་པོ་བཙུགས་ཤིང་། ཀྲུང་དབྱང་གི “གཏན་འབེབས་བརྒྱད ”དང་རང་སྐྱོང་ལྗོངས་ཀྱི “བསྲུང་བྱ་རྣམ་བཅུ ”ལག་བསྟར་ནན་ཏན་བྱས་ཐོག་སྤྱིར་བཏང་རང་བཞིན་གྱི་གཏོང་སྒོ་ཉུང་དུ་གཏོང་གང་ཐུབ་བྱས་པ་དང་། “གཞུང་གསུམ ”འགྲོ་གྲོན་ཉུང་དུ་ཤུགས་ཆེ་བཏང་ཡོད། རྒྱལ་མཛོད་ནས་གཅིག་སྡུད་གཏོང་སྤྲོད་བྱེད་པའི་ལམ་ལུགས་བསྒྱུར་བཅོས་གཏིང་ཟབ་བྱས་ཤིང་། ནོར་སྲིད་དང་། དཔྱ་ཁྲལ། རྒྱལ་མཛོད། དངུལ་ཁང་བཅས་དབར་འཕྲེད་ཕྱོགས་དྲ་སྦྲེལ་བརྟན་པོ་བྱས་ནས་ནོར་སྲིད་ཀྱི་ཆེད་བཙུགས་རྩིས་ཁྲར་དོ་དམ་བྱེད་རྒྱུ་ཚད་ལྡན་བཟོས་པས། རྒྱལ་མཛོད་ཀྱི་རྩིས་ཁྲ་གཅིག་རང་མ་ལག་དང་སྔོན་རྩིས་ལག་བསྟར་བྱས་ཚུལ་ལ་སྐབས་ཐོག་ལྟ་འདོམས་བྱེད་པའི་ལམ་སྲོལ་སྔར་བས་འཐུས་ཚང་དུ་སོང་ཡོད། གཞུང་དོན་གཱ་ཡི་ལམ་ལུགས་བསྒྱུར་བཅོས་བྱེད་རྒྱུར་ཕྱོགས་ཡོངས་ནས་སྐུལ་སྤེལ་བཏང་བས་གཞུང་དོན་གཱ་ཡི་འགྲེམ་འབོར་མང་དུ་སོང་བ་དང་དུས་རྩིས་གཞི་ཁྱོན་ཆེ་རུ་སོང་ཡོད། གསོག་ཐེབས་མ་དངུལ་ཕན་སྒྱུར་བྱས་པ་དང་མ་དངུལ་ལྷག་འཕྲོས་གཅིག་གྱུར་འཆར་འགོད་བྱེད་ཤུགས་ཆེ་རུ་བཏང་ཡོད། ནོར་ཁྲལ་གྱི་གཟིགས་སྐྱོང་སྲིད་ཇུས་ཕྱོགས་ཡོངས་ནས་གསལ་བཟོ་བྱེད་པ་དང་གྲུབ་ཆའི་རང་བཞིན་གྱི་ཁྲལ་ཆག་སྲིད་ཇུས་དོན་འཁྱོལ་བྱས་ཏེ་ཐོན་ཁུངས་དཔྱ་ཁྲལ་དེ་འབོར་གྲངས་ལ་བརྟེན་ཏེ་གྲངས་བཅད་གཏན་འཁེལ་བྱས་པ་ནས་རིན་གོང་ལ་གཞིགས་ཏེ་ཁྲལ་ཚད་བཟོ་བར་བསྒྱུར་ནས་བསྡུས་པ་དང་། ལས་ཁྲལ་ནས་འཕར་ཁྲལ་དུ་སྒྱུར་བའི་ཚོད་ལྟའི་ལས་དོན་བརྟན་པོའི་ངང་སྤེལ་ཏེ་སྲིད་འཛིན་བྱ་གཞག་རང་བཞིན་གྱི་གྲོན་དངུལ་བསྡུ་ལེན་ཁག་132མེད་པ་བཟོས་ཡོད། ཚོང་དང་མ་རྩ་འདྲེན་འགུགས་ཀྱི་བྱ་སྤྱོད་ཚད་ལྡན་བཟོས་ནས་ལྗོངས་ཡོངས་ཀྱི་དཔལ་འབྱོར་སྐྱོན་བྲལ་དང་གོ་རིམ་ལྡན་པའི་ངང་གོང་འཕེལ་ཡོང་རྒྱུར་འགན་ལེན་བྱས་ཡོད། རྒྱུ་ནོར་དོ་དམ་ཚད་ལྡན་བཟོས་ནས་སྡེ་ཚན་གྱི་རྒྱུ་ནོར་བགོ་སྒྲིག་དང་། བེད་སྤྱོད། གསར་སྒྱུར། བེད་མེད་ཟུར་འཇོག་བཅས་ཀྱི་རྗེས་འདེད་ལམ་སྲོལ་བཙུགས་ཡོད། ནོར་སྲིད་མ་འཇོག་ལ་ཞིབ་དཔྱད་བྱེད་པའི་ནུས་པ་ཤུགས་ཆེར་གཏོང་བ་དང་ནང་ཁུལ་གྱི་ལྟ་སྐུལ་དོ་དམ་ལམ་ལུགས་འཐུས་ཚང་དུ་བཏང་ནས་ཀྲུང་དབྱང་ནོར་སྲིད་ཀྱི་ལྟ་སྐུལ་དོ་དམ་གྱི་འགན་ནུས་ཚབ་སྒྲུབ་ལག་བསྟར་ནན་ཏན་བྱས་པས་ནོར་སྲིད་ལྟ་སྐུལ་དེ་ཕྱི་ནང་མཉམ་བཅོས་དང་འཕྲེད་གཞུང་མཉམ་སྒུལ་ཐུབ་པ་བྱུང་ཡོད། གྲུབ་འབྲས་ཁས་ལེན་བྱས་པ་དང་ཆབས་ཅིག་ང་ཚོས་རིག་པ་དྭངས་གསལ་གྱིས་རང་ལྗོངས་ཀྱི་ནོར་སྲིད་སྔོན་རྩིས་དོ་དམ་ཐད་སྔར་བཞིན་འགལ་ཟླ་དང་གནད་དོན་འགའ་ཤས་ཡོད་པ་ངོས་འཛིན་ཐུབ་པ་བྱེད་དགོས། དེ་ཡང་ཕྱོགས་གཅིག་ནས་ཀྲུང་དབྱང་ནོར་སྲིད་ཀྱི་འབྱོར་སྟོབས་གཏོང་སྒོ་དམ་དུ་བཏང་བ་དང་། “ཡོང་འབབ་ཚང་མ་ཉར་བའི ”སྲིད་ཇུས་ཚད་ལྡན་བཟོས་པ། གཙོ་གནད་གཏོང་སྒོའི་དགོས་མཁོ་མང་དུ་མི་གཏོང་དཀའ་མེད་བྱུང་བ་སོགས་ཀྱི་གནས་ཚུལ་འོག་ལྗོངས་ཡོངས་ཀྱི་ནོར་སྲིད་ཡོང་འབབ་དང་གཏོང་སྒོའི་འགལ་ཟླ་སྔར་བཞིན་ཧ་ཅང་མངོན་གསལ་དོད་པས། གལ་སྲིད་བྱ་ཐབས་ནུས་ལྡན་མ་སྤྱད་ཚེ་ནོར་སྲིད་ཀྱི་མངོན་མེད་ཉེན་ཁ་ཐོན་སྲིད། ཕྱོགས་གཞན་ཞིག་ནས་དོན་དག་གཅོད་དབང་དང་གཏོང་སྒོའི་འགན་འཁྲི་དང་ཕན་ཚུན་འཚམ་མཐུན་ཡོང་བ་བྱེད་རྒྱུའི་ནོར་སྲིད་ཀྱི་སྒྲིག་གཞི་སྔར་བཞིན་འཐུས་སྒོ་ཚང་དུ་གཏོང་དགོས་པ་དང་། སྔོན་རྩིས་གཅུན་སྡོམ་བྱེད་ཤུགས་སྔར་བས་ཆེ་རུ་གཏོང་དགོས་པ། ནོར་དཔལ་སྒྲིག་ལམ་ལས་འགལ་བ་དང་། བག་མེད་ལོངས་སྤྱོད་བྱེད་པའི་སྣང་ཚུལ་སྐབས་འགར་ཐོན་གྱི་ཡོད་པས། ང་ཚོས་ཐོག་མཐའ་བར་གསུམ་དུ “ཕྱོགས་གཉིས ”དམ་འཛིན་བྱེད་རྒྱུ་རྒྱུན་འཁྱོངས་ཀྱིས “ཁ་བྲལ་ཐབས་མེད་པ ”དང་“གཞན་བརྟེན་མི་བྱེད་པ ”གཉིས་དབར་གྱི་འབྲེལ་བ་ཐག་གཅོད་ཡང་དག་བྱས་ནས་འབབ་ཁུངས་ཁྲལ་གཞི་སྐྱེད་སྲིང་བྱེད་ཤུགས་ཆེ་རུ་བཏང་ནས་ཀྲུང་དབྱང་གི་རྒྱབ་སྐྱོར་རག་ཐབས་ཧུར་ཐག་བྱས་ཏེ་ནོར་སྲིད་རྒྱ་སྟོབས་ཆེ་རུ་གཏོང་རྒྱུ་དང་། ཐོག་མཐའ་བར་གསུམ་དུ་གཅིག་གྱུར་འཆར་འགོད་དང་ལྟ་རྟོག་གང་ཐུབ་བྱེད་རྒྱུ་རྒྱུན་འཁྱོངས་ཀྱིས་གཙོ་གནད་མངོན་ཆེར་འཛིན་པ་དང་། གཏོང་སྒོའི་གྲུབ་ཆ་ལེགས་སྒྱུར་བྱེད་པ། དམངས་འཚོ་བདེ་རྩ་འཕེལ་བར་ཤུགས་རྒྱག་པ་བཅས་བྱས་ཏེ་སྤྱི་ཚོགས་རྒྱུན་མཐུད་བརྟན་ལྷིང་ངང་གོང་འཕེལ་ཡོང་བར་སྐུལ་སྤེལ་ཧུར་ཐག་གཏོང་རྒྱུ། ཐོག་མཐའ་བར་གསུམ་དུ་གསར་གཏོད་བསྒྱུར་བཅོས་བྱེད་རྒྱུ་རྒྱུན་འཁྱོངས་ཀྱིས་དངོས་ཐོག་བདེན་འཚོལ་དང་། དོ་དམ་གྱི་སྒྲིག་གཞི་འཐུས་ཚང་དུ་གཏོང་བ། འཁོར་རྒྱུག་ལམ་སྲོལ་འཐུས་ཚང་དུ་གཏོང་བ་བཅས་བྱས་ཏེ་ཁྲིམས་བཞིན་རྒྱུ་ནོར་བདག་སྐྱོང་དང་ཚན་རིག་དང་མཐུན་པའི་སྒོ་ནས་རྒྱུ་ནོར་བདག་སྐྱོང་བྱེད་རྒྱུ་ཡིན།
གཉིས། 2014ལོའི་ནོར་སྲིད་སྔོན་རྩིས་འཆར་ཟིན།
《སྔོན་རྩིས་བཅའ་ཁྲིམས 》དང་《ཀྲུང་དབྱང་གི་སྔོན་རྩིས་དང་ས་གནས་ཀྱི་སྔོན་རྩིས་བཟོ་འགོད་བྱེད་རྒྱུའི་སྐོར་གྱི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བརྡ་ཐོའི 》(རྒྱལ་སྤེལ [2013]ཡིག་ཨང་43པ )གཏན་འབེབས་དང་བླང་བྱ་གཞིར་བཟུང་རང་ལྗོངས་ཀྱི་དོན་དངོས་དང་ཟུང་འབྲེལ་བྱས་ནས་2014ལོའི་བོད་རང་སྐྱོང་ལྗོངས་ཀྱི་ནོར་སྲིད་སྔོན་རྩིས་འཆར་ཟིན་འདི་བཟོས་པ་ཡིན།
(གཅིག ) སྔོན་རྩིས་བཟོ་འགོད་བྱེད་པའི་མཛུབ་ཁྲིད་བསམ་བློ།
ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་དར་ཆ་མཐོན་པོར་བསྒྲེངས་ཐོག ཏེང་ཞའོ་ཕིང་གི་རིགས་པའི་གཞུང་ལུགས་དང་། “མཚོན་བྱེད་གསུམ ”གྱི་གལ་ཆེའི་དགོངས་པ། ཚན་རིག་དང་མཐུན་པའི་གོང་འཕེལ་གྱི་ལྟ་བ་བཅས་མཛུབ་ཁྲིད་དུ་བྱས་ཏེ་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་དང་། སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་ཐེངས་གསུམ་པ། ཀྲུང་དབྱང་དང་རང་སྐྱོང་ལྗོངས་ཀྱི་དཔལ་འབྱོར་ལས་དོན་ཚོགས་འདུ་བཅས་ཀྱི་དགོངས་དོན་ལག་བསྟར་ནན་ཏན་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞིའི་ཅིན་ཕིང་གི “རྒྱལ་ཁབ་སྐྱོང་བར་ངེས་པར་དུ་མཐའ་མཚམས་སྐྱོང་དགོས་པ་དང་། མཐའ་མཚམས་སྐྱོང་བར་སྔོན་ལ་བོད་ལྗོངས་བརྟན་ལྷིང་ཡོང་བ་བྱེད་དགོས་པའི ”གལ་ཆེའི་འཐབ་ཇུས་དགོངས་པ་དང་ཀྲུའུ་ཞི་ཡུས་ཀྲེང་ཧྲེང་གི “ཁྲིམས་བཞིན་བོད་ལྗོངས་སྐྱོང་བ་དང་། བོད་ལྗོངས་ཡུན་རིང་འཛུགས་སྐྲུན་བྱེད་དགོས་པའི ”མཛུབ་ཁྲིད་བླང་བྱ་ལག་བསྟར་དོན་འཁྱོལ་བྱས་ཏེ་རང་སྐྱོང་ལྗོངས་ཀྱི་སྤྱིའི་བཀོད་སྒྲིག་གཞིར་བཟུང་སྤྱི་ཚོགས་རིང་ལུགས་ཀྱི་ཁྲོམ་རའི་དཔལ་འབྱོར་བསྒྱུར་བཅོས་ཀྱི་ཁ་ཕྱོགས་རྒྱུན་འཁྱོངས་ཀྱིས་ནོར་ཁྲལ་ལམ་སྲོལ་བསྒྱུར་བཅོས་གཏིང་ཟབ་བྱས་ཐོག སྤྱི་ཡོངས་བསྒྱུར་བཅོས་ཁྲོད་ནོར་ཁྲལ་བསྒྱུར་བཅོས་ཀྱི་རྨང་གཞིའི་རང་བཞིན་དང་འདེགས་སྐྱོར་རང་བཞིན་གྱི་ནུས་པ་འདོན་སྤེལ་བྱེད་རྒྱུ། “འཁོར་སྐྱོད་འགན་སྲུང་དང་། དམངས་འཚོ་འགན་སྲུང་། བརྟན་ལྷིང་འགན་སྲུང་”བཅས་ཀྱི་ལས་ཀའི་བླང་བྱ་གཞིར་བཟུང་“དམ་འཛིན་བྱེད་གནས་ཁག་དྲུག ”མངོན་ཆེར་བཟུང་སྟེ “སྒུལ་ཤུགས་དྲུག ”ལ་ཤུགས་སྣོན་རྒྱག་པ་དང་། གཏོང་སྒོའི་གྲུབ་ཆ་ལེགས་སྒྲིག་བྱེད་པ། “ཞིང་གསུམ ”དང་། སློབ་གསོ། སྤྱི་ཚོགས་འགན་སྲུང་དང་ལས་ཞུགས། སྨན་བཅོས་འཕྲོད་བསྟེན། རིག་གནས། ཚན་རྩལ། ནུས་རྒྱུ་བསྲི་ཚགས་དང་ཁོར་ཡུག་སྲུང་སྐྱོང་། སྤྱི་པའི་བདེ་འཇགས། རྨང་བརྟན་དམངས་ཕན། དགོན་སྡེའི་དོ་དམ་གསར་གཏོད་སོགས་ཀྱི་གཙོ་གནད་ལྷུ་ཚིགས་དང་། གཙོ་བོའི་ལས་དོན། དེ་བཞིན་འགག་རྩའི་ཁྱབ་ཁོངས་བཅས་ཐད་གཏོང་ཆ་མང་དུ་བཏང་ནས་ཞིང་འབྲོག་ལས་གོང་འཕེལ་གྱི་རྨང་གཞི་ཟམ་མི་ཆད་པར་བརྟན་དུ་བཏང་ཐོག་དམངས་འཚོ་ལེགས་བཅོས་དང་། གཞི་རྩའི་སྤྱི་པའི་ཞབས་ཞུའི་ནུས་པ་མཐོ་རུ་བཏང་སྟེ་ཐོན་ལས་གོང་འཕེལ་ལ་སྐུལ་འདེད་ཀྱིས་སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་བྱེད་རྒྱུ། “གཞུང་གསུམ ”གྱི་འགྲོ་གྲོན་ཉུང་དུ་གཏོང་བ་དང་ཚོད་འཛིན་ནན་པོ་བྱས་ཏེ་སྲིད་འཛིན་འཁོར་རྒྱུག་གི་མ་གནས་ཆུང་དུ་ཧུར་ཐག་གཏོང་རྒྱུ། སྔོན་རྩིས་དོ་དམ་ལམ་ལུགས་ལེགས་སུ་བཏང་སྟེ་སྲིད་གཞུང་གི་སྔོན་རྩིས་མ་ལག་འཐུས་ཚང་དུ་གཏོང་བ་དང་། ཁྲལ་བསྡུའི་ལམ་ལུགས་བསྒྱུར་བཅོས་གཏིང་ཟབ་ཏུ་བཏང་ནས་ས་གནས་རིམ་པའི་སྲིད་གཞུང་དབར་གྱི་འབྱོར་སྟོབས་དང་གཏོང་སྒོ་བེད་སྤྱོད་བྱེད་ཕྱོགས་ཀྱི་དོན་དག་གཅོད་དབང་སྔར་བས་ཁ་གསལ་བཟོས་ཏེ་ནོར་སྲིད་ཀྱི་སྒྲིག་གཞི་དང་ལམ་སྲོལ་འཐུས་ཚང་དུ་གཏོང་བ་དང་སྔོན་རྩིས་ཡོངས་བསྒྲགས་གསལ་ཆ་ཆེ་བ་ཡོང་རྒྱུར་སྐུལ་འདེད་བཏང་སྟེ་ནོར་སྲིད་མ་དངུལ་སྤྱོད་པའི་ནུས་ཕྱོད་གོང་མཐོར་གཏོང་རྒྱུ་བཅས་ཡིན།
(གཉིས ) སྔོན་རྩིས་བཟོ་འགོད་ཀྱི་གཞི་རྩའི་རྩ་དོན།
2014ལོའི་སྔོན་རྩིས་གཏོང་ཡོང་བཀོད་སྒྲིག་བྱེད་རྒྱུ་དེ “ཡོང་སྒོར་བསྟུན་ཏེ་འགྲོ་སོང་གཏོང་བ་དང་། འཁོས་དཔག་ལས་སྒྲུབ། གང་ཐུབ་ཅི་ཐུབ། ཞིབ་རྩིས་རྒྱག་མཁས། གཏོང་ཡོང་དོ་སྙོམས ”བཅས་ཀྱི་བླང་བྱ་གཞིར་བཟུང་གཤམ་གྱི་རྩ་དོན་མངོན་པ་བྱེད་རྒྱུ་སྟེ།
1. བདེན་པ་བདེན་ཐུབ་དང་བརྩོན་བསྲིས་བརྟན་པོ་ཡོང་བ་བྱེད་རྒྱུ། ཡོང་སྒོའི་སྔོན་རྩིས་དེ་ལྗོངས་ཡོངས་ཀྱི་དཔལ་འབྱོར་མཆོང་སྐྱོད་ལྟ་བུའི་གོང་འཕེལ་དང་བརྟན་ཐོག་ཡར་འཕེལ་ཡོང་བའི་བླང་བྱ་གཞིར་བཟུང་ཐོག ཡོང་སྒོ་ལག་བསྟར་བྱས་ཚུལ་དང་ས་གནས (གྲོང་ཁྱེར )ཁག་གཅིག་གི་རྒྱུན་ལྡན་མིན་པའི་འབབ་འཕར་རྒྱུ་རྐྱེན་ལ་ཕྱོགས་བསྡུས་བསམ་བློ་བཏང་བས་འབབ་འཕར་ངེས་ཅན་ཡོང་རྒྱུ་འགན་ལེན་བྱེད་རྒྱུ་ཡིན་ལ་སྔོན་རྩིས་ཀྱི་བཀོད་སྒྲིག་དེ་རང་ལྗོངས་ཀྱི་དཔལ་འབྱོར་གོང་འཕེལ་གྱི་དོན་དངོས་དང་ཡང་འཚམ་ཐུབ་པ་བྱེད་རྒྱུ་ཡིན།
2. གཅིག་གྱུར་འཆར་འགོད་དང་ལྟ་རྟོག་གང་ཐུབ་ཀྱིས་གཙོ་གནད་མངོན་ཆེ་ཡོང་བ་བྱེད་རྒྱུ། གཏོང་སྒོའི་སྔོན་རྩིས་བཀོད་སྒྲིག་བྱེད་རྒྱུ་དེ་འབྱོར་སྟོབས་ཀྱི་འཁོས་བབ་ལ་བསམ་གཞིགས་གང་ལེགས་བྱས་ཏེ་མུ་མཐུད་ནས “ཞིང་གསུམ ”དང་། སློབ་གསོ། སྤྱི་ཚོགས་འགན་སྲུང་དང་ལས་ཞུགས། སྨན་བཅོས་འཕྲོད་བསྟེན། རིག་གནས། ཚན་རྩལ། ནུས་རྒྱུ་བསྲི་ཚགས་དང་ཁོར་ཡུག་སྲུང་སྐྱོབ། བརྟན་ལྷིང་སྲུང་སྐྱོང་སོགས་གཙོ་གནད་ཁྱབ་ཁོངས་ལ་འཕར་གཟིགས་བྱས་ཏེ་རྨང་བརྟན་དམངས་ཕན་དང་། བརྟན་ལྷིང་སྲུང་སྐྱོང་། ལས་ཞུགས་ལ་སྐུལ་འདེད་སོགས་བྱེད་རྒྱུའི་གཙོ་གནད་ལས་དོན་གྱི་མ་དངུལ་དགོས་མཁོ་འགན་ལེན་གང་ཐུབ་བྱེད་རྒྱུ་ཡིན།
3. ཁྱོན་ཡོངས་དང་ཆ་ཚང་ཞིང་། ཚན་རིག་དང་ལུགས་མཐུན་ཡོང་བ་བྱེད་རྒྱུ། ཀྲུང་དབྱང་གིས་གཤམ་འོག་ལ་སྔ་སྣུར་དུ་མ་དངུལ་སྒྱུར་སྤྲོད་བྱས་པ་ཚང་མ་སྔོན་རྩིས་ནང་འཇུག་རྒྱུ་དང་། རང་སྐྱོང་ལྗོངས་ནོར་སྲིད་ཀྱིས་ས་གནས (གྲོང་ཁྱེར )ལ་སྔ་སྣུར་དུ་བརྡ་ལན་གཏོང་རྒྱུའི་མ་དངུལ་སྒྱུར་སྤྲོད་ཀྱི་ཁྱབ་ཁོངས་དང་གཞི་རྒྱ་སྔར་བས་ཆེ་རུ་བཏང་སྟེ་སྔོན་རྩིས་དང་ངེས་རྩིས་ཀྱི་ཧེ་བག་ཆུང་དུ་གཏོང་རྒྱུ། མ་དངུལ་ལྷག་མ་རྣམས་གཅིག་གྱུར་འཆར་འགོད་བྱེད་ཤུགས་ཆེ་རུ་བཏང་ནས་གསོག་ཐེབས་མ་དངུལ་ཕན་སྒྱུར་གྱིས་སྔོན་རྩིས་ལག་བསྟར་དང་ཟུང་འབྲེལ་བྱས་ཏེ་རྣམ་གྲངས་ཀྱི་གཏོང་སྒོའི་སྔོན་རྩིས་ལུགས་མཐུན་བཀོད་སྒྲིག་ཐུབ་པ་བྱེད་རྒྱུ་ཡིན།
4.སྒྲིག་ལམ་ནན་སྲུང་གིས་གྲོན་ཆུང་བསྲི་ཚགས་བྱེད་རྒྱུ། ཁྲིམས་བཞིན་ནོར་སྐྱོང་བྱེད་རྒྱུ་རྒྱུན་འཁྱོངས་ཀྱིས་ནོར་སྲིད་ཀྱི་ལྟ་སྐུལ་མ་ལག་འཐུས་ཚང་དུ་བཏང་ནས་ནོར་དཔལ་སྒྲིག་ལམ་ནན་སྲུང་དང་། སྔོན་རྩིས་གཅུན་སྡོམ་བྱེད་ཤུགས་ཆེ་རུ་བཏང་སྟེ་སྡེ་ཚན་གྱི་སྔོན་རྩིས་ལག་བསྟར་བྱེད་པའི་འགན་འཁྲིའི་གཙོ་རྐང་དོན་འཁྱོལ་བྱེད་རྒྱུ། འཚོ་བ་སྐྱེལ་མཁས་པོའི་བསམ་པ་བརྟན་པོ་བཙུགས་ཏེ 《ཏང་སྲིད་ལས་ཁུངས་ཀྱིས་གྲོན་ཆུང་བསྲི་ཚགས་དང་འཕྲོ་བརླག་གཏོང་བར་ངོ་རྒོལ་བྱེད་པའི་ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སྲོལ་ཡིག 》འདི་བཞིན་ཀྲུང་དབྱང་གི “གཏན་འབེབས་དོན་ཚན་བརྒྱད ”དང་རང་སྐྱོང་ལྗོངས་ཀྱི “བསྲུང་བྱ་རྣམ་བཅུ ”བཅས་ཀྱི་གཏན་འབེབས་དང་བླང་བྱ་གཞིར་བཟུང་སྤྱིར་བཏང་རང་བཞིན་གྱི་གཏོང་སྒོ་ཚོད་འཛིན་ནན་པོ་བྱས་ཏེ་5%ཡི་བསྡུར་ཚད་བཞིན “གཞུང་གསུམ ”གྱི་གྲོན་དངུལ་ཉུང་དུ་གཏོང་རྒྱུ་ཡིན།
(གསུམ ) 2014ལོའི་སྔོན་རྩིས་བཀོད་སྒྲིག་བྱེད་ཕྱོགས་ཀྱི་སྤྱིའི་གནས་ཚུལ།
2014ལོའི་ལྗོངས་ཡོངས་ཀྱི་སྤྱི་པའི་ནོར་སྲིད་སྔོན་རྩིས་ཀྱི་སྤྱིའི་འབྱོར་སྟོབས་སྒོར་ཁྲི་8,749,892ཡིན་པ་དེ་བསྡུར་གཞི་གཅིག་མཚུངས་བཞིན་བརྩིས་ན་ལོ་གོང་མ་ལས་སྒོར་ཁྲི་1,081,838མང་དུ་བཏང་ཡོད་པས་16.7%འཕར་ཡོད་ཅིང་། དེའི་ནང་ས་གནས་ཀྱི་སྤྱི་པའི་ནོར་སྲིད་སྔོན་རྩིས་ཡོང་འབབ་སྒོར་ཁྲི་736,868ཡིན་པས་15%འཕར་ཡོད། ཀྲུང་དབྱང་གིས་གནང་བའི་ཁ་གསབ་རོགས་དངུལ་གྱི་ཡོང་འབབ་སྒོར་ཁྲི་6,812,405ཡིན་པ་དེ་ལོ་གོང་མ་ལས་སྒོར་ཁྲི་986,299མང་དུ་བཏང་ཡོད་པས་16.9%འཕར་ཡོད། ལོ་གོང་མའི་འཕྲོས་སྒྱུར་མ་དངུལ་སྒོར་ཁྲི་1,200,619ཡིན།
སྤྱི་པའི་ནོར་སྲིད་སྔོན་རྩིས་ཀྱི་གཏོང་སྒོ་སྒོར་ཁྲི་8,749,892བཀོད་སྒྲིག་བྱེད་རྒྱུ་ཡིན། དེའི་ནང་རང་སྐྱོང་ལྗོངས་རིམ་པ་འདི་གའི་གཏོང་སྒོ་སྒོར་ཁྲི་4,469,954བཀོད་སྒྲིག་བྱེད་རྒྱུ་ཡིན་པས་ལོ་གོང་མའི་འཕྲོས་སྒྱུར་འབྱོར་སྟོབས་འཐེན་རྗེས་ལོ་དེ་གའི་སྔོན་རྩིས་འབྱོར་སྟོབས་ཀྱི་43.3%ཟིན་ཞིང་། བསྡུར་ཚད་དེ་ལོ་གོང་མ་ལས་བརྒྱ་ཆའི་གྲངས་1.2ཆག་ཡོད་པ་དང་། ས་གནས (གྲོང་ཁྱེར )རིམ་པའི་གཏོང་སྒོ་སྒོར་ཁྲི་4,279,938བཀོད་སྒྲིག་བྱེད་རྒྱུ་ཡིན་པ་དེ་ལོ་དེ་གའི་སྔོན་རྩིས་འབྱོར་སྟོབས་ཀྱི་56.7%ཟིན་ཞིང་། བསྡུར་ཚད་དེ་ལོ་གོང་མ་ལས་བརྒྱ་ཆའི་གྲངས་1.2མཐོ་རུ་སོང་ཡོད།
ལྗོངས་ཡོངས་ཀྱི་སྲིད་གཞུང་རང་བཞིན་གྱི་ཐེབས་རྩའི་སྔོན་རྩིས་འབྱོར་སྟོབས་སྒོར་ཁྲི་232,056ཡིན་ཞིང་། དེའི་ནང་ས་གནས་ཀྱི་སྲིད་གཞུང་རང་བཞིན་གྱི་ཐེབས་རྩའི་སྔོན་རྩིས་ཡོང་འབབ་སྒོར་ཁྲི་112,985ཡིན། སྲིད་གཞུང་རང་བཞིན་གྱི་ཐེབས་རྩའི་སྔོན་རྩིས་གཏོང་སྒོ་སྒོར་ཁྲི་232,056བཀོད་སྒྲིག་བྱས་ཡོད།
(བཞི ) 2014ལོའི་སྔོན་རྩིས་བཀོད་སྒྲིག་བྱེད་རྒྱུའི་གཙོ་གནད།
1. རྨང་གཞི་བརྟན་པོ་བཙུགས་ནས་ཞིང་འབྲོག་ལས་གོང་འཕེལ་དང་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ཇེ་མགྱོགས་སུ་གཏོང་རྒྱུ།
(1) ཞིང་ལས་ལ་ཤུགས་སྣོན་དང་ཞིང་པར་ཕན་སྦྱར་ཐོབ་པ་བྱེད་རྒྱུའི་ཐད་གཏོང་ཆ་མང་དུ་བཏང་སྟེ་གྲོང་ཁྱེར་གྲོང་གསེབ་གཞི་གཅིག་ཅན་དུ་གོང་འཕེལ་ཡོང་བར་སྐུལ་འདེད་གཏོང་རྒྱུ། ཞིང་སྐྱོར་ཐད་གཏོང་ཆ་སྒོར་ཁྲི་1,099,321བཀོད་སྒྲིག་བྱེད་རྒྱུ་ཡིན་པ་དེ་ལོ་གོང་མ་ལས་སྒོར་ཁྲི་125,025མང་དུ་བཏང་ཡོད་པས་12.8%འཕར་ཡོད། དེ་ཡང་གཅིག་ནི་ཞིང་འབྲེལ་གྱི་རྨང་གཞིའི་སྒྲིག་བཀོད་ཐད་གཏོང་ཆ་མང་དུ་ཤུགས་ཆེ་གཏོང་རྒྱུ་དེ་ཡིན། མ་དངུལ་སྒོར་ཁྲི་70,304སྒྲིལ་སྤྱོད་བྱེད་རྒྱུ་ཡིན་ཞིང་། དེའི་ནང་ས་གནས་སྔོན་རྩིས་ཀྱི་འབྱོར་སྟོབས་མ་དངུལ་སྒོར་ཁྲི་13,720བཀོད་སྒྲིག་བྱས་ཏེ་སྲིད་འཛིན་གྲོང་ཚོ་1,000ཡི་མིའི་འཚོ་སྡོད་བྱེད་སའི་ཁོར་ཡུག་ལེགས་སྐྱོང་དང་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་གི་ལས་གཞི་མུ་མཐུད་ལག་བསྟར་བྱེད་རྒྱུ། མ་དངུལ་སྒོར་ཁྲི་75,240བཀོད་སྒྲིག་བྱས་ནས་གྲོང་གསེབ་ཀྱི་ཉེན་ཆེའི་སྡོད་ཁང་བསྒྱུར་བཟོ་བྱེད་པའི་ལས་ཀའི་འཕེལ་རིམ་ཇེ་མགྱོ གས་སུ་གཏོང་རྒྱུ། མ་དངུལ་སྒོར་ཁྲི་24,000བཀོད་སྒྲིག་བྱས་ནས་གྲོང་གསེབ་ཀྱི་འགྲིམ་འགྲུལ་དང་། འཐུང་ཆུ། ནུས་རྒྱུ་སོགས་ཀྱི་ལེ་ལག་སྒྲིག་བཀོད་འཛུགས་སྐྲུན་བྱེད་རྒྱུར་རྒྱབ་སྐྱོར་བྱེད་རྒྱུ་བཅས་ཡིན། གཉིས་ནི་ཞིང་འབྲེལ་སྲིད་ཇུས་དང་དེ་ཐད་ཀྱི་སྟོང་ཆའི་ཚད་གཞིར་འགག་སྒྲོལ་གསར་པ་ཡོང་རྒྱུའི་འབད་བརྩོན་བྱེད་རྒྱུ་དེ་ཡིན། ཞིང་འབྲོག་ལས་ཐོན་སྐྱེད་ཐད་ཁ་གསབ་མ་དངུལ་སྒོར་ཁྲི་50,296བཀོད་སྒྲིག་བྱས་ནས་རྫས་ལུད་ཏུན་ཁྲི་གཅིག་གི་ཁ་གསབ་མང་དུ་གཏོང་རྒྱུ་དང་། ཞིང་འཕྲུལ་ཡོ་བྱད་དང་ཕྱུགས་ཟོག་རྒྱུད་བཟང་གི་ཁ་གསབ་གཏོང་ཆ་མང་དུ་གཏོང་རྒྱུ། འབྲོག་པའི་ཐོན་རྫས་ཁ་སྒྱུར་དང་རྒྱུད་བཟང་གསོ་སྤེལ་བྱེད་རྒྱུའི་ཁ་གསབ་རོགས་དངུལ་སྲིད་ཇུས་འཐུས་སྒོ་ཚང་དུ་གཏོང་རྒྱུ་བཅས་ཡིན། གསུམ་ནི་ཞིང་འབྲོག་ལས་ཐོན་ལས་ཅན་དུ་སྒྱུར་རྒྱུའི་ལས་གཉེར་ཆུ་ཚད་གོང་མཐོར་གཏོང་རྒྱུ་དེ་ཡིན། མ་དངུལ་སྒོར་ཁྲི་119,561བཀོད་སྒྲིག་བྱས་ནས་ཞིང་ལས་ཕྱོགས་བསྡུས་གསར་སྤེལ་དང་ས་ཞིང་བཅོས་སྐྱོང་བྱེད་རྒྱུར་སྐུལ་འདེད་བཏང་སྟེ་དེང་རབས་ཞིང་ལས་དང་། ཞིང་འབྲོག་ལས་ཀྱི་ཁྱད་ལྡན་ཐོན་ལས། ཞིང་པའི་མཉམ་ལས་དཔལ་འབྱོར་རྩ་འཛུགས་བཅས་གོང་འཕེལ་གཏོང་རྒྱུར་རྒྱབ་སྐྱོར་བྱེད་རྒྱུ་ཡིན། བཞི་ནི་ཞིང་འབྲོག་ལས་གོང་འཕེལ་གཏོང་རྒྱུར་སྲིད་ཇུས་ཐད་ནས་རྒྱབ་སྐྱོར་བྱེད་པའི་མ་ལག་འཐུས་སྒོ་ཚང་དུ་གཏོང་རྒྱུ་དེ་ཡིན། གྲོང་གསེབ་ཀྱི་ཕྱོགས་བསྡུས་བསྒྱུར་བཅོས་བྱེད་རྒྱུའི་ཐད་ཁ་གསབ་རོགས་དངུལ་སྒོར་ཁྲི་38,946བཀོད་སྒྲིག་བྱས་ཏེ “མཛེས་སྡུག་ལྡན་པའི་གྲོང་གསེབ ”འཛུགས་སྐྲུན་བྱེད་རྒྱུའི་འཕེལ་རིམ་ཇེ་མགྱོགས་སུ་གཏོང་རྒྱུ་ཡིན་ཞིང་། འགན་ལེན་ལྔའི་དུད་ཚང་གི་འཚོ་སྐྱོང་ཚད་གཞི་དེ་ལོ་རེར་སྒོར་2,600ཡིན་པ་ནས་སྒོར་2,900ལ་སྤོར་རྒྱུ་དང་། གྲོང་ཚོའི་ཧྲུའུ་ཅི་དང་ཀྲུའུ་རེན་གྱི་གཞི་རྩའི་གླ་ཆ་དང་ལས་འབོར་དཔྱད་ཞིབ་ཀྱི་བྱ་དགའི་ཚད་གཞི་དེ་ལོ་རེར་ཆ་སྙོམས་སྒོར་9,126ཡིན་པ་ནས་སྒོར་10,039ལ་སྤོར་རྒྱུ་དང་། དེ་མིན་གྱི་གྲོང་ཚོའི་ལས་བྱེད་པའི་གཞི་རྩའི་གླ་ཆ་དང་ལས་འབོར་དཔྱད་ཞིབ་ཀྱི་བྱ་དགའི་ཚད་གཞི་དེ་ལོ་རེར་མི་རེར་ཆ་སྙོམས་སྒོར་4,568ཡིན་པ་ནས་སྒོར་5,025ལ་སྤོར་རྒྱུ། མཐའ་མཚམས་གྲོང་ཚོའི་ཧྲུའུ་ཅི་དང་ཀྲུའུ་རེན་གྱི་གཞི་རྩའི་གླ་ཆ་དང་ལས་འབོར་དཔྱད་ཞིབ་ཀྱི་བྱ་དགའི་ཚད་གཞི་དེ་ལོ་རེར་མི་རེར་ཆ་སྙོམས་སྒོར་9,444ཡིན་པ་ནས་སྒོར་10,483ལ་སྤོར་རྒྱུ་དང་། དེ་མིན་གྱི་མཐའ་མཚམས་གྲོང་ཚོའི་ལས་བྱེད་པའི་གཞི་རྩའི་གླ་ཆ་དང་ལས་འབོར་དཔྱད་ཞིབ་ཀྱི་བྱ་དགའི་ཚད་གཞི་དེ་ལོ་རེར་མི་རེར་ཆ་སྙོམས་སྒོར་4,830ཡིན་པ་ནས་སྒོར་5,361ལ་སྤོར་རྒྱུ། གྲོང་ཚོ་རིམ་པའི་རྩ་འཛུགས་ཀྱི་ལས་གྲོན་དེ་གྲོང་ཚོ་ཆེ་འབྲིང་ཆུང་གསུམ་ལ་དབྱེ་ནས་ཁག་སོ་སོར་སྒོར་3,000དང་། སྒོར་2,000 སྒོར་1,000བཅས་སུ་སྤོར་རྒྱུ། མ་དངུལ་སྒོར་ཁྲི་47,838བཀོད་སྒྲིག་བྱས་ནས་ཤ་མར་ཚལ་གསུམ་གྱི་ལས་གཞི་དང་། ཞིང་འབྲོག་པའི་རྩལ་ནུས་སྦྱོང་བརྡར། ཞིང་འབྲོག་ལས་ཀྱི་ལག་རྩལ་ཁྱབ་གདལ། དེ་བཞིན་ཞིང་ལས་ཐོན་ཁུངས་སྲུང་སྐྱོབ་བཅས་བྱེད་རྒྱུར་རྒྱབ་སྐྱོར་ཤུགས་ཆེ་བྱས་ཏེ་གྲོང་གསེབ་ཀྱི་ཆ་འཕྲིན་དང་། འགྲིམ་འགྲུལ། གསོག་དངུལ་སོགས་ཕྱོགས་བསྡུས་ཞབས་ཞུ་གོང་འཕེལ་གཏོང་རྒྱུར་སྐུལ་འདེད་དང་། གྲོང་གསེབ་ཀྱི་མཉམ་སྡེབ་ས་ཞིང་བདག་དབང་གི་དབང་ཆ་གཏན་འཁེལ་ཐོ་འགོད་བྱེད་པའི་ལས་དོན་ལ་སྐུལ་འདེད་གཏོང་རྒྱུ་བཅས་ཡིན། ལྔ་ནི་ཞིང་འབྲོག་ལས་ཀྱི་གེགས་འགོག་གེགས་སེལ་ཐད་གཏོང་ཆ་མང་དུ་གཏོང་རྒྱུ་དེ་ཡིན། མ་དངུལ་སྒོར་ཁྲི་40,552བཀོད་སྒྲིག་བྱས་ནས་ཞིང་འབྲེལ་ཚོང་ལས་ཀྱི་འགན་བཅོལ་ཁ་གསབ་སྲིད་ཇུས་ལག་བསྟར་ནན་པོ་བྱས་ཏེ་ཞིང་ལས་ཀྱི་ནད་འབུའི་གནོད་འཚེ་འགོག་བཅོས་དང་ཐོན་སྐྱེད་ཀྱི་གེགས་སེལ་ནུས་པ་ཆེ་རུ་བཏང་ནས་གྲོང་ཚོ་རིམ་པའི་སྲོག་ཆགས་ཀྱི་རིམས་འགོག་སྨན་པའི་ཁ་གསབ་རོགས་དངུལ་ཚད་གཞི་དེ་ཟླ་རེར་མི་རེར་ཆ་སྙོམས་སྒོར་300ཡིན་པ་ནས་སྒོར་600ལ་སྤོར་རྒྱུ་ཡིན། དྲུག་ནི་ཆུ་བེད་བསྒྱུར་བཅོས་བྱས་ཏེ་མགྱོགས་མྱུར་གོང་འཕེལ་ཡོང་བར་སྐུལ་འདེད་གཏོང་རྒྱུ་དེ་ཡིན། མ་དངུལ་སྒོར་ཁྲི་120,980བཀོད་སྒྲིག་བྱས་ནས་ཞིང་ནང་ཆུ་བེད་ལས་གྲྭ་ཆུང་གྲས་འཛུགས་སྐྲུན་དང་གཙོ་གནད་ཆུ་བོ་ཆུང་འབྲིང་བཅོས་སྐྱོང་བྱེད་རྒྱུར་སྐུལ་འདེད་བཏང་སྟེ་ཞོད་ཐན་སྔོན་འགོག་དང་། ས་ཆུ་སྲུང་འཛིན། རྩྭ་ཐང་ལ་ཆུ་འདྲེན་རྒྱུ། དེ་བཞིན་ཆུའི་འབྱུང་ཁམས་སྲུང་སྐྱོབ་བཅས་བྱེད་པར་རྒྱབ་སྐྱོར་བྱེད་རྒྱུ་ཡིན། བདུན་ནི་འབྱུང་འཕྲོད་ཞིང་འབྲོག་ལས་འཛུགས་སྐྱོང་བྱེད་པར་རྒྱབ་སྐྱོར་བྱེད་རྒྱུ་དེ་ཡིན། མ་དངུལ་སྒོར་ཁྲི་15,800བཀོད་སྒྲིག་བྱས་ནས་ནགས་ལས་ཀྱི་གནོད་འགོག་གེགས་སེལ་དང་སྲོག་ཆགས་རྩི་ཤིང་སྲུང་སྐྱོབ་བྱེད་རྒྱུའི་ཐད་གཏོང་ཆ་མང་དུ་བཏང་སྟེ་ནགས་ལས་ཐོན་ལས་ལ་རོགས་སྐྱོར་བྱེད་པའི་སྲིད་ཇུས་ཚགས་ཚུད་དུ་གཏོང་རྒྱུ་ཡིན། བརྒྱད་ནི་ནོར་སྲིད་ནས་ཕྱོགས་བསྡུས་དབུལ་སྐྱོར་བྱེད་རྒྱུའི་ཐད་གཏོང་ཆ་མང་དུ་གཏོང་རྒྱུ་དེ་ཡིན། ནོར་སྲིད་ནས་དབུལ་སྐྱོར་བྱེད་རྒྱུའི་ཐད་མ་དངུལ་སྒོར་ཁྲི་154,820བཀོད་སྒྲིག་བྱེད་རྒྱུ་ཡིན་པས་སྒོར་ཁྲི་32,920མང་དུ་བཏང་ཞིང་། 27%འཕར་ཡོད། (2)རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་བྱེད་རྒྱུའི་ཐད་གཏོང་ཆ་མང་དུ་བཏང་ནས་དཔལ་འབྱོར་གོང་འཕེལ་གཏོང་བའི་རྨང་གཞི་བརྟན་དུ་གཏོང་རྒྱུ། རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་བྱེད་རྒྱུའི་ཐད་གཏོང་ཆ་སྒོར་ཁྲི་861,579བཀོད་སྒྲིག་བྱེད་རྒྱུ་ཡིན་པས་སྒོར་ཁྲི་242,352མང་དུ་བཏང་ཞིང་། 39.1%འཕར་ཡོད། དེའང་གཅིག་ནི་ས་གནས་ཀྱི་གཞི་རྩའི་འཛུགས་སྐྲུན་ཐད་གཏོང་ཆ་མང་དུ་གཏོང་རྒྱུ་དེ་ཡིན། ས་གནས་སྔོན་རྩིས་ནང་གཞི་རྩའི་འཛུགས་སྐྲུན་ཐད་གཏོང་ཆ་སྒོར་ཁྲི་90,000བཀོད་སྒྲིག་བྱེད་རྒྱུ་ཡིན་པས་སྒོར་ཁྲི་10,000འཕར་ཡོད། གཉིས་ནི་གློག་མེད་པའི་ས་ཁུལ་གྱི་གློག་ཤུགས་འཛུགས་སྐྲུན་བྱེད་རྒྱུར་རྒྱབ་སྐྱོར་བྱེད་རྒྱུ་དེ་ཡིན། འོད་ཤུགས་གློག་ཁང་གི་གློག་གསོག་སྣོད་ཆས་བརྗེ་རྒྱུའི་ཐད་མ་དངུལ་སྒོར་ཁྲི་5,200དང་“གསེར་ཉིའི ”ལས་གཞིར་ས་གནས་ཀྱི་ཚང་སྒྲིག་མ་དངུལ་སྒོར་ཁྲི་10,000བཀོད་སྒྲིག་བྱེད་རྒྱུ་ཡིན། གསུམ་ནི་འགྲིམ་འགྲུལ་གྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ཇེ་མགྱོགས་སུ་གཏོང་རྒྱུ་དེ་ཡིན། འཁོར་རིགས་ཉོ་སྒྲུབ་ཀྱི་དཔྱ་ཁྲལ་ནང་ནས་གྲོང་གསེབ་ཀྱི་གཞུང་ལམ་འཛུགས་སྐྲུན་བྱེད་རྒྱུར་མ་དངུལ་སྒོར་ཁྲི་170,000དང་གཞུང་ལམ་གྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་བྱེད་རྒྱུར་མ་དངུལ་སྒོར་ཁྲི་283,887བཀོད་སྒྲིག་བྱེད་རྒྱུ་ཡིན་ཞིང་། དེ་ཡང་རྒྱལ་ལམ་དང་ཞིང་ལམ་བདག་སྐྱོང་བྱེད་རྒྱུའི་ཐད་སྒོར་ཁྲི་123,414དང་། གྲོང་གསེབ་ཀྱི་གཞུང་ལམ་བདག་སྐྱོང་བྱེད་རྒྱུའི་ཐད་མ་དངུལ་སྒོར་ཁྲི་20,000 ཆུས་གཏོར་སྐྱོན་བཏང་བའི་གཞུང་ལམ་གྱི་ཉམས་བཟོའི་ཐེབས་རྩ་སྒོར་ཁྲི་8,000 གཞུང་ལམ་གྱི་བཟོ་སྐྲུན་ཆེ་འབྲིང་གི་ཆེད་དམིགས་མ་དངུལ་སྒོར་ཁྲི་33,000 གཞུང་ལམ་གྱི་འགྲུལ་ཟོག་སྐྱེལ་འདྲེན་ས་ཚུགས་འཛུགས་སྐྲུན་བྱེད་རྒྱུའི་ཐད་མ་དངུལ་སྒོར་1,000བཅས་ཡིན། བཞི་ནི་གྲོང་ཁྱེར་གྲོང་རྡལ་ཅན་དུ་འགྱུར་རྒྱུའི་འཛུགས་སྐྲུན་ཐད་རྒྱབ་སྐྱོར་བྱེད་རྒྱུ་དེ་ཡིན། མ་དངུལ་སྒོར་ཁྲི་50,000བཀོད་སྒྲིག་བྱས་ནས་གྲོང་ཁྱེར་གྲོང་རྡལ་གྱི་བྱེད་ནུས་ཚང་སྒྲིག་བཟོ་བའི་འཛུགས་སྐྲུན་འཐུས་སྒོ་ཚང་དུ་བཏང་སྟེ་གྲོང་ཁྱེར་གྲོང་རྡལ་ཅན་དུ་གོང་འཕེལ་གཏོང་བའི་སྤུས་ཚད་གོང་མཐོར་བཏང་ནས་གྲོང་ཁྱེར་གྲོང་རྡལ་གཙོ་གྲས་ཀྱི་སྤྱི་པའི་ཞབས་ཞུའི་ནུས་པ་གོང་མཐོར་གཏོང་རྒྱུ་ཡིན། ལྔ་ནི་དེ་མིན་གྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་བྱེད་རྒྱུའི་ཐད་རྒྱབ་སྐྱོར་བྱེད་རྒྱུ་དེ་ཡིན། ལས་ཤག་དང་ཁང་གླ་ཁེ་བའི་སྡོད་ཁང་འཛུགས་སྐྲུན་བྱེད་རྒྱུའི་ཐད་མ་དངུལ་སྒོར་ཁྲི་60,000དང་། མཐའ་མཚམས་ཀྱི་འགག་སྒོ་འཛུགས་སྐྲུན་བྱེད་རྒྱུའི་ཐད་མ་དངུལ་སྒོར་ཁྲི 5,000 ས་གཤིས་ཀྱི་གནོད་འཚེ་འགོག་བཅོས་བྱེད་རྒྱུའི་ཐད་མ་དངུལ་སྒོར་ཁྲི་5,000བཅས་བཀོད་སྒྲིག་བྱེད་རྒྱུ་ཡིན།
2. གཙོ་གནད་མངོན་ཆེར་བཟུང་ནས་ཁྱད་ལྡན་ལེགས་ཆ་ཆེ་བའི་ཐོན་ལས་གོང་འཕེལ་དང་འབྱུང་ཁམས་དཔལ་ཡོན་དར་སྤེལ་གཏོང་རྒྱུར་སྐུལ་འདེད་གཏོང་རྒྱུ།
(1) ཐོན་ལས་ལ་རོགས་སྐྱོར་བྱེད་རྒྱུའི་ཐད་གཏོང་ཆ་མང་དུ་བཏང་སྟེ་དཔལ་འབྱོར་རྒྱུན་མཐུད་བརྟན་པོའི་ངང་འཕར་སྣོན་ཡོང་བར་སྐུལ་འདེད་གཏོང་རྒྱུ། ཐོན་ལས་གོང་འཕེལ་གཏོང་རྒྱུའི་ཐད་གཏོང་ཆ་སྒོར་ཁྲི་178,307བཀོད་སྒྲིག་བྱེད་རྒྱུ་ཡིན་པས་སྒོར་ཁྲི་61,347མང་དུ་བཏང་ཞིང་། 52.5%འཕར་ཡོད། དེའི་ནང་མ་དངུལ་སྒོར་ཁྲི་21,600བཀོད་སྒྲིག་བྱས་ནས་གཞུང་ཁོངས་ཁེ་ལས་ཀྱི་ལམ་ལུགས་བསྒྱུར་བཅོས་བྱེད་རྒྱུར་རྒྱབ་སྐྱོར་བྱེད་རྒྱུ་མ་ཟད། གཞུང་ཁོངས་འཁོར་རྒྱུགས་ཁེ་ལས་དང་འཕྲིན་གཏོང་ལས་རིགས་གོང་འཕེལ་ཇེ་མགྱོགས་སུ་གཏོང་རྒྱུ་དང་། གཞུང་ཁོངས་ཁེ་ལས་ཀྱི་ལས་གཉེར་དོ་དམ་གྱི་འཇོན་ཐང་པ་གསོ་སྐྱོང་ཤུགས་ཆེ་བྱེད་རྒྱུ་དང་། མ་དངུལ་སྒོར་ཁྲི་31,817བཀོད་སྒྲིག་བྱས་ནས་ཁེ་ལས་ཆུང་འབྲིང་དང་། སྤྱི་དབང་མིན་པའི་ལམ་ལུགས་ཀྱི་དཔལ་འབྱོར། ས་གནས་ཀྱི་ཁྱད་ལྡན་ཐོན་ལས་བཅས་གོང་འཕེལ་གཏོང་རྒྱུར་རྒྱབ་སྐྱོར་བྱེད་རྒྱུ། མ་དངུལ་སྒོར་ཁྲི་6,000བཀོད་སྒྲིག་བྱས་ནས་ཁེ་ལས་ཆུང་འབྲིང་གིས་དངུལ་བུན་གཡར་རྒྱུར་ཁག་ཐེག་བྱེད་པའི་གཏོང་ཆ་མང་དུ་གཏོང་རྒྱུ་མ་ཟད། ཁག་ཐེག་བྱེད་མཁན་དང་དངུལ་རྩའི་ལས་ཁུངས་ནས་དངུལ་བུན་བཏང་བར་ཉེན་སེལ་སྐྱོང་གསབ་ཀྱིས་ཁེ་ལས་ཆུང་འབྲིང་གི་དངུལ་བུན་གཡར་དཀའ་བའི་གནད་དོན་ཐག་གཅོད་བྱེད་རྒྱུ། མ་དངུལ་སྒོར་ཁྲི་31,000བཀོད་སྒྲིག་བྱས་ནས་བཟོ་ལས་གླིང་ཁུལ་འཛུགས་སྐྲུན་བྱེད་པར་རྒྱབ་སྐྱོར་བྱེད་རྒྱུ། མ་དངུལ་སྒོར་ཁྲི་87,890བཀོད་སྒྲིག་བྱས་ནས་ལས་རིགས་ཁག་ཉེན་མེད་ཐོན་སྐྱེད་བྱེད་རྒྱུར་སྐུལ་འདེད་གཏོང་རྒྱུ་ཡིན་ཞིང་། དེའང་དམངས་སྤྱོད་མཁའ་འགྲུལ་དང་ཡུལ་སྐོར་ཐོན་ལས་གོང་འཕེལ་གཏོང་རྒྱུ་དང་གཏེར་ཁའི་ཐོན་ཁུངས་རྩད་འཚོལ་བྱེད་རྒྱུའི་ཐད་རྒྱབ་སྐྱོར་བྱེད་རྒྱུ་དང་གློག་མེད་པའི་ས་ཁུལ་ལ་སྣུམ་གློག་གཏོང་བའི་གྱོང་གུན་ཁ་གསབ་བྱེད་རྒྱུ་བཅས་ཡིན།
(2) ནུས་རྒྱུ་བསྲི་ཚགས་དང་ཁོར་ཡུག་སྲུང་སྐྱོབ་བྱེད་རྒྱུའི་ཐད་གཏོང་ཆ་མང་དུ་བཏང་ནས་ས་མཐོའི་འབྱུང་ཁམས་སྲུང་བཅད་སྐྲུན་རྒྱུར་རྒྱབ་སྐྱོར་བྱེད་རྒྱུ། ཁོར་ཡུག་སྲུང་སྐྱོབ་བྱེད་རྒྱུའི་ཐད་གཏོང་ཆ་སྒོར་ཁྲི་388,968བཀོད་སྒྲིག་བྱེད་རྒྱུ་ཡིན་པས་སྒོར་ཁྲི 62,277མང་དུ་བཏང་ཞིང་། 19.1%འཕར་ཡོད། མ་དངུལ་སྒོར་ཁྲི་49,850བཀོད་སྒྲིག་བྱས་ནས་གཙོ་གནད་འབྱུང་ཁམས་སྙོམས་ཁུལ་འཛུགས་སྐྲུན་དང་ཁོར་ཡུག་སྲུང་སྐྱོབ་ལ་བྱ་དགའ་སྤྲོས་རྒྱུར་རྒྱབ་སྐྱོར་བྱེད་རྒྱུ། རྩྭ་ཐང་གི་འབྱུང་ཁམས་སྲུང་སྐྱོབ་བྱེད་རྒྱུའི་ཐད་བྱ་དགའ་དང་ཁ་གསབ་མ་དངུལ་སྒོར་ཁྲི་210,981དང་། ནགས་ཚལ་གྱི་འབྱུང་ཁམས་ཕན་འབྲས་སྐྱོང་གསབ་བྱེད་རྒྱུའི་ཐད་མ་དངུལ་སྒོར་ཁྲི་77,223 གཙོ་གནད་ཁུལ་ཁོངས་ཀྱི་ཤིང་འཛུགས་བྱེད་རྒྱུའི་ཐད་མ་དངུལ་སྒོར་ཁྲི་20,000 རང་བྱུང་ནགས་ཚལ་སྲུང་སྐྱོབ་ལས་གཞིར་ཁ་གསབ་རོགས་དངུལ་སྒོར་ཁྲི་9,611 ནགས་སྦོལ་ཞིང་ཁ་ནགས་སུ་སྒྱུར་རྒྱུའི་ཐད་མ་དངུལ་སྒོར་ཁྲི་5,658 གཤེར་ས་དང་ཆུའི་འབྱུང་ཁམས་སྲུང་སྐྱོབ་ཀྱི་སྐྱོང་གསབ་ཚོད་ལྟ་བྱེད་རྒྱུའི་ཐད་མ་དངུལ་སྒོར་ཁྲི་6,000བཅས་བཀོད་སྒྲིག་བྱེད་རྒྱུ། ནུས་རྒྱུ་བསྲི་ཚགས་དང་ཁོར་ཡུག་སྲུང་སྐྱོབ་བྱེད་རྒྱུའི་ཐད་ཆེད་དམིགས་མ་དངུལ་སྒོར་ཁྲི་7,000དང་། གྲོང་ཁྱེར་གྲོང་རྡལ་གྱི་འཐུང་ཆུའི་ཆུ་འགོ་ཁུལ་སྲུང་སྐྱོབ་བྱེད་རྒྱུའི་ཐད་མ་དངུལ་སྒོར་ཁྲི་2,000 ལྕགས་རིགས་ཀྱི་བཙོག་སྐྱོན་འགོག་བཅོས་བྱེད་རྒྱུར་ཆེད་དམིགས་མ་དངུལ་སྒོར་ཁྲི་645བཅས་བཀོད་སྒྲིག་བྱེད་རྒྱུ་ཡིན།
3. འགན་སྲུང་བྱེད་ཤུགས་ཆེ་རུ་བཏང་ནས་དམངས་འཚོ་ལེགས་བཅོས་དང་གཞི་རྩའི་སྤྱི་པའི་ཞབས་ཞུའི་ནུས་པ་ཆེ་རུ་གཏོང་བར་སྐུལ་སྤེལ་གཏོང་རྒྱུ།
(1) དམངས་འཚོའི་ཐད་གཏོང་ཆ་མང་དུ་བཏང་ནས་ནུས་ཤུགས་ཡོད་རྒུས་དམངས་འཚོ་འགན་སྲུང་དང་ལེགས་བཅོས་བྱེད་རྒྱུ། དམངས་འཚོའི་ཐད་གཏོང་ཆ་སྒོར་ཁྲི་638,276བཀོད་སྒྲིག་བྱེད་རྒྱུ་ཡིན་པས་སྒོར་ཁྲི་109,077མང་དུ་བཏང་ཞིང་། 20.7%འཕར་ཡོད། དེ་ཡང་གཅིག་ནི་གྲོང་ཁྱེར་གྲོང་གསེབ་ལ་ཁྱབ་པའི་སྤྱི་ཚོགས་འགན་བཅོལ་གྱི་མ་ལག་འཐུས་སྒོ་ཚང་དུ་གཏོང་རྒྱུ་དེ་ཡིན། སྤྱི་ཚོགས་འགན་བཅོལ་ཁག་ལ་ཁ་གསབ་རོགས་དངུལ་སྒོར་ཁྲི་138,645བཀོད་སྒྲིག་བྱས་ནས་ཁེ་ལས་ཀྱི་རྒན་ཡོལ་ཞུས་པའི་ལས་བཟོའི་གཞི་རྩའི་རྒན་གསོའི་འཚོ་དངུལ་གྱི་ཚད་གཞི་མུ་མཐུད་མཐོ་རུ་བཏང་སྟེ་གྲོང་གསེབ་ཀྱི་སྤྱི་ཚོགས་རྒན་གསོའི་འགན་བཅོལ་གསར་པ་དང་གྲོང་ཁྱེར་གྲོང་རྡལ་གྱི་གྲོང་མིའི་རྒན་གསོའི་འགན་བཅོལ་ལམ་ལུགས་གཞི་གཅིག་ཅན་དུ་འགྱུར་རྒྱུར་སྐུལ་འདེད་བཏང་ཐོག་གྲོང་ཁྱེར་གྲོང་རྡལ་གྱི་གྲོང་མིའི་གཞི་རྩའི་སྨན་བཅོས་འགན་བཅོལ་གྱི་ཁ་གསབ་རོགས་དངུལ་ཚད་གཞི་དེ་ལོ་རེར་སྒོར་300ཡིན་པ་ནས་སྒོར་340ལ་སྤོར་རྒྱུ་དང་། ལྗོངས་ཡོངས་ཀྱི་སྨན་བཅོས་དང་། རྒན་གསོ། ལས་རྨས། སྐྱེ་གསོ། ལས་ཤོར་སོགས་ཀྱི་སྤྱི་ཚོགས་འགན་བཅོལ་སྲིད་ཇུས་སྐྱོན་བྲལ་དང་བརྟན་པོའི་ངང་འཁོར་སྐྱོད་ཐུབ་པ་བྱེད་རྒྱུ། དམངས་ཡོངས་ཀྱི་བསམ་ཡུལ་ལས་འདས་པའི་གནོད་འཚེའི་འགན་བཅོལ་དང་དམངས་ཡོངས་ཀྱི་སྨན་གྲོན་ཆེ་རིགས་ལ་ཚོང་ལས་འགན་བཅོལ་ཐོག་ནས་རོགས་གསབ་བྱེད་པའི་སྲིད་ཇུས་དོན་འཁྱོལ་ནན་ཏན་བྱས་ནས་སྨན་གྲོན་ཆེ་རིགས་ལ་ཚོང་ལས་འགན་བཅོལ་ཐོག་ནས་རོགས་གསབ་བྱེད་པའི་འཇལ་སྤྲོད་ཚད་གཞི་རིམ་པས་མཐོ་རུ་གཏོང་རྒྱུ་ཡིན། གཉིས་ནི་སྤྱི་ཚོགས་ཀྱི་རོགས་སྐྱོབ་དང་སྤྱི་ཚོགས་ཀྱི་ཕན་བདེའི་ཐད་གཏོང་ཆ་མང་དུ་གཏོང་རྒྱུ་དེ་ཡིན། མ་དངུལ་སྒོར་ཁྲི་172,971བཀོད་སྒྲིག་བྱས་ཏེ་གེགས་འགོག་དངོས་ཟོག་གྲབས་གསོག་བྱེད་རྒྱ་ཆེ་རུ་བཏང་ནས་ཆབ་མདོ་དང་ནག་ཆུ་ས་གནས་ཀྱི་གནོད་འཚེ་ཕོག་རྗེས་ཀྱི་ཁྱིམ་གཤིས་བསྐྱར་སྐྲུན་བྱེད་པར་རྒྱབ་སྐྱོར་བྱེད་རྒྱུ་དང་། ཕྱོགས་ཡོངས་ནས་འགན་ལེན་ལྔའི་དུད་ཚང་གཅིག་སྡུད་ཐོག་འཚོ་སྐྱོང་དང་དྭ་ཕྲུག་གཅིག་སྡུད་ཐོག་གསོ་ཉར་བྱེད་པའི་ལས་དོན་ལ་སྐུལ་འདེད་བཏང་སྟེ་སྤྱི་ཚོགས་རོགས་སྐྱོབ་དང་འགན་སྲུང་བྱེད་རྒྱུའི་ཚད་གཞི་དེ་ཟོག་གོང་འཕར་འགྲོ་བ་དང་སྦྲེལ་མཐུད་བྱེད་པའི་མཉམ་སྒུལ་ལམ་སྲོལ་ཚགས་ཚུད་དུ་གཏོང་རྒྱུ། ཡོང་འབབ་དམའ་བའི་རིགས་གྲས་ལ “དུས་ཆེན་གསུམ ”གྱི་རིང་མུ་མཐུད་སྤྲོད་གཅིག་མའི་འཚོ་བའི་ཁ་གསབ་སྤྲོད་རྒྱུ། གྲོང་ཁྱེར་གྲོང་གསེབ་ཀྱི་མ་མཐའི་འཚོ་བའི་འགན་སྲུང་གི་ཚད་གཞི་མཐོ་རུ་གཏོང་རྒྱུ་ཡིན་ཞིང་། སྔར་ལས་ལྷག་པའི་སྒོ་ནས་གྲོང་ཁྱེར་གྱི་གྲོང་མིའི་མ་མཐའི་འཚོ་བ་འགན་སྲུང་ཚད་གཞི་དེ་ཟླ་རེར་སྒོར་440ཡིན་པ་ནས་སྒོར་490ལ་སྤོར་རྒྱུ་དང་། གྲོང་གསེབ་ཀྱི་མ་མཐའི་འཚོ་བའི་འགན་སྲུང་ཚད་གཞི་དེ་ལོ་རེར་སྒོར་1,750ཡིན་པ་ནས་སྒོར་1,950ལ་སྤོར་རྒྱུ་བཅས་ཡིན། གསུམ་ནི་ཕྱོགས་ཡོངས་ནས་དགེ་མཚན་ལྡན་པའི་ལས་ཞུགས་སྲིད་ཇུས་དོན་འཁྱོལ་བྱེད་རྒྱུ་དེ་ཡིན། མ་དངུལ་སྒོར་ཁྲི་127,052བཀོད་སྒྲིག་བྱས་ཏེ་སྲིད་གཞུང་ནས་སྤྱི་ཕན་རང་བཞིན་གྱི་ལས་གནས་ཁག་27,000ཉོ་སྒྲུབ་བྱས་པའི་གླ་ཕོགས་དང་སྤྱི་ཚོགས་འགན་བཅོལ་གྱི་འཇལ་གྲོན་ཁ་གསབ་རོགས་དངུལ་གྱི་མ་དངུལ་དགོས་མཁོ་འགན་ལེན་ཐུབ་པ་བྱེད་རྒྱུ། མཐོ་རིམ་སློབ་ཆེན་གྱི་སློབ་མ་ལས་ཀར་བསྡུ་འགུགས་བྱེད་མཁན་གྱི་ཁེ་ལས་ལ་མུ་མཐུད་ཁ་གསབ་དང་བྱ་དགའ་སྤྲད་དེ་ཐེམ་ཁོངས་བོད་ནས་ཡིན་པའི་སློབ་ཆེན་ཐོན་པའི་སློབ་མ་ཚང་མ་ལས་ཞུགས་ཐུབ་པ་དང་། ལས་ཞུགས་པ་མེད་པའི་ཁྱིམ་ཚང་ལ་སྐབས་ཐོག་ལས་ཞུགས་ཐུབ་པའི་འགན་ལེན་བྱེད་རྒྱུ་ཡིན། བཞི་ནི་སྔར་ལས་ལྷག་པའི་སྒོ་ནས་ཡོང་འབབ་བགོ་འགྲེམས་ལམ་ལུགས་བསྒྱུར་བཅོས་གཏིང་ཟབ་བྱེད་རྒྱུ་དེ་ཡིན། མ་དངུལ་སྒོར་ཁྲི་82,076བཀོད་སྒྲིག་བྱས་ནས་སྡོད་ཁང་གི་ཟླ་རེ་བཞིན་ཁ་གསབ་དང་སྡོད་ཁང་གི་སྤྱི་གསོག་མ་དངུལ་གྱི་སྲིད་ཇུས་དོན་འཁྱོལ་ནན་ཏན་བྱེད་རྒྱུ་ཡིན་ཞིང་། ལྷ་ས་གྲོང་ཁྱེར་གྱི་གྲོང་ཁྱེར་གྲོང་རྡལ་གྱི་ཡུལ་མིར་དྲོད་གཏོང་གི་ཁ་གསབ་སྤྲོད་རྒྱུ་དང་། “རྒན་གྲས་གསུམ ”གྱི་མི་སྣའི་འཚོ་བའི་ཁ་གསབ་རོགས་དངུལ་ཚད་གཞི་དེ་དེ་སྔའི་རྨང་གཞིའི་ཐོག་སྒོར་50སྤོར་རྒྱུ། ལས་བྱེད་ལས་བཟོའི་དྲོད་དོད་ཁ་གསབ་ཚད་གཞི་དེ་དྲོད་གཏོང་བའི་དུས་ཚོད་ནང་ཟླ་རེར་སྒོར་220ཡིན་པ་ནས་སྒོར་250ལ་སྤོར་རྒྱུ་ཡིན། ལྔ་ནི་སྤྱི་ཚོགས་ཀྱི་གཟིགས་སྐྱོང་བཀོད་སྒྲིག་ལས་དོན་ལ་རྒྱབ་སྐྱོར་བྱེད་རྒྱུ་དེ་ཡིན། མ་དངུལ་སྒོར་ཁྲི་98,518བཀོད་སྒྲིག་བྱས་ནས་རང་བརྟེན་ལས་འཚོལ་བྱེད་མཁན་དམག་དཔུང་གི་ལས་སྒྱུར་ལས་བྱེད་པ་དང་། དམག་དཔུང་ནས་ས་གནས་ལ་བཀོད་སྒྲིག་རྩིས་སྤྲོད་བྱས་པའི་ལས་བྲལ་རྒན་ཡོལ་ཞུས་པའི་མི་སྣ། དེ་བཞིན་དམག་ཁོངས་ནས་ཕྱིར་ལོག་བྱས་པའི་འོས་ལངས་དམག་མི་བཅས་ཀྱི་ལས་ཀ་བཀོད་སྒྲིག་གི་ལས་དོན་ཡག་པོ་སྤེལ་རྒྱུ། དམིགས་བསལ་དཀའ་ངལ་ཡོད་པའི་ལས་བྲལ་རྒན་ཡོལ་ཞུས་པའི་ལས་བྱེད་པ་རྒན་གྲས་ལ་རོགས་སྐྱོར་བྱེད་རྒྱུའི་ལས་གཞི་མུ་མཐུད་ལག་བསྟར་བྱེད་རྒྱུ་དང་། ལས་བྲལ་རྒན་ཡོལ་ཞུ་མཁན་གྱི་ཏང་ཀྲི་པུའུ་འཛུགས་སྐྱོང་བྱེད་རྒྱུར་རྒྱབ་སྐྱོར་བྱས་ཏེ་ལས་བྱེད་པ་རྒན་གྲས་ལུས་གསོ་དང་ལྟ་སྐོར་དུ་བསྐྱོད་རྒྱུར་མ་དངུལ་ཐོག་ནས་རྒྱབ་སྐྱོར་བྱེད་རྒྱུ་ཡིན། དྲུག་ནི་ཁྲོམ་རའི་ཉེན་ཁར་འཕྲལ་སྡོམ་གྲ་སྒྲིག་བྱེད་རྒྱུའི་གཏོང་ཆ་མང་དུ་གཏོང་རྒྱུ་དེ་ཡིན། མ་དངུལ་སྒོར་ཁྲི་19,014བཀོད་སྒྲིག་བྱས་ནས་ས་གནས་ཀྱི་འབྲུ་རིགས་དང་བཟའ་སྣུམ་གྲབས་གསོག་བརྗེ་སྒྱུར་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་སྟེ་ཟོག་གོང་འགྱུར་བ་འགྲོ་རིགས་ལས་བྱུང་བའི་ཁྲོམ་རའི་ཉེན་ཁ་སེལ་ཐུབ་པ་བྱེད་རྒྱུ་ཡིན།
(2) སྤྱི་ཚོགས་བྱ་གཞག་ཐད་ལ་གཏོང་ཆ་མང་དུ་བཏང་ནས་གཞི་རྩའི་སྤྱི་པའི་ཞབས་ཞུ་ཆ་མཚུངས་ཅན་དུ་འགྱུར་རྒྱུར་སྐུལ་འདེད་གཏོང་རྒྱུ། དེ་ཡང་གཅིག་ནི་སློབ་གསོའི་བྱ་གཞག་སྔོན་ལ་གོང་འཕེལ་གཏོང་རྒྱུ་རྒྱུན་འཁྱོངས་བྱེད་རྒྱུ་དེ་ཡིན། སློབ་གསོའི་བྱ་གཞག་ཐད་གཏོང་ཆ་སྒོར་ཁྲི་770,951བཀོད་སྒྲིག་བྱེད་རྒྱུ་ཡིན་པས་སྒོར་ཁྲི་89,575མང་དུ་བཏང་ཞིང་། 13.1%འཕར་ཡོད། སློབ་ཞུགས་མ་བྱས་གོང་གི་སློབ་གསོ་དང་ལས་རིགས་སློབ་གསོ་གོང་འཕེལ་ཇེ་མགྱོགས་སུ་གཏོང་རྒྱུ་དང་། སློབ་གྲྭ་འབྲིང་ཆུང་གི་སློབ་གྲྭའི་ཉལ་ཁང་ཉེན་མེད་ཉམས་བཟོ་བྱེད་རྒྱུའི་ཐད་གཏོང་ཆ་མང་དུ་གཏོང་རྒྱུ། འགན་བབ་སློབ་གསོའི་སློབ་མའི་འཚོ་བཅུད་ལེགས་སུ་གཏོང་རྒྱུའི་འཆར་གཞི་མུ་མཐུད་ལག་བསྟར་བྱེད་རྒྱུ། གྲང་ངར་ཆེ་ལ་ས་ཁད་མཐོ་བའི་སློབ་གྲྭ་འབྲིང་ཆུང་ལ “བཞི་ཡོད་པའི ”(དྲོད་ལྡན་བར་ཁྱམས་དང་། ཁྲོམ་པ། གཟུགས་འཁྲུ་ཁང་། ཚལ་དོང་)ལས་གཞི་སྤེལ་འགོ་འཛུགས་རྒྱུ། དགེ་རྒན་ལ་སྦྱོང་བརྡར་སྤྲོས་ཤུགས་ཆེ་རུ་གཏོང་རྒྱུ། “འགན་ལེན་གསུམ ”དང་དགེ་སློབ་ཀྱི་སྤྱི་སྤྱོད་འགྲོ་གྲོན་ཚད་གཞི་མུ་མཐུད་མཐོ་རུ་བཏང་ནས “འགན་ལེན་གསུམ ”གྱི་འགྲོ་གྲོན་ཚད་གཞི་དེ་ལོ་རེར་སློབ་མ་རེར་ཆ་སྙོམས་སྒོར་2,700ཡིན་པ་ནས་སྒོར་2,900ལ་སྤོར་རྒྱུ་དང་། དགེ་རྒན་དང་གྲོང་གསེབ་ཀྱི་འགན་བབ་སློབ་གསོའི་དུས་མཚམས་ཀྱི་སློབ་མའི་སྤྱི་སྤྱོད་འགྲོ་གྲོན་ཁག་སོ་སོར་སྒོར་200དང་སྒོར་160ལ་སྤོར་རྒྱུ་བཅས་ཡིན། གཉིས་ནི་རིག་གནས་དར་རྒྱས་ཆེན་པོ་དང་གོང་འཕེལ་ཆེན་པོ་ཡོང་རྒྱུར་སྐུལ་འདེད་ཧུར་ཐག་གཏོང་རྒྱུ་དེ་ཡིན། རིག་གནས་བྱ་གཞག་གོང་འཕེལ་ཐད་མ་དངུལ་སྒོར་ཁྲི་35,553བཀོད་སྒྲིག་བྱེད་རྒྱུ་ཡིན་པས་སྒོར་ཁྲི་5,990མང་དུ་བཏང་ཞིང་། 20.3%འཕར་ཡོད། རིག་གནས་ཐོན་ལས་གོང་འཕེལ་དང་ཐང་ག་བརྒྱའི་ལས་གཞི་ལག་བསྟར་བྱེད་རྒྱུ་ཇེ་མགྱོགས་བཏང་ནས་གཙོ་གནད་རིག་དངོས་དང་། དགོན་སྡེ། དེ་བཞིན་མངོན་མིན་རིག་གནས་ཤུལ་བཞག་བཅས་སྲུང་སྐྱོབ་བྱེད་རྒྱུའི་ཐད་གཏོང་ཆ་མང་དུ་བཏང་སྟེ་རིག་གནས་ཁང་དང་ས་ཚིགས་རིན་མེད་ཐོག་ནས་སྒོ་འབྱེད་རྒྱུའི་སྲིད་ཇུས་མུ་མཐུད་ལག་བསྟར་བྱས་ཏེ་རིག་གནས་བརྩམ་བྱ་གསར་རྩོམ་བྱེད་རྒྱུར་སྐུལ་མ་གཏོང་རྒྱུ་ཡིན། གསུམ་ནི་སྨན་རྫས་དང་འཕྲོད་བསྟེན་སྒྲིག་སྲོལ་བསྒྱུར་བཅོས་བྱེད་རྒྱུར་རྒྱབ་སྐྱོར་བྱེད་རྒྱུ་དེ་ཡིན། འཕྲོད་བསྟེན་བྱ་གཞག་གོང་འཕེལ་གཏོང་རྒྱུའི་ཐད་མ་དངུལ་སྒོར་ཁྲི་220,930བཀོད་སྒྲིག་བྱེད་རྒྱུ་ཡིན་པས་སྒོར་ཁྲི་47,413མང་དུ་བཏང་ཞིང་། 27.3%འཕར་ཡོད། གྲོང་ཚོ་རིམ་པའི་སྨན་བཅོས་འཕྲོད་བསྟེན་ཁང་གི་སྨན་བཅོས་ཆ་རྐྱེན་སྔར་བས་ལེགས་བཅོས་བྱེད་རྒྱུ་དང་། ཕྲུ་གུ་བཙའ་དུས་རན་པའི་བཟའ་ཚོ་གཉིས་ལ་ཕྲུ་གུ་དབང་སྐྱོན་ཅན་གྱི་རིགས་མི་སྐྱེ་བ་བྱེད་རྒྱུའི་ཐེ་ཇུས་ཀྱི་ཚོད་ལྟ་བྱེད་རྒྱུ། དམངས་ཡོངས་ཀྱི (སྒྲིག་ཚུད་གྲྭ་བཙུན་ཚུད )ལ་རིན་མེད་བདེ་ཐང་གི་གཟུགས་པོ་བརྟག་དཔྱད་དང་། བྱིས་པའི་ལྷན་སྐྱེས་སྙིང་ནད་ཕོག་མཁན་ལ་རིན་མེད་ཀྱི་སྨན་བཅོས། དེ་བཞིན་གྲོང་ཁྱེར་གྲོང་གསེབ་ལ་སྨན་བཅོས་རོགས་སྐྱོབ་བཅས་བྱེད་པའི་སྲིད་ཇུས་འཐུས་སྒོ་ཚང་དུ་གཏོང་རྒྱུ། གཙོ་ཆེའི་སྤྱི་པའི་འཕྲོད་བསྟེན་ཞབས་ཞུའི་རྣམ་གྲངས་ཀྱི་གཏོང་ཆ་མང་དུ་གཏོང་རྒྱུ་དང་། བོད་སྨན་དང་བོད་ལུགས་གསོ་རིག་བྱ་གཞག་གོང་འཕེལ་ཇེ་མགྱོགས་སུ་གཏོང་རྒྱུ། སྨན་བཅོས་འཕྲོད་བསྟེན་གྱི་འགྲོ་གྲོན་འགན་སྲུང་བྱེད་རྒྱུའི་ཚད་གཞི་མཐོ་རུ་བཏང་ནས་ཞིང་འབྲོག་ཁུལ་གྱི་སྨན་བཅོས་ལམ་ལུགས་ལ་ནོར་སྲིད་ནས་ཁ་གསབ་རོགས་དངུལ་སྤྲོད་རྒྱུའི་ཚད་གཞི་དེ་ལོ་རེར་སྒོར་340ཡིན་པ་ནས་སྒོར་380ལ་སྤོར་རྒྱུ་དང་། གཞི་རྩའི་སྤྱི་པའི་འཕྲོད་བསྟེན་ཞབས་ཞུའི་འགྲོ་གྲོན་གྱི་ཁ་གསབ་རོགས་དངུལ་ཚད་གཞི་དེ་ལོ་རེར་མི་རེར་ཆ་སྙོམས་སྒོར་35ཡིན་པ་ནས་སྒོར་45ལ་སྤོར་རྒྱུ། གྲོང་ཚོའི་སྨན་པའི་ལས་གནས་ཀྱི་ཁ་གསབ་ཚད་གཞི་དེ་ཟླ་རེར་སྒོར་300ཡིན་པ་ནས་སྒོར་600ལ་སྤོར་རྒྱུ་བཅས་ཡིན། བཞི་ནི་དེ་མིན་གྱི་སྤྱི་ཚོགས་བྱ་གཞག་གོང་འཕེལ་ཡོང་རྒྱུར་སྐུལ་འདེད་གཏོང་རྒྱུ་དེ་ཡིན། དྲིལ་བསྒྲགས་ཐད་མ་དངུལ་སྒོར་ཁྲི་8,000བཀོད་སྒྲིག་བྱས་ནས་མང་ཚོགས་ལམ་ཕྱོགས་ཀྱི་སློབ་གསོ་ལག་ལེན་བྱེད་སྒོ་སྤེལ་རྒྱུར་རྒྱབ་སྐྱོར་བྱས་ནས་ཀྲུང་དབྱང་སྨྱན་སྦྱོར་ཚན་པས་བོད་ཀྱི་ལས་དོན་དྲིལ་བསྒྲགས་གསར་འགོད་བྱེད་རྒྱུར་མ་དངུལ་ཐོག་ནས་རྒྱབ་སྐྱོར་བྱེད་རྒྱུ། མ་དངུལ་སྒོར་ཁྲི་2,500བཀོད་སྒྲིག་བྱས་ཏེ་ས་ཁམས་དང་འབྲེལ་བའི་རྒྱལ་ཁབ་ཀྱི་གནས་ཚུལ་ཡོངས་བཤེར་ཐེངས་དང་པོ་བྱེད་རྒྱུའི་ཐོག་སྤྱོད་རྒྱུ་དང་། མ་དངུལ་སྒོར་ཁྲི་5,000བཀོད་སྒྲིག་བྱས་ནས་གཙོ་ཆེའི་དཔྱོད་དོན་བརྟག་ཞིབ་དང་“ལོ་ལྔ་ཚན་བཅུ་གསུམ་པའི ”འཆར་འགོད་བཟོ་སྒྲིག་བྱེད་རྒྱུའི་ལས་དོན་ཐད་རྒྱབ་སྐྱོར་བྱེད་རྒྱུ་བཅས་ཡིན།
4. འདེགས་སྐྱོར་བྱེད་ཤུགས་ཆེ་རུ་བཏང་ནས་ཚན་རིག་ལག་རྩལ་ཁྱབ་གདལ་དང་ཤེས་ལྡན་པ་ནང་འདྲེན་བྱེད་རྒྱུར་རྒྱབ་སྐྱོར་བྱེད་རྒྱུ།
ཚན་རྩལ་ཐད་གཏོང་ཆ་སྒོར་ཁྲི་22,636བཀོད་སྒྲིག་བྱེད་རྒྱུ་ཡིན་པས་སྒོར་ཁྲི་2,590མང་དུ་བཏང་ཞིང་། 12.9%འཕར་ཡོད། དངོས་སྤྱོད་ལག་རྩལ་ཞིབ་འཇུག་དང་གསར་སྤེལ་བྱེད་རྒྱུ་དང་། ཚན་རིག་ཁྱབ་གདལ་གཏོང་རྒྱུའི་ཐད་གཏོང་ཆ་མང་དུ་བཏང་སྟེ་ཚན་རྩལ་གསར་གཏོད་དང་འབྲས་བུ་དངོས་སྒྱུར་བྱེད་རྒྱུར་སྐུལ་སྤེལ་བཏང་ནས་ཞིང་ལས་ཀྱི་ལག་རྩལ་ཁྱབ་གདལ་མ་ལག་འཛུགས་སྐྱོང་བྱེད་པར་སྐུལ་འདེད་གཏོང་རྒྱུ། མི་རྒྱུན་ཐོན་ཁུངས་ཐད་མ་དངུལ་སྒོར་ཁྲི་15,000བཀོད་སྒྲིག་བྱས་ནས་སློབ་གསོ་དང་། འཕྲོད་བསྟེན། ཚན་རྩལ་བཅས་ཐད་ཀྱི་ཤེས་ལྡན་པ་ནང་འདྲེན་བྱེད་རྒྱུར་རྒྱབ་སྐྱོར་བྱས་ཏེ་ཤེས་ལྡན་པ་དང་ལས་བྱེད་དཔུང་ཁག་འཛུགས་སྐྱོང་བྱེད་པར་ཤུགས་སྣོན་རྒྱག་རྒྱུ། མ་དངུལ་སྒོར་ཁྲི་27,000བཀོད་སྒྲིག་བྱས་ནས་ཤང་གྲོང་གི་སློབ་གྲྭ་དང་གྲོང་ཚོའི་སློབ་ཁྲིད་བྱེད་གནས་ཀྱི་དངོས་གཞི་དགེ་རྒན་དང་། ཤང་གྲོང་གི་འཕྲོད་བསྟེན་པ། དེ་བཞིན་ཤང་གྲོང་གི་ལས་དོན་མི་སྣ (ཤང་གྲོང་གི་མངག་གཏོང་ཁང་གི་མི་དམངས་ཉེན་རྟོག་པ་ཚུད་མེད )བཅས་ལ་འཚོ་བའི་ཁ་གསལ་རོགས་དངུལ་སྤྲད་ནས་ཕུལ་བྱུང་ཤེས་ལྡན་པ་གཞི་རིམ་དུ་ལས་ཀ་བྱེད་པར་ཡོང་རྒྱུའི་ཁྲིད་སྟོན་བྱེད་རྒྱུ་བཅས་ཡིན།
5、རྨང་གཞི་སྲ་བརྟན་དུ་བཏང་ནས་མི་རིགས་མཐུན་སྒྲིལ་དང་སྤྱི་ཚོགས་བརྟན་ལྷིང་ཡོང་རྒྱུར་ཤུགས་སྣོན་རྒྱག་རྒྱུ།
(1) གཞི་རིམ་རྩ་འཛུགས་ལེགས་སྐྱོང་བྱེད་རྒྱུའི་གཏོང་ཆ་མང་དུ་བཏང་ནས་གྲོང་ཁྱེར་གྲོང་གསེབ་ཀྱི་སྡེ་ཁུལ་ཞི་མཐུན་བརྟན་ལྷིང་ཡོང་རྒྱུར་སྐུལ་འདེད་གཏོང་རྒྱུ། གཞི་རིམ་རྩ་འཛུགས་ལེགས་སྐྱོང་བྱེད་རྒྱུའི་ཐད་གཏོང་ཆ་སྒོར་ཁྲི་183,370བཀོད་སྒྲིག་བྱེད་རྒྱུ་ཡིན་པས་སྒོར་ཁྲི་26,394མང་དུ་བཏང་ཞིང་། 16%འཕར་ཡོད། དེའི་ནང་མ་དངུལ་སྒོར་ཁྲི་155,700བཀོད་སྒྲིག་བྱས་ནས་རྨང་བརྟན་དམངས་ཕན་གྱི་མ་དངུལ་ཁག་མུ་མཐུད་བཀོད་སྒྲིག་ཡག་པོ་བྱེད་རྒྱུ་དང་། མ་དངུལ་སྒོར་ཁྲི་11,216གསར་སྣོན་བཀོད་སྒྲིག་བྱས་ནས་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་ཨང་དང་པོའི་གཞིས་ཆགས་ཀྱི་ཁ་གསབ་རོགས་དངུལ་དང་། དོན་དག་དངོས་སྒྲུབ་རྒྱུ། གཞུང་ལས་ཀྱི་སྒྲིག་ཆས་གོ་སྒྲིག་བྱེད་རྒྱུ་བཅས་ཐད་བེད་སྤྱོད་གཏོང་རྒྱུ། མ་དངུལ་སྒོར་ཁྲི་13,000གསར་སྣོན་བཀོད་སྒྲིག་བྱས་ནས “གཉིས་ལྡན་དུད་སྦྲེལ ”ལས་དོན་སྤེལ་རྒྱུ་དང་དེ་བཞིན་སྔོན་ཐོན “གཉིས་ལྡན་དུད་སྦྲེལ ”ལ་གཟེངས་བསྟོད་བྱེད་རྒྱུར་རྒྱབ་སྐྱོར་བྱེད་རྒྱུ། མ་དངུལ་སྒོར་ཁྲི་7,454བཀོད་སྒྲིག་བྱས་ནས་གྲོང་ཚོ་རིམ་པའི་རྩ་འཛུགས་དང་། སྡེ་ཁུལ་གྲོང་ལྷན་དང་དེ་བཞིན་ཏང་ཡོན་དང་གུང་གཞོན་སྡེ་ཚོགས་རྩ་འཛུགས་ལེགས་སྐྱོང་བྱེད་རྒྱུ་བཅས་ལ་རྒྱབ་སྐྱོར་བྱེད་རྒྱུ་ཡིན།
(2) གཞི་རིམ་གྱི་འབྱོར་སྟོབས་ཁ་གསབ་རོགས་དངུལ་མང་དུ་བཏང་ནས་སྲིད་གཞུང་རིམ་པ་སྟར་ཆགས་དོ་སྙོམས་གོང་འཕེལ་ཡོང་རྒྱུར་སྐུལ་འདེད་གཏོང་རྒྱུ། རང་སྐྱོང་ལྗོངས་ནས་གཤམ་འོག་ལ་དོ་སྙོམས་རང་བཞིན་གྱི་སྒྱུར་སྤྲོད་མ་དངུལ་སྒོར་ཁྲི་1,345,298བཀོད་སྒྲིག་བྱེད་རྒྱུ་ཡིན་པས་སྒོར་ཁྲི་318,820མང་དུ་བཏང་ཞིང་། 31.1%འཕར་ཡོད། མ་དངུལ་སྒོར་ཁྲི་40,000གསར་སྣོན་བཀོད་སྒྲིག་བྱས་ནས་རྫོང་རིམ་པའི་གཞི་རྩའི་འབྱོར་སྟོབས་འགན་སྲུང་ལམ་སྲོལ་འཛུགས་རྒྱུ། མཐའ་མཚམས་ས་ཁུལ་ལ་སྒྱུར་སྤྲོད་མ་དངུལ་སྒོར་ཁྲི་69,100བཀོད་སྒྲིག་བྱེད་རྒྱུ་ཡིན་པས་སྒོར་ཁྲི་7,600མང་དུ་བཏང་ཞིང་། དེ་ས་ཡུལ་དང་པོ་དང་གཉིས་པའི “ཀུན་ཕན་རང་བཞིན ”གྱི་མཐའ་མཚམས་མང་ཚོགས་ལ་ཁ་གསབ་རོགས་དངུལ་སྤྲོད་རྒྱུའི་ཚད་གཞི་དེ་ཁག་སོ་སོར་ལོ་རེར་མི་རེར་ཆ་སྙོམས་སྒོར་1,200དང་སྒོར་1,000ཡིན་པ་ནས་སྒོར་1,400དང་1,200ལ་སྤོར་རྒྱུ། གཞི་རིམ་ནོར་སྲིད་ལ་བྱ་དགའི་མ་དངུལ་སྒོར་ཁྲི་35,000སྤྲོད་རྒྱུ་དང་། ནུབ་རྒྱུད་སྲིད་དབང་འཛུགས་སྐྱོང་དང་གཞི་རིམ་སྲིད་དབང་འཛུགས་སྐྱོང་བྱེད་རྒྱུའི་ཐད་མ་དངུལ་སྒོར་ཁྲི་33,757བཀོད་སྒྲིག་བྱེད་རྒྱུ་ཡིན།
འཐུས་མི་རྣམ་པ། 2014ལོ་ནི་ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་བསྒྱུར་བཅོས་བཀོད་སྒྲིག་ཁག་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པའི་ལོ་དང་པོ་དེ་ཡིན་ལ “ལོ་ལྔ་ཚན་བཅུ་གཉིས་པའི ”འཆར་འགོད་ལག་བསྟར་བྱེད་རྒྱུར་སྔ་འཛིན་ཕྱི་གཏོད་བྱེད་པའི་འགག་རྩའི་ལོ་ཞིག་ཀྱང་ཡིན། ང་ཚོས་ལྗོངས་ཏང་ཨུད་ཀྱི་ཡང་དག་པའི་འགོ་ཁྲིད་འོག་རང་འགུལ་ངང་མི་དམངས་འཐུས་ཚོགས་ཀྱི་འཐུས་མིའི་ལྟ་སྐུལ་དང་ལེན་ཞུ་རྒྱུ་དང་། ཁེངས་སྐྱུང་ངང་སྲིད་གྲོས་ཨུ་ཡོན་གྱི་བསམ་འཆར་དང་གྲོས་འཆར་ཉན་ནས་ནོར་ཁྲལ་ལམ་ལུགས་བསྒྱུར་བཅོས་གཏིང་ཟབ་བྱས་ཏེ་ལམ་ལུགས་ཚགས་ཚུད་དང་། འགན་དབང་ཁ་གསལ། ལག་བསྟར་ཚད་ལྡན། སྔོན་རྩིས་གསལ་ཆ་ཆེ་བ། ནུས་ཕྱོད་ཆེར་གཏོང་བཅས་ཡོང་བ་བྱས་ཐོག་སྔོན་རྩིས་ཡོངས་སུ་ལེགས་གྲུབ་ཐུབ་རྒྱུའི་འགན་ལེན་བྱས་ཏེ་2014ལོའི་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གཏོང་རྒྱུའི་དམིགས་ཚད་མངོན་གྱུར་ཐུབ་ཆེད་ལེགས་སྐྱེས་འབུལ་རྒྱུ་ཡིན།
(བོད་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་པའི་ཚོགས་འདུ་ཐེངས་གཉིས་པའི་དྲུང་ཡིག་ཁྲུའུ་ནས )
འགན་འཁུར་རྩོམ་སྒྲིག་པ། admin
བོད་ལྗོངས་ཉིན་རེའི་ཚགས་པར་གྱི་པར་དབང་རང་བདག་ཡིན་པས་གན་རྒྱ་དང་དབང་ཆ་སྤྲད་མེད་ཚེ་དྲ་ཐོག་ནས་ཕབ་མི་ཆོག
སྡོད་གནས། བོད་རང་སྐྱོང་ལྗོངས་ལྷ་ས་གྲོང་ཁྱེར་རྡོ་སེང་གེ་ལམ་སྒོ་ཨང་༣༦ སྦྲག་ཨང། ༨༥༠༠༠༠ ཁ་པར། ༠༨༩༡-༦༣༣༡༠༨༩ བརྙན་སྐྱེལ། ༠༨༩༡-༦༣༣༡༠༨༩
བཟོ་མཁན་ལས་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།
ཐོ་བདག་ཨང་། བོད་ICPཐོ་ཨང་༠༩༠༠༠༧༣༣