བོད་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོཌ་སྐབས་བཅུ་པའི་ནོར་སྲིད་དཔལ་འབྱོར་ཨུ་ལྷན་གྱི་ཞིབ་བཤེར་བྱས་འབྲས་སྙན་ཞུ།
བོད་ཀྱི་2013ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོཌ་གོང་འཕེལ་གཏོང་ཕྱོཌ་ཀྱི་འཆར་གཞི་ལག་བསྟར་བྱས་ཚུལ་དང་2014ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོཌ་གོང་འཕེལ་གཏོང་ཕྱོཌ་ཀྱི་འཆར་གཞིའི་འཆར་ཟིན་སྐོར་གྱི་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོཌ་སྐབས་བཅུ་པའི་ནོར་སྲིད་དཔལ་འབྱོར་ཨུ་ལྷན་གྱི་ཞིབ་བཤེར་བྱས་འབྲས་སྙན་ཞུ།
(2014ལོའི་ཟླ་དང་པོའི་ཚེས་11ཉིན་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་པའི་ཚོགས་འདུ་ཐེངས་གཉིས་པའི་ཀྲུའུ་ཞི་ཚོགས་པའི་ཚོགས་འདུ་ཐེངས་གཉིས་པའི་ཐོག་གྲོས་འཆམ་བྱུང་བ )བོད་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོཌ་ནོར་སྲིད་དཔལ་འབྱོར་ཨུ་ལྷན་གྱི་ཀྲུའུ་རེན་ཨུ་ཡོན། ཨོ་རྒྱན་ཕུན་ཚོཌ་ནས།
ཚོགས་ཆེན་གྱི་ཀྲུའུ་ཞི་ཚོགས་པར།
བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་པའི་ཚོགས་འདུ་ཐེངས་གཉིས་པའི་ཐོག་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་ནས་བཏོན་པའི 《བོད་རང་སྐྱོང་ལྗོངས་ཀྱི་2013ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གཏོང་ཕྱོགས་ཀྱི་འཆར་གཞི་ལག་བསྟར་བྱས་ཚུལ་དང་2014ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གཏོང་ཕྱོགས་ཀྱི་འཆར་གཞིའི་འཆར་ཟིན་སྙན་སྒྲོན 》དང་བོད་རང་སྐྱོང་ལྗོངས་ཀྱི་2014ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གཏོང་ཕྱོགས་ཀྱི་འཆར་གཞིའི་འཆར་ཟིན་ལ་ཞིབ་བཤེར་བྱས་པ་རེད། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་པའི་ནོར་སྲིད་དཔལ་འབྱོར་ཨུ་ཡོན་ལྷན་ཁང་གིས་འཆར་གཞིའི་སྙན་ཞུ་དང་འཆར་གཞིའི་འཆར་ཟིན་ལ་ཞིབ་བཤེར་ཐོག་མ་བྱས་ཤིང་། ཕྱོགས་མང་པོའི་ཐད་ནས་འབྲེལ་ཡོད་རིགས་གཅིག་མཁས་ཅན་དང་སྡེ་ཚན་གྱི་བསམ་འཆར་ཉན་ལེན་བྱས་པ་དང་སྦྲགས་འཐུས་མིའི་ཚོགས་པ་ཁག་གི་ཞིབ་བཤེར་བསམ་འཆར་ལ་གཞིགས་ཏེ་བསྐྱར་དུ་ཞིབ་བཤེར་བྱས་པ་ཡིན། ད་ལྟ་ཞིབ་བཤེར་བྱས་འབྲས་སྙན་སེང་ཞུ་རྒྱུ་གཤམ་གསལ།
ནོར་སྲིད་དཔལ་འབྱོར་ཨུ་ཡོན་ལྷན་ཁང་གིས་ངོས་འཛིན་བྱས་དོན། 2013ལོར་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་སྣེ་ཁྲིད་དེ་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་དང་། སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་གསུམ་པའི་དགོངས་དོན། ལྗོངས་ཏང་ཨུད་ཀྱི་སྐབས་བརྒྱད་པའི་ཨུ་ཡོན་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་བཅས་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་གལ་ཆེའི་གསུང་བཤད་རབ་དང་རིམ་པའི་དགོངས་དོན། བོད་ཀྱི་ལས་དོན་སྐོར་གྱི་གལ་ཆེའི་མཛུབ་སྟོན་གྱི་དགོངས་དོན། ལྷག་པར་དུ “རྒྱལ་ཁབ་སྐྱོང་བར་ངེས་པར་དུ་མཐའ་མཚམས་སྐྱོང་དགོས་པ་དང་མཐའ་མཚམས་སྐྱོང་བར་སྔོན་ལ་བོད་ལྗོངས་བརྟན་ལྷིང་ཡོང་བ་བྱེད་དགོས ”པའི་གལ་ཆེའི་འཐབ་ཇུས་ཀྱི་དགོངས་པ་ལག་བསྟར་དོན་འཁྱོལ་བྱས་པ། ཀྲུའུ་ཞི་ཡུས་ཀྲེང་ཧྲེང་གི “བོད་ལྗོངས་ཁྲིམས་བཞིན་སྐྱོང་བ་དང་བོད་ལྗོངས་ཡུན་རིང་འཛུགས་སྐྲུན་བྱེད་དགོས་པའི ”མཛུབ་སྟོན་གྱི་བླང་བྱ་ལག་བསྟར་དོན་འཁྱོལ་བྱས་པ། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་པའི་ཚོགས་འདུ་ཐེངས་དང་པོའི་ཐོག་ཆོག་མཆན་གནང་བའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གཏོང་ཕྱོགས་ཀྱི་འཆར་གཞི་ལག་བསྟར་ནན་ཏན་བྱས་པ། བརྟན་ཐོག་ཡར་བརྩོན་བྱེད་རྒྱུ་རྒྱུན་འཁྱོངས་བྱས་ནས་འཕར་སྣོན་བརྟན་པོ་ཡོང་བ་དང་། གྲུབ་ཆ་ལེགས་སྒྲིག བསྒྱུར་བཅོས་ལ་སྐུལ་འདེད། དམངས་འཚོར་ཕན་འདོགས་པ་བཅས་བྱས་པར་བརྟེན་དཔལ་འབྱོར་འཁོར་རྒྱུག་ཐད “བརྟན་པོ་གཅིག་དང་། མགྱོགས་པ་གཉིས། ཆེ་བ་གསུམ། ལེགས་འགྱུར་བཞི ”བཅས་ཀྱི་ཁྱད་ཆོས་མངོན་ཡོད་པས་ལོ་ཧྲིལ་པོའི་དམིགས་ཚད་ཁག་མངོན་འགྱུར་ལེགས་པོ་བྱུང་ཡོད། སྔོན་དཔག་ལྟར་ན། ལྗོངས་ཡོངས་ཀྱི་ཐོན་སྐྱེད་སྤྱིའི་རིན་ཐང་སྒོར་དུང་ཕྱུར་802ཟིན་ནས་12.5%འཕར་ཡོད་པ་དང་། སྤྱི་པའི་ནོར་སྲིད་སྔོན་རྩིས་ཀྱི་ཡོང་སྒོ་སྒོར་དུང་ཕྱུར་95ཟིན་ནས་18.6%འཕར་ཡོད་པ། སྤྱི་ཚོགས་ཡོངས་ཀྱི་གཏན་འཇགས་རྒྱུ་ནོར་མ་དངུལ་སྒོར་དུང་ཕྱུར་910ཟིན་ནས་28%འཕར་ཡོད་པ། སྤྱི་ཚོགས་ཀྱི་འཛད་སྤྱོད་ཐོན་རྫས་སིལ་འཚོང་སྤྱི་འབོར་སྒོར་དུང་ཕྱུར་289ཟིན་ནས་16%འཕར་ཡོད་པ། ཞིང་འབྲོག་མང་ཚོགས་ཀྱི་མི་རེའི་ཆ་སྙོམས་འབབ་སྨར་སྒོར་6520ཟིན་ནས་14%འཕར་ཡོད་པ། གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མིའི་ལག་ཐོག་དངུལ་སྨར་སྒོར་20192ཟིན་ནས་11%འཕར་ཡོད་པ། གྲོང་མིའི་འཛད་སྤྱོད་རིན་གོང་འཕར་ཚད་དང་གྲོང་ཁྱེར་གྲོང་རྡལ་གྱི་ལས་ཤོར་ཐོ་འགོད་བྱེད་ཚད་3.5%དང་2.5%ནང་ཚུན་དུ་ཚོད་འཛིན་བྱས་པ་བཅས་བྱས་ཡོད། ལྗོངས་ཡོངས་ཀྱི་དཔལ་འབྱོར་སྤྱི་ཚོགས་ཀྱི་དཔལ་འབྱོར་འཕར་སྣོན་མགྱོགས་པ་དང་། མ་འཇོག་བྱེད་ཤུགས་ཆེ་བ། ཡིད་རྟོན་དངུལ་བུན་གཏོང་འབོར་ཆེ་བ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་འབབ་འཕར་མགྱོགས་པ། མི་དམངས་ཀྱི་འཚོ་བར་རྒྱུན་མཐུད་ལེགས་བཅོས་བྱུང་བ། སྤྱི་ཚོགས་ཞི་མཐུན་བརྟན་ལྷིང་ཡོང་བ་བཅས་ཀྱི་དུས་བབ་བཟང་པོ་མངོན་ཡོད། དུས་མཚུངས་རིག་པ་དྭངས་གསལ་གྱི་སྒོ་ནས་མཐོང་དགོས་པ་ནི། རང་ལྗོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གཏོང་བའི་ཁྲོད་ད་དུང་མངོན་ཆེའི་དཀའ་ངལ་དང་གནད་དོན་འགའ་ཞིག་ཡོད་པ་སྟེ། རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་སྔར་བས་ཤུགས་སྣོན་རྒྱག་དགོས་པ་དང་། ཐོན་ལས་གོང་འཕེལ་གཏོང་བའི་ཆུ་ཚད་སྔར་བས་མཐོ་རུ་གཏོང་དགོས་པ། གྲུབ་ཆ་ལེགས་སྒྲིག་ལ་སྔར་བས་ལེགས་སྒྱུར་བྱེད་དགོས་པ། གོང་འཕེལ་གཏོང་བའི་ཁོར་ཡུག་སྔར་བས་ལེགས་བཅོས་བྱེད་དགོས་པ་བཅས་ཡིན།
ནོར་སྲིད་དཔལ་འབྱོར་ཨུ་ཡོན་ལྷན་ཁང་གིས་ངོས་འཛིན་བྱས་དོན། རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་ནས་བཏོན་པའི་2014ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གྱི་འཆར་གཞིའི་སྙན་སྒྲོན་དང་འཆར་གཞིའི་འཆར་ཟིན་དེ་རང་ལྗོངས་ཀྱི་དཔལ་འབྱོར་སྤྱི་ཚོགས་གོང་འཕེལ་གྱི་དོན་དངོས་དང་འཚམ་པ་དང་། དམིགས་ཚད་གཙོ་བོ་དང་སྤྱིའི་བཀོད་སྒྲིག་ནི་ལག་བསྟར་བྱེད་རུང་བ་ཞིག་ཡིན་པས་རང་སྐྱོང་ལྗོངས་སྐབས་བཅུ་པའི་མི་དམངས་འཐུས་མི་ཚོགས་ཆེན་གྱི་ཚོགས་འདུ་ཐེངས་གཉིས་པའི་ཐོག་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་ནས་བཏོན་པའི 《བོད་རང་སྐྱོང་ལྗོངས་ཀྱི་2013ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གྱི་འཆར་གཞི་ལག་བསྟར་བྱས་ཚུལ་དང་2014ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གྱི་འཆར་གཞིའི་འཆར་ཟིན་གྱི་སྙན་སྒྲོན 》དང་། 2014ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གྱི་འཆར་གཞིའི་འཆར་ཟིན་ལ་ཆོག་མཆན་གནང་རྒྱུའི་གྲོས་འཆར་འདོན་རྒྱུ་ཡིན།
2014ལོ་ནི་ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ་དང་ཕྱོགས་ཡོངས་ནས་བསྒྱུར་བཅོས་གཏིང་ཟབ་བྱེད་འགོ་ཚུགས་པའི་ལོ་ཞིག་ཡིན་ལ། “ལོ་ལྔ་ཚན་བཅུ་གཉིས་པའི ”འཆར་འགོད་དམིགས་ཚད་ལས་འགན་ཁག་ལེགས་གྲུབ་བྱེད་པའི་འགག་སྒྲོལ་གྱི་ལོ་ཞིག་ཀྱང་ཡིན། 2014ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གྱི་འཆར་གཞིའི་དཔལ་འབྱོར་དམིགས་ཚད་ཁག་ལེགས་གྲུབ་ཐུབ་པའི་འགན་ལེན་བྱེད་ཆེད་ནོར་སྲིད་དཔལ་འབྱོར་ཨུ་ལྷན་ནས་གྲོས་འཆར་འདོན་རྒྱུ་གཤམ་གསལ།
(གཅིག ) སྔར་ལས་ལྷག་པའི་སྒོ་ནས་གྲུབ་ཆ་ལེགས་སྒྱུར་བྱས་ནས་གོང་འཕེལ་གཏོང་ཤུགས་ཆེ་རུ་གཏོང་རྒྱུ། བརྟན་ཐོག་ཡར་བརྩོན་དང་བརྟན་ཐོག་ལེགས་བཅོས་བྱེད་རྒྱུ་རྒྱུན་འཁྱོངས་ཀྱིས་གཅིག་གྱུར་འཆར་འགོད་དང་མཐུན་སྦྱོར་བྱེད་ནུས་ཤུགས་ཆེར་གཏོང་བ་དང་། སྙོམས་སྒྲིག་ཚོད་འཛིན་བྱེད་ཐབས་འཐུས་ཚང་དུ་གཏོང་བ། དཔལ་འབྱོར་གྲུབ་ཆ་ལེགས་སུ་གཏོང་བ། ཁྱད་ལྡན་ཐོན་ལས་གོང་འཕེལ་དང་བཟང་ཆའི་ཐོན་ཁུངས་སྒྱུར་ཚད་མགྱོགས་སུ་གཏོང་བ། ཐོན་ལས་ཀྱི་འཁོར་འབྲེལ་རིང་དུ་གཏོང་བ། ཟུར་སྣོན་རིན་ཐང་མཐོ་རུ་གཏོང་བ་བཅས་བྱས་ནས་ཐོན་ལས་དང་པོ་རིམ་འཕར་ཤུགས་ཆེ་ཡོང་བ་བྱེད་རྒྱུ། གསར་སྤེལ་དང་སྲུང་སྐྱོབ་གལ་ཆེ་མཉམ་འཛིན་བྱེད་པའི་རྩ་དོན་རྒྱུན་འཁྱོངས་ཀྱིས་འགྲན་རྩོད་དང་སྐུལ་ཁྲིད་བྱེད་པའི་ཁྱད་ལྡན་ཐོན་ལས་གསོ་སྤེལ་བྱེད་རྒྱུར་རོགས་སྐྱོར་ཤུགས་ཆེ་བྱས་ནས་དམངས་གཉེར་དཔལ་འབྱོར་གྱི་གསོན་ཤུགས་ཆེ་རུ་བཏང་སྟེ་ཐོན་ལས་གཉིས་པ་སྟོབས་ཆེར་གཏོང་རྒྱུར་ཤུགས་རྒྱག་རྒྱུ། ཡུལ་སྐོར་གོང་འཕེལ་གཏོང་བའི་ཁོར་ཡུག་རྒྱུན་ཆད་མེད་པར་ལེགས་སུ་བཏང་ནས་ཡུལ་སྐོར་ལས་རིགས་ཀྱི་ཁྲིད་སྟོན་དང་ཁྱབ་འགྱེད་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ་དང་། ཡུལ་སྐོར་ལ་བརྟེན་ནས་དམངས་ཕྱུག་དམངས་ཕན་ཡོང་བར་སྐུལ་འདེད་གཏོང་བ། ཞབས་ཞུའི་ལས་རིགས་གོང་འཕེལ་གང་མགྱོགས་ཡོང་བར་ཕྱོགས་ཡོངས་ནས་སྐུལ་ཁྲིད་བྱེད་པ་བཅས་བྱས་ནས་ཐོན་ལས་གསུམ་པ་སྟོབས་ཆེར་གཏོང་རྒྱུ་བཅས་ཡིན།
(གཉིས ) སྔར་ལས་ལྷག་པའི་སྒོ་ནས་བྱ་ཐབས་ཤུགས་ཆེར་བཏང་ནས་འབྲུ་རིགས་ཐད་གནད་དོན་མི་ཐོན་པ་བྱེད་རྒྱུ། ཞིང་ལས་ལ་ཤུགས་སྣོན་དང་། ཞིང་པར་ཕན་སྦྱར། ཞིང་པ་ཕྱུག་འགྱུར་ཡོང་བའི་སྲིད་ཇུས་བྱ་ཐབས་ཁག་འཐུས་ཚང་དུ་གཏོང་བ་དང་། ཞིང་འབྲོག་ལས་ཀྱི་གཉེར་སྐྱོང་མ་ལག་གསར་པ་གང་མགྱོགས་བཙུགས་ཐོག་ཁྱིམ་ཚང་གིས་གཉེར་སྐྱོང་དང་། མཉམ་སྡེབ་ཀྱིས་གཉེར་སྐྱོང་། མཉམ་ལས་ཀྱིས་གཉེར་སྐྱོང་། ཁེ་ལས་ཀྱིས་གཉེར་སྐྱོང་བྱེད་པ་སོགས་ཀྱི་གོང་འཕེལ་གཏོང་ཐབས་ལ་སྐུལ་འདེད་བཏང་ཞིང་། ཞིང་འབྲོག་མང་ཚོགས་ཀྱི་འབབ་འཕར་ཐབས་ལམ་རྒྱ་ཆེར་བཏང་ནས་ཞིང་འབྲོག་མང་ཚོགས་ཀྱི་ལོ་རེའི་མི་རེའི་ཆ་སྙོམས་འབབ་སྨར་13%ཡན་འཕར་ཐུབ་པའི་འགན་ལེན་བྱེད་རྒྱུ། ཞིང་འབྲོག་ཐོན་ལས་བཀོད་སྒྲིག་བྱེད་ཚུལ་ལེགས་སྒྱུར་བྱེད་པ་དང་། ཞིང་འབྲོག་ལས་ཀྱི་ཚན་རྩལ་གསར་གཏོད་དང་གྲུབ་འབྲས་དངོས་སྒྱུར་གྱི་ནུས་པ་ཟམ་མི་ཆད་པར་ཆེ་རུ་བཏང་ཐོ། ཞིང་ཕྱུགས་ཐོན་རྫས་ལ་གནོད་སྐྱོན་མི་ཡོང་བ་དང་རྨོ་ཞིང་མུའུ་ཁྲི་530ཡི་དམར་ཐིག་འགན་སྲུང་ཐུབ་པ་དང་འབྲུ་རིགས་ལ་གནད་དོན་མི་ཐོན་པའི་འགན་ལེན་བྱས་ནས་འབྲུ་རིགས་ཐོན་འབོར་ཀྲོན་ཁྲི་97འགན་ལེན་ཐུབ་པ་བྱེད་རྒྱུ།
(གསུམ ) སྔར་ལས་ལྷག་པའི་སྒོ་ནས་རྣམ་གྲངས་ཀྱི་སྔོན་གྲབས་ལས་ཀར་སྐུལ་འདེད་བཏང་སྟེ་རྣམ་གྲངས་ཀྱི་ཕན་འབྲས་ཆེ་རུ་གཏོང་རྒྱུ། རྒྱལ་ཁབ་ཀྱིས་ཕྱོགས་ཡོངས་ནས་བསྒྱུར་བཅོས་གཏིང་ཟབ་བྱེད་པའི་གོ་སྐབས་དམ་འཛིན་བྱས་ཏེ་རྒྱལ་ཁབ་སྦྲེལ་ཡོད་པུའུ་ཨུད་ལ་སྙན་སེང་ཞུ་རྒྱུ་དང་རང་འགུལ་ངང་འབྲེལ་མཐུད་བྱེད་རྒྱུར་མུ་མཐུད་ཤུགས་སྣོན་བརྒྱབ་ཐོག་རྣམ་གྲངས་ཀྱི་མ་དངུལ་རག་ཐབས་དང་དོན་འཁྱོལ་ཡོང་བར་སྐུལ་འདེད་གཏོང་བ་དང་། རྣམ་གྲངས་ལས་དོན་གྱི་འགན་འཁྲིའི་ལམ་ལུགས་ལག་བསྟར་ནན་པོ་བྱས་ཐོག རྣམ་གྲངས་མ་དངུལ་གྱི་ལྟ་སྡོམ་བྱེད་ཤུགས་ཆེ་རུ་གཏོང་རྒྱུ་དང་། འཛུགས་སྐྲུན་གྱི་ཁོར་ཡུག་ལེགས་བཅོས་བྱེད་རྒྱུར་ཤུགས་བརྒྱབ་སྟེ “ལོ་ལྔ་ཚན་བཅུ་གཉིས་པའི ”འཆར་འགོད་ནང་རྣམ་གྲངས་འགོ་ཚུགས་ཐུབ་མེད་པ་ཚང་མ་འགོ་ཚུགས་ཐུབ་པའི་བརྩོན་ལེན་བྱེད་རྒྱུ།
(བཞི ) སྔར་ལས་ལྷག་པའི་སྒོ་ནས་སྤྱི་ཚོགས་བྱ་གཞག་ལ་སྐུལ་འདེད་བཏང་སྟེ་གོང་འཕེལ་དོ་སྙོམས་ཡོང་བ་བྱེད་རྒྱུ། ཚན་སློབ་ལ་བརྟེན་ནས་བོད་ལྗོངས་དར་རྒྱས་དང་ཤེས་ལྡན་པར་བརྟེན་ནས་རང་ལྗོངས་སྟོབས་ཆེར་གཏོང་བའི་འཐབ་ཇུས་མུ་མཐུད་ལག་བསྟར་བྱས་ཏེ་སློབ་གསོའི་མཐུན་རྐྱེན་བཟང་པོའི་ཁྱབ་ཚད་ཆེ་རུ་གཏོང་རྒྱུ་དང་། རིག་གནས་ཐོན་ལས་འཕེལ་རྒྱས་གང་མགྱོགས་སུ་བཏང་ནས་ཁྱད་ཆོས་ལྡན་པའི་རིག་གནས་དར་ཆའི་ཁུལ་བསྐྲུན་རྒྱུ། སྨན་བཅོས་འགན་ལེན་ནུས་པར་གཅིག་གྱུར་འཆར་འགོད་ཀྱིས་ཞིང་འབྲོག་ཁུལ་གྱི་སྨན་བཅོས་དང་རྒན་གསོ་འགན་བཅོལ་མ་ལག་འཐུས་སྒོ་ཚང་དུ་བཏང་སྟེ་བོད་ལྗོངས་དང་རྒྱལ་ཡོངས་དབར་སྦྲེལ་མཐུད་བྱེད་པའི་དོ་དམ་དང་ཞབས་ཞུའི་མ་ལག་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་རྒྱུ།
(ལྔ ) སྔར་ལས་ལྷག་པའི་སྒོ་ནས་འགན་ནུས་བརྗེ་སྒྱུར་གྱིས་ཁྲིད་སྟོན་ནུས་པ་ཤུགས་ཆེར་གཏོང་རྒྱུ། ཕྱོགས་ཡོངས་ནས་བསྒྱུར་བཅོས་གཏིང་ཟབ་ཀྱིས་སྲིད་གཞུང་གི་འགན་ནུས་བརྗེ་སྒྱུར་དང་སྤྱོད་ཚུལ་ལེགས་སྒྱུར་ལ་སྐུལ་འདེད་བཏང་ཐོ། སྲིད་འཛིན་གྱི་ཞིབ་མཆན་འགོད་ཐབས་སྟབས་བདེ་རུ་བཏང་ནས་སྲིད་གཞུང་གི་གཞི་ཆེའི་སྟངས་འཛིན་ནུས་པ་ཤུགས་ཆེ་གཏོང་རྒྱུ། རྒྱུ་ནོར་བདག་དབང་གི་སྲུང་སྐྱོབ་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་བ་དང་། གཞུང་ཁོངས་ཁེ་ལས་ལ་བསྒྱུར་བཅོས་གང་མགྱོགས་བྱས་ཐོ། གྲོང་ཁྱེར་གྲོང་རྡལ་ཅན་དུ་འགྱུར་རྒྱུར་གོམ་པ་བརྟན་པོའི་ངང་སྐུལ་འདེད་གཏོང་རྒྱུ་དང་། གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མིའི་ལས་ཞུགས་དང་འབབ་འཕར་ཡོང་བའི་ནུས་པ་རྒྱུན་ཐོན་གྱི་ལམ་སྲོལ་འཛུགས་པ་དང་འཐུས་ཚང་དུ་བཏང་སྟེ་གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མིའི་ལག་ཐོག་ཡོང་འབབ་དངོས་འབྲེལ་འཕར་ཐུབ་པ་དང་། ཐབས་བརྒྱ་ཇུས་སྟོང་གིས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མི་ལས་ཞུགས་ཐུབ་པར་སྐུལ་འདེད་བཏང་ནས་གྲོང་ཁྱེར་གྲོང་རྡལ་གྱི་ལས་ཤོར་ཐོ་འགོད་བྱེད་ཚད་དེ་2.5%ནང་ཚུན་དུ་ཚོད་འཛིན་ཐུབ་པ་བྱེད་རྒྱུ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་འཛད་སྤྱོད་བྱེད་རྒྱ་ཆེ་རུ་གཏོང་བ་དང་། འཛད་སྤྱོད་ཀྱི་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་བཏང་སྟེ་གཞི་རྩའི་འཚོ་བའི་དགོས་མཁོ་དང་ཚགས་ཤ་ལུག་ཤའི་གྲབས་གསོག་བྱེད་ཤུགས་ཆེ་རུ་བཏང་ཐོག་ཟོག་གོང་ཚོད་འཛིན་ནུས་ལྡན་ཐུབ་པ་བྱས་ཏེ་གྲོང་མིའི་འཛད་སྤྱོད་རིན་གོང་གི་སྟོན་གྲངས་4%ནང་ཚུན་དུ་ཚོད་འཛིན་ཐུབ་པ་བྱེད་རྒྱུ་བཅས་ཡིན། གོང་གསལ་སྙན་ཞུར་གྲོས་ཞིབ་གནང་རོགས།
(བོད་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་པའི་ཚོགས་འདུ་ཐེངས་གཉིས་པའི་དྲུང་ཡིག་ཁྲུའུ་ནས )
འགན་འཁུར་རྩོམ་སྒྲིག་པ། admin
བོད་ལྗོངས་ཉིན་རེའི་ཚགས་པར་གྱི་པར་དབང་རང་བདག་ཡིན་པས་གན་རྒྱ་དང་དབང་ཆ་སྤྲད་མེད་ཚེ་དྲ་ཐོག་ནས་ཕབ་མི་ཆོག
སྡོད་གནས། བོད་རང་སྐྱོང་ལྗོངས་ལྷ་ས་གྲོང་ཁྱེར་རྡོ་སེང་གེ་ལམ་སྒོ་ཨང་༣༦ སྦྲག་ཨང། ༨༥༠༠༠༠ ཁ་པར། ༠༨༩༡-༦༣༣༡༠༨༩ བརྙན་སྐྱེལ། ༠༨༩༡-༦༣༣༡༠༨༩
བཟོ་མཁན་ལས་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།
ཐོ་བདག་ཨང་། བོད་ICPཐོ་ཨང་༠༩༠༠༠༧༣༣