དབུ་ཤོག>སྲིད་དོན།>སྲིད་གཞུང་ཡིག་ཆ།
  • བོད་ཀྱི་དགོན་སྡེའི་གྲྭ་བཙུན་རྣམ་པར་འཚམས་འདྲི་ཞུ་བའི་ཤིས་ཚིག

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།   |     སྤེལ་དུས།  2015-05-09

        བོད་ལྗོངས་ཀྱི་རྒྱ་ཆེའི་དགོན་སྡེའི་གྲྭ་བཙུན་རྣམ་པ།

        2014ལོའི་དཔྱིད་གསར་དུས་ཆེན་དང་བོད་ཤིང་རྟ་ལོའི་ལོ་གསར་འཆར་ཉེར་ཡོད་པའི་མཚམས་འདིར། ང་ཚོས་རང་སྐྱོང་ལྗོངས་ཏང་ཨུད་དང་། སྲིད་གཞུང་གི་ཚབ་ཞུས་ནས་ཁྱེད་རྣམ་པར་ལྷག་བསམ་ཟོལ་མེད་ཀྱི་དུས་ཆེན་གྱི་འཚམས་འདྲི་དང་ལོ་གསར་ལ་བཀྲ་ཤིས་སྨོན་འདུན་ཞུ་རྒྱུ་ཡིན།

        2013ལོར་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་རྣམས་མཐུན་སྒྲིལ་དང་སྣེ་ཁྲིད་དེ་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་དང་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་གསུམ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་གསུང་བཤད་གལ་ཆེན་རབ་དང་རིམ་པ། ལྷག་པར་དུ “རྒྱལ་ཁབ་སྐྱོང་བར་ངེས་པར་དུ་མཐའ་མཚམས་སྐྱོང་བ་དང་། མཐའ་མཚམས་སྐྱོང་བར་སྔོན་ལ་བོད་བརྟན་ལྷིང་ཡོང་བ་བྱེད་དགོས་པའི ”སྐོར་གྱི་འཐབ་ཇུས་གལ་ཆེན་གྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་པ། “ཁྲིམས་བཞིན་བོད་སྐྱོང་བ་དང་། དུས་ཡུན་རིང་པོས་བོད་སྐྲུན་རྒྱུའི ”སྐོར་གྱི་ཀྲུའུ་ཞི་ཡུས་ཀྲེང་ཧྲེང་གི་མཛུབ་ཁྲིད་བླང་བྱ་སློབ་སྦྱོང་དང་ལག་བསྟར་བྱེད་པ། “ལྟེ་བ་གཅིག་དང་། དོན་ཆེན་གཉིས། འགན་ལེན་བཞི ”བཅས་ལ་དམ་པོར་དམིགས་པ། ཀྲུང་གོའི་ཁྱད་ཆོས་ལྡན་པ་དང་བོད་ཀྱི་དམིགས་བསལ་ཁྱད་ཆོས་ལྡན་པའི་གོང་འཕེལ་གྱི་ལམ་བུའི་ཐོག་བསྐྱོད་རྒྱུ་མཐའ་འཁྱོངས་བཅས་བྱས་པས་ལྗོངས་ཡོངས་ཀྱི་དཔལ་འབྱོར་ལེགས་ལ་མྱུར་བའི་སྒོ་ནས་གོང་འཕེལ་དང་། དམངས་འཚོ་མངོན་གསལ་དོད་པོས་ལེགས་བཅོས། འབྱུང་ཁམས་ཁོར་ཡུག་ལེགས་བསྒྱུར། མི་རིགས་མཐུན་སྒྲིལ་ཡར་ཐོན། ཆོས་ལུགས་ཞི་མཐུན་དང་བསྟན་དོན་ལམ་ལྷོངས། སྤྱི་ཚོགས་འཆམ་མཐུན་བརྟན་ལྷིང་ཡོང་བ་བཅས་བྱས་པར་མཆོང་སྐྱོད་རྣམ་པའི་གོང་འཕེལ་དང་ཡུན་རིང་བདེ་འཁོད་ལ་སྐུལ་འདེད་གཏོང་རྒྱུའི་ལམ་བུའི་ཐོག་སླར་ཡང་སྲ་ཞིང་བརྟན་པའི་གོམ་སྟབས་སྤོ་ཐུབ་པ་བྱུང་ཡོད། ལྗོངས་ཡོངས་ཀྱི་རིམ་ཁག་ཚན་པ་ཁག་གིས་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་བཀོད་སྒྲིག་དང་བླང་བྱ་གཞིར་བཟུང་ཏང་གི་ཆོས་ལུགས་ལས་དོན་གྱི་གཞི་རྩའི་མཛད་ཕྱོགས་དང་རྒྱལ་ཁབ་ཀྱིས་ཆོས་ལུགས་ལས་དོན་ལ་དོ་དམ་བྱེད་པའི་ཁྲིམས་ལུགས་ཁྲིམས་སྲོལ་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་ཐུབ་པ་དང་། དགོན་སྡེའི་དོ་དམ་ལས་ཀར་ཤུགས་སྣོན་དང་གསར་གཏོད་བྱེད་རྒྱུ་གཏིང་ཇེ་ཟབ་ཏུ་གཏོང་བ། དགོན་སྡེའི “ཡོད་པ་དགུའི ”ལས་གཞི་ལག་བསྟར་བྱེད་མགྱོགས་སུ་གཏོང་བ། “ཁྱབ་པ་གཅིག ”དང “སློབ་གསོ་གཅིག ”“ཞབས་ཞུ་གཅིག ”སོགས་དགོན་ཕན་གྲྭ་ཕན་གྱི་བྱ་ཐབས་དོན་འཁྱོལ་བྱེད་པ། དགོན་སྡེའི་སྤྱི་པའི་ཞབས་ཞུའི་ཆུ་ཚད་གོང་མཐོར་གཏོང་བ། ཞི་མཐུན་དཔེ་བཟང་གི་དགོན་སྡེ་དང་རྒྱལ་གཅེས་ཁྲིམས་སྲུང་གི་སྔོན་ཐོན་གྲྭ་བཙུན་གཏོད་འདེམས་ཀྱི་གཟེངས་བསྟོད་བྱེད་སྒོ་སྤེལ་རྒྱུ་གཏིང་ཟབ་ཏུ་གཏོང་བ་བཅས་བྱས་ནས་རྒྱ་ཆེའི་གྲྭ་བཙུན་ཚོས་ཏང་དང་སྲིད་གཞུང་གི་ཐུགས་ཁུར་དང་དྲོ་སྐྱིད་ཚོར་ཐུབ་པ་བྱས་པ། སྒྱུར་བཅོས་གོང་འཕེལ་གྱི་འབྲས་བུ་ཐུན་མོང་ཐོག་ལོངས་སྤྱོད་ཐུབ་པ་བཅས་བྱས་ཕྱིན་རྒྱ་ཆེའི་གྲྭ་བཙུན་ཚོའི་དགའ་གུས་ཡིད་རངས་ཐོབ་ཡོད་པ་བཅས་རེད།

        འདས་ཟིན་པའི་ལོ་དེའི་ནང་ལྗོངས་ཡོངས་ཀྱི་རྒྱ་ཆེའི་དགོན་སྡེའི་གྲྭ་བཙུན་ཚོས་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་འབོད་སྐུལ་དང་ལེན་ཧུར་ཐག་ཞུ་བ་དང་། ཏང་གི་ཆོས་དད་རང་མོས་ཀྱི་སྲིད་ཇུས་ལ་བརྩི་སྲུང་མཐའ་གཅིག་ཏུ་ཞུ་བ། དགོན་སྡེའི་དོ་དམ་ཐད་ཤུགས་སྣོན་དང་གསར་གཏོད་བྱེད་རྒྱུར་རྒྱབ་སྐྱོར་དང་གཞོགས་འདེགས་ཧུར་ཐག་བྱེད་པ། བོད་བརྒྱུད་ནང་བསྟན་གྱི “རྒྱལ་གཅེས་ཆོས་གཅེས་དང་། སྒྲིག་བཀུར་ཁྲིམས་སྲུང་། སྡིག་སྤོང་དགེ་སྒྲུབ། ཞི་མཐུན་གོང་བཀུར། ཞི་བདེ་རེ་སྨོན ”བཅས་ཀྱི་སྲོལ་རྒྱུན་བཟང་པོ་རྒྱུན་འཛིན་དང་དར་སྤེལ་གཏོང་བ། རྒྱལ་གཅེས་རིང་ལུགས་ཀྱི་དར་ཆ་མཐོན་པོར་བསྒྲེངས་པ། ཁྲིམས་བཞིན་རྒྱུན་གཏན་ཆོས་ལུགས་ཀྱི་བྱེད་སྒོ་སྤེལ་བ། བོད་བརྒྱུད་ནང་བསྟན་ཆོས་ལུགས་ཀྱི་རྒྱུན་གཏན་སྒྲིག་ལམ་བཟོ་བ། རང་རྟོགས་ཀྱིས་ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པ་དང་དབྱེ་མཚམས་གསལ་པོ་འབྱེད་པ། རང་རྟོགས་ཀྱིས་མེས་རྒྱལ་གོང་བུ་གཅིག་གྱུར་དང་། མི་རིགས་མཐུན་སྒྲིལ། བོད་ཀྱི་བརྟན་ལྷིང་བཅས་སྲུང་སྐྱོང་བྱེད་པ། མེས་རྒྱལ་གོང་བུ་གཅིག་གྱུར་དང་། མི་རིགས་མཐུན་སྒྲིལ། སྤྱི་ཚོགས་ཞི་མཐུན་བཅས་ལ་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་མཁན་ཞིག་བྱེད་གང་ཐུབ་བྱེད་པ། ཆོས་ཀྱི་རྟོགས་པ་མཐོ་བ་དང་བོད་བརྒྱུད་ནང་བསྟན་དེ་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་འཚམ་མཐུན་ཡོང་བར་སྐུལ་མ་གཏོང་མཁན་གྱི་ཧུར་བརྩོན་པ་ཞིག་དང་། དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ། མི་རིགས་ཁག་གི་མང་ཚོགས་ཀྱི་ཐོན་སྐྱེད་འཚོ་བ་ལེགས་བཅོས་གཏོང་བའི་རང་རྟོགས་ཀྱི་ལག་ལེན་པ་ཞིག་བྱ་རྒྱུར་བརྩོན་ལེན་བྱེད་པ། ཏང་གཅེས་དང་། རྒྱལ་གཅེས། ཆོས་གཅེས་བཅས་ཀྱི་སྤྲོ་སེམས་འཕེལ་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་འགྲོ་བ། ཆོས་ལུགས་ཞི་མཐུན་དང་། བསྟན་དོན་ལམ་ལྷོངས། དགོན་སྡེ་འཆམ་མཐུན་གྱི་རྣམ་པ་ཉིན་རེ་བཞིན་ཇེ་ལེགས་སུ་འགྲོ་བ་བཅས་བྱུང་བར་ལྗོངས་ཡོངས་ཀྱི་སྤྱི་ཚོགས་ཀྱི་དུས་བབ་ཁྱོན་ཡོངས་ནས་རྒྱུན་སྲིང་དང་། ཞི་མཐུན། བརྟན་ལྷིང་བཅས་ལ་སྐུལ་འདེད་གཏོང་རྒྱུར་ལེགས་སྐྱེས་ཧུར་ཐག་ཕུལ་ཡོད་པས་འདིར་ཁྱེད་རྣམ་པར་བླ་ན་མེད་པའི་གུས་འདུད་དང་ལྷག་བསམ་ཟོལ་མེད་ཀྱི་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།

        2014ལོ་ནི་ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་དང་ཕྱོགས་ཡོངས་ནས་སྒྱུར་བཅོས་གཏིང་ཟབ་བྱ་རྒྱུ་འགོ་འཛུགས་ཀྱི་ལོ་ཞིག་ཡིན་ལ “ལོ་ལྔ་ཚན་བཅུ་གཉིས་པའི ”འཆར་འགོད་དམིགས་ཚད་ལས་འགན་ལེགས་སྒྲུབ་བྱེད་པའི་འགག་རྩའི་ལོ་ཞིག་ཀྱང་ཡིན། ལྗོངས་ཡོངས་ཀྱི་རྒྱ་ཆེའི་དགོན་སྡེའི་གྲྭ་བཙུན་ཚོས་སྔར་ལས་ལྷག་པའི་སྒོ་ནས་བོད་བརྒྱུད་ནང་བསྟན་ཆོས་ལུགས་ཀྱི་སྲོལ་རྒྱུན་བཟང་པོ་དར་སྤེལ་གཏོང་བ་དང་། དད་པ་བརྟན་པོ་དང་ཚུལ་ཁྲིམས་རྣམ་དག བསླབ་གསུམ་དོན་གཉེར་བཅས་བྱས་ནས་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་ལ་བརྩི་སྲུང་མཐའ་གཅིག་ཏུ་ཞུ་བ་དང་། སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་ལ་བརྩི་སྲུང་ཞུ་བ། མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་སྲུང་སྐྱོང་བྱེད་པ། ཀྲུང་གོའི་ཁྱད་ཆོས་དང་བོད་ཀྱི་དམིགས་བསལ་ཁྱད་ཆོས་ལྡན་པའི་གོང་འཕེལ་གྱི་ལམ་བུའི་ཐོག་བསྐྱོད་རྒྱུ་མཐའ་འཁྱོངས་བྱེད་པ། སྔ་ཕྱི་བར་གསུམ་དུ་ཏང་དང་སྲིད་གཞུང་དང་བློ་སེམས་གཅིག་མཐུན་དང་། བྱ་སྤྱོད་གཅིག་གྱུར། བསམ་སྦྱོར་གཅིག་མཐུན་བཅས་བྱེད་པ། བོད་བརྒྱུད་ནང་བསྟན་གྱི་རྒྱུན་གཏན་སྒྲིག་སྲོལ་སྲུང་སྐྱོང་ཏན་ཏིག་བྱེད་པ། བོད་ཀྱི་མི་རིགས་ཁག་གི་མི་དམངས་དང་མཉམ་དུ་སྤྱི་ཚོགས་ཀྱི་དུས་བབ་ཁྱོན་ཡོངས་ནས་རྒྱུན་སྲིང་བརྟན་ལྷིང་དང་། ཡུན་རིང་བདེ་འཁོད། ཕྱོགས་ཡོངས་ནས་བརྟན་ལྷིང་བཅས་ཡོང་བ་བྱས་ཏེ་བོད་ཀྱི་མཆོང་སྐྱོད་རྣམ་པའི་གོང་འཕེལ་དང་ཡུན་རིང་བདེ་འཁོད་ལ་སྐུལ་འདེད་གཏོང་རྒྱུར་དེ་བས་མང་བའི་བྱས་རྗེས་གསར་པ་འཇོག་དགོས། མཇུག་ཏུ་ལྗོངས་ཡོངས་ཀྱི་རྒྱ་ཆེའི་གྲྭ་བཙུན་རྣམ་པ་ལོ་གསར་པའི་ནང་བདེ་སྐྱིད་ཁམས་བཟང་དང་མཛད་འཕྲིན་ལམ་ལྷོངས་ཡོང་བའི་བཀྲ་ཤིས་སྨོན་འདུན་ཞུ་རྒྱུ་ཡིན།

        ཀྲུང་གུང་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི། ཁྲེན་ཆོན་གོ

        བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ཀྲུའུ་ཞི། བློ་བཟང་རྒྱལ་མཚན།

        2014ལོའི་ཟླ་1ཚེས་16ཉིན།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།